༄༅།།དེ་བཞིན་གཤེགས་པ་ལ་མེ་ཏོག་དབུལ་བའི་ཕན་ཡོན་བཅུ་ཡོད་དེ། 

བཅུ་གང་ཞེ་ན། 
༡ འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་། 
༢ དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་། 
༣ ལུས་ལ་དྲི་ང་བ་མེད་པར་འགྱུར་བ་དང་། 
༤ ལུས་ལ་དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང་།
༥  ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བར་འགྱུར་བ་དང་། 
༦ འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་། 
༧ ཡིད་དུ་འོང་བའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་། 
༨ ལོངས་སྤྱོད་ཆེ་བར་འགྱུར་བ་དང་། 
༩ མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། 
༡༠ མྱུར་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་བཅོམ་ལྡན་འདས་ཀྱིས་གསུངས་སོ།།



给如来佛供花的十好处



1.自身会变的如花一样有魅力

2.嗅觉永远不会失效。

3.消除自身的脏味。

4.自身会充满香气。

5.自身会有持戒香气。

6.世人围着你转。

7.得到心想之物。

8.获得更多福气。

9.获得善趣之体。

10.迅速成佛以上是如来佛所言的供花十好处。



翻译者:念光

༄༅། །དཀོར་བཟའ་ན་ཟ་ཚུལ་ཤེས་དགོས། ༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ།
༄༅། །རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་ཚང་།

འཇམ་དཔལ་དབྱངས་དངོས་ཐེག་མཆོག་དགེ་བའི་བཤེས།།
དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་པའི་མཐུས།།
ཟབ་དོན་གདམས་པའི་བཅུད་ཀྱིས་ཡོངས་གང་བའི།།
གཞུང་ལུགས་རྒྱ་མཚོར་འཇུག་ལ་གསོལ་བ་འདེབས།།

རང་ཅག་ཚོགས་ལ་སོང་ནས་ཐུག་པ་ཞིམ་པོ་ཞིག་འཐུང་བཞིན་འུར་དིར་བྱས་ནས་ཤི་བོ་ཡིན་ནམ་གསོན་པོ་ཡིན་ནམ་གང་ཡང་མི་ཤེས་པར་སྒོར་མོ་ཅི་ཙམ་ཡོད་བལྟས་ནས་མྱུར་མོར་རུམ་ལ་འཇུག་རྒྱུ་མ་གཏོགས་ཤི་གསོན་གང་ཡིན་ཡང་སྙིང་རྗེ་བསམ་ནས་བསམ་བློ་ཙམ་ཡང་མི་གཏོང་བ་ང་ལྟ་བུའི་འདྲེ་འདྲ་བ་མང་བོ་ཡོད། དཀོར་ཟ་རྒྱུར་རྔམ་མི་རུང་།  དཀོན་མཆོག་མཁྱེན། འདི་དག་ཐམས་ཅད་ཀྱི་རྣམ་ཤེས་ལ་ཅུང་ཙམ་རེ་ཡང་ཕན་ཨེ་ཐོགས་བསམ་ནས་མ་མཐར་ཡང་འདོན་པ་དེ་དག་ཡག་པོར་གསུངས་ནས་བླངས་ན་དྲག་རྒྱུ་རེད་མ་གཏོགས། ཐུག་པ་རྒྱགས་ཆད་པ་རེ་འཐུང་། སྒོར་མོ་སོགས་བླངས་ནས་བསམ་བྱ་དང་བསྒོམ་བྱ་ཅི་ཡང་མེད་པར་མཐའ་བ་(ཁྲོམ་རྭ)མར་སོང་ནས་སྒོར་མོ་རྣམས་ཆུད་ཟོས་སུ་བཏང་ན་སྡིག་པའི་སྟེང་དུ་སྡིག་པ་ཚབས་ཆེན་བསགས་པ་ཡིན་པས་དཀོར་ཟ་ན་ཟ་ཚུལ་ཤེས་དགོས། ཟ་ཚུལ་ཤེས་ནས་ཟོས་ན་ཅུང་ཙམ་ཡང་བ་དང་། ཟ་ཚུལ་མ་ཤེས་པར་ཟོས་ན་དཀོར་དེ་ཤིན་ཏུ་སྡིག་སྒྲིབ་ཆེ། ཐམས་ཅད་བུ་ལོན་ཡིན་པས་འཇལ་དགོས། འདུལ་བ་ན་འདི་ལྟར་གསུངས་ཡོད་དེ།  ཚུལ་ཁྲིམས་འཆལ་བ་རྣམས་ཀྱིས་དཀོར་ཟོས་པ་ཐམས་ཅད་པོ་ད་ལྟ་དོམ་བླངས་པ་ལྟ་བུ་ཡིན་པས། མ་འོངས་པ་ན་རང་གི་ཤ་དང་པགས་པའི་སྟེང་ནས་འཇལ་དགོས། བུ་ལོན་རེད། བུ་ལོན་ནོ། །འཆལ་ནོར་ལྕགས་གོང་འདྲ་གསུངས་ཡོད། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་བ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །སོགས་འདུལ་བ་ན་གསུངས་ཡོད། ཟླ་བ་རེ་རེའི་ནང་སོ་ཐར་གྱི་མདོ་བཏོན་ནས་གསོ་སྦྱོང་བྱེད་པའི་རྒྱུ་མཚན་ལ་དགོས་པ་ཆེན་པོ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཟླ་བ་ཕྱེད་ཕྱེད་ཅིང་སོ་ཐར་གྱི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གསུངས་ནས་སོ་ཐར་གྱི་མདོ་འདོན་པའི་སྐབས་སུ་ཐམས་ཅད་ཀྱིས་བསམ་བློ་བཏང་ན་ཤེས་རྒྱུ་ཡོད། དགེ་ཚུལ་སློང་ཡིན་ན་དགེ་ཚུལ་སློང་གི་ཚུལ་ཁྲིམས་ཡང་དག་པར་བསྲུངས་ནས་དཀོར་ཟོས་ན་ཟ་ཚུལ་ལྟར་ཟོས་པ་ཡིན། དེ་མིན་པར་ཚུལ་ཁྲིམས་ཁ་རལ་སྣ་རལ་དུ་བཏང་ནས་ཚུལ་ཁྲིམས་སྣ་གཅིག་བསྲུངས་པ་མེད་པར་ཧ་ལས་ལས་དང་ཨོ་བསོ་བསོ་བྱས་ནས་དཀོར་ཟོས་ན་ཤིན་ཏུ་ནས་ཀྱང་རྣམ་སྨིན་ལྕི་བ་མ་གཏོགས་ཡང་བ་གཏན་ནས་མེད་པས་ཐམས་ཅད་ཀྱིས་དེ་ཐུགས་ལ་ཟུངས།

གསལ་བཤད། སྐྱབས་འགྲོའི་བཀའ་ཟིན་འཇམ་དབྱངས་བླ་མའི་ཞལ་ལུང་ལས་བཤུས།

དཀར་དམར་མེ་ཏོག་འདབ་མ་སེམས་ལ་ལྷུང་།།
མཛེས་སྡུག་ངོམས་པའི་འོད་སྣང་མིག་ལ་ཕོག།
དྲི་མེད་སེམས་ཀྱི་དཔལ་ཡོན་རྟག་བརྟན་པའི།།
མ་ཡུམ་སློབ་གླིང་དུང་བ་སེམས་ལ་འདྲེས།།

༢༠༢༣ / ༩ / ༢ /❤️✌️


发布     👍 0 举报 写留言 🖊   
✋热门推荐
  • 没有一丁点荔枝和茉莉的香精味,能体验到的是现摘荔枝与茉莉花的自然清甜感觉原味:一入口饱满的米香马上就能感受到,柔和顺滑。不止体育圈,娱乐圈近年来,肉肉脸的女明星
  • 17.有趣,有盼,无灾,无难。14.希望所有的幸福都追随着你。
  • 舍弃吃糖炒栗子而选择生的栗子,不是真的吃不起,是开启了断舍离的开始,放弃女人、情爱,不是真的不想要了,是因为开始追求新的目标,超越自己,创造背离让周期的曲线更美
  • 德国拜耳拜灭士 蟑螂药 19.9~~德国拜耳拜灭士 蚂蚁药 19.9[月亮]这个世界上你认识的那么多的人,那么多人和你有关,你再是怎么的去改变也不能让每个人都喜
  • 目前还是只有第一季有中文配音,但是日文配音的梗也是十分值得一笑的,还没看过此神剧的童鞋们,墙裂建议你们可以去观看一番~[蛋糕][蛋糕][蛋糕]祝哥哥生日快乐仔细
  • (其实你的脾气比我还爆,对吧,暴龙)自从有了你以后,你就是我的记事本️由于我记性不好,你每天都要提醒我各种事情。爱你《银河系漫游指南4:再会,谢谢所有的鱼》/道
  • 请问你们都用了吗❓❓❓人气决定财气,会做人才能赚钱。胸怀有多广,人气就有多旺。
  • 说到George Michael,最熟悉他的莫过于他曾是著名二人组合威猛乐队(Wham!)成员之一,以及他们的经典之作《Last Christmas》。不他并非
  • 中国银行认为最差的情况,是市民害怕银行缺乏美元,涌到中银香港(2388)挤提,该行正研究长期被美国制裁的伊朗银行经验。是次法案内容比之前的《香港人权与民主法案》
  • 不对,你得养我!day4––【又是吃晚饭的[月亮]】相信不止只有我一个吃辣的烫的就开始流鼻涕,被唐大肚子称作“又开始吃卫生纸了”撑到不想坐地铁走回宿舍[吃瓜]作
  • 若‌你‌喜‌欢‌的‌人‌离‌开‌你‌,你‌也‌可‌以‌求‌姐‌姐‌,让‌他‌重‌新‌回‌到‌你‌身‌边‌,爱‌上‌你‌,从‌此‌离‌不‌开‌你‌ … 若‌你‌看
  • 卷六 青原下五世石霜诸禅师法嗣大光居诲禅师潭州大光山居诲禅师,京兆人也。初造石霜,长坐不卧。麻衣草屦,亡身为法。霜遂令主性空塔院。一日,霜知缘熟,试甚所得。问曰
  •   我只想,在你的志向和希望里,为你增加一点激励 我只想,在你懊丧和乏累时,能给你一些力气和志气 我只想,化作一方素馨的手帕,为你拭去额角的汗滴 我只想对你说:
  • 《贤愚因缘经 卷一》(北魏沙门慧觉译、新译圆照法师) 海神难问船人缘品第五 如是我闻。一时佛在舍卫国祇树给孤独园。尔时此国有五百贾客。入海采宝。自共议言。当
  •  ” 最好的年龄认识你,谢谢你让我有了成长的方向温柔的晚风,傍晚的晚霞,解暑的西瓜,冒泡的可乐,人间的美好多着呢,不要为眼前的黑暗所迷惑,你要相信自己配得上世间
  • ??
  • 还有一点我无法接受,欺骗咋子妈和王子的友谊,虽然我可以理解在工作上你们是对家,有嫉妒心很正常,但是面对王子的真诚,你是怎么能说出那些话的?如果你不喜欢中国,还想
  • 总喜欢坐在深秋的暖阳里,在烟火深处,品读最后的秋色……天青色等烟雨,而我在等你。这世间,总有一个安静的角落,开着一朵青花,它的花瓣儿在柔风中摇曳,和洁白的云朵一
  • #天津疫情##天津开学[超话]# 静海区疫情防控指挥部发布通告[话筒]按照市教委部署,9月13日我区将统一恢复线下教学(不含教育培训机构),所有师生员工凭24小
  • #宋威龙[超话]##宋威龙0325生日快乐##麦向威龙 年年都红# 对于22岁的你的祝福 是经历世事而不失少年的意趣 是能保持坚定和热爱 是依然能够为世间那