ནད་སོགས་ལམ་དུ་ཁྱེར་ཚུལ།

ཐོགས་མེད་ཀྱིས་མཛད།

ན་མོ་གུ་རུ།
བདག་གཞན་སྒྱུ་ལུས་ཀྱི་ཕུང་པོ་འདི།།
ན་ན་ན་སྟེ་ན་བས་དགའ།།
སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན།།
ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་།།
སྒྲིབ་གཉིས་སྦྱང་བའི་ཆེད་དུ་ཡིན།།

ན་བ་མེད་ན་མེད་དེ་དགའ།།
ལུས་སེམས་བདེ་ན་དགེ་སྦྱོར་འཕེལ།།
མི་ལུས་དོན་ཅན་བྱེད་པ་ཡང་།།
སྒོ་གསུམ་དགེ་ལ་སྦྱོར་བ་ཡིན།།

འབྱོར་བ་མེད་ན་མེད་དེ་དགའ།།
བསྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད།།
འཐབ་རྩོད་ཀྱི་ཁྲོ་འཁྲུགས་ཇི་སྙེད་པ།།
འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས།།

འབྱོར་པ་ཡོད་ན་ཡོད་དེ་དགའ།།
བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག།
འཕྲལ་ཕུགས་ཀྱི་ཕན་བདེ་ཇི་སྙེད་པ།།
བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས།།

མྱུར་དུ་ཤི་ན་ཤི་བས་དགའ།།
རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང་།།
མཚམས་སྦྱོར་གྱི་བག་ཆགས་བཟང་འགྲོགས་པས།།
མ་ནོར་གྱི་ལམ་དུ་ཚུད་པར་ངེས།།

ཡུན་དུ་གསོན་ན་གསོན་པས་དགའ།།
ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ།།
གདམས་ངག་གི་བརླན་དྲོད་མ་ཡལ་བར།།
ཡུན་དུ་བསྟེན་པས་སྨིན་པར་འགྱུར།།
གང་ཡིན་ཡང་དགའ་བ་སྒོམས་ཤིག་ཨང་།།
ཞེས་པ་ས་སྐྱར་དགེ་བཤེས་གཅིག་གིས་ནད་ལ་སོགས་པ་བྱུང་ན་ཇི་ལྟར་བྱེད་དྲིས་པའི་ལན་དུ། ནད་ལ་སོགས་པ་ལམ་དུ་འཁྱེར་ཚུལ་འདི། ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་བཀོད་པའོ།། །།སརྦ་མངྒ་ལཾ།། །།

འདི་དག་ཀྱང་ཉི་མ་ལ་སྟོད་མང་ཡུལ་གོང་ཐང་སྐྱིད་གྲུང་མཐིལ་གྱི་རྗེ་མི་ལའི་སྒྲུབ་གནས་མཇལ་བ་དེའི་སྐོར་ནས་གནས་རྩ་ཆེན་འགའ་ཞིག་ཡིན། ལྷན་རྒྱས་ལ་ཁོམ་པ་ཡོད་ན་མཇལ་ཙམ་གནང་རོགས་ཞུ།

མར་མི་དྭགས་གསུམ་གྱི་ཞབས་རྗེས་འཚོལ་བ་ཞེས་པའི་གནས་མཇལ་ལས། མང་ཡུལ་གོང་ཐང་སྐྱིད་རོང་སྨད་ཀྱི་རྗེ་མི་ལའི་སྒྲུབ་གནས་སྐོར་ལ་ཅུང་ཙམ་མཇལ་བའི་སྐོར་འདི་ན་བཀོད་ཡོད། ཁྱེད་ཚོ་ལ་ཁོམ་པ་ཡོད་ན་གཟིགས་འཚལ་ལགས།


发布     👍 0 举报 写留言 🖊   
✋热门推荐
  • ?医冠楚楚(女警察x男医生)15”师姐,你今天是轮休吧?
  • 嗯,因为我也不喜欢。是不是觉得我很是无辜。
  • !一点都不考虑中途长途跋涉?
  • 说幸福这个词好像特别俗,可我是真的觉得幸福,只要他不是回我“嗯”、“哦”、“好”这种平淡无奇的语气词,我就觉得自己是好甜一女的,我们有戏。后来他看我们有点走不动
  • 第二场以上三人也应该会继续缺席好消息是琼斯已经可以进行简单的对抗性训练了,考辛斯也可以了,杜兰特周四复查愿伤病远离所有人#杜兰特缺席西决G1# #NBA吐槽大会
  • 但是嗯好好珍惜吧高三,还有一年了,以后就不一样了,好好珍惜现在的一切一切[心]坤坤[米奇比心]向前走会成为真正的王[心]2019.6.8 周六 晴零点四十五左右
  • 最后就是我就知道你要蓝色衣服,就要图四这对鞋子…没问题,真的看到这个小妞,刚才不就找姓张这个臭小妞,吓死我宝宝,昨晚这样子一点都不可爱,就买她喜欢吃东西稍微哄她
  • 当然也想对你说一句"谢谢你,还有,请你继续往前走吧,以后的路会有更美好的生活在等你,更好的人等着你,你会有一个美好的未来。"我们都要加油,都要努力的过好自己余下
  • 上高中的时候,我摸着虎子的头,“我以后可能回来的次数越来越少了,你好好的看家。我不会训狗,我只知道抱着它,我遇到开心的事就对着它的耳朵说好多好多话,它就站在那里
  • 图五乌切洛绘画前做的透视草图,精确计算,打好格子,才继续作画)因为乌切洛是一位数学家、几何学家,所以,非常痴迷于透视法,可以通过精确的计算,将画中,每个人的比例
  • !真正爱他们的人会陪着他们一起度过所有好的坏的日子…不像你们打着爱他们爱他的名义做伤害他们指责他们的事[微笑]#GOT7#(对不起大家这可能疑似狗粮 微博就放一
  • 今天凑热闹陪我闫去暑期实践一天体会人间冷暖整个一层病房就发出去两张调查问卷一张问卷也就用时两分钟这让我又想起我在地铁站借手机被拒以及今天热搜那个在视频里痛哭流涕
  • 愿以今日放生的功德回向:愿佛法久驻,愿大恩上师五世香根活佛早日乘愿再来渡众生,愿以丹增根桑宁谢旺波仁波切(师公)为主的法界所有高僧大德善知识法体安康、长久驻世、
  • 讲座结束后,罗耀东教授和泗县部分书画家进行了现场书画创作,使广大爱好者切身感受了书画艺术的魅力,活动取得了良好的教育效果。罗耀东教授从魏晋与唐代人物画创作的时代
  • M_WORK:模因教育(MEME)表达文化中与基因对等的一个概念。任何一种可传播蔓延的想法、行为、风格或技能,都是一个模因。
  • 一个人走在路上,远离家人,远离朋友,虽然是为了磨砺自己,但是不可否认,还是会经常感觉疲劳,感觉无力,感觉孤独,刚开始还好,时间越久,这种感觉会越积越多,切不要说
  • 2018年SGU学生第一次参加美国医学执照考试 (USMLE) Step 1考试的通过率为96%,参加考试的SGU学生人数达到1200人。近期招生官免费申请咨询
  • 最近疲得慌 今天睡了接近一天但还是困得要死 真的怀疑自己得了嗜睡症[跪了] 一个期末打破规律生活 熬夜 不吃早饭 午睡还被各种打断 感觉自己都不太聪明了 暴雨
  • 圈子不同别硬凑 一味的讨好让人看来就像是个舔狗先假装的特别好 然后不高兴了就反过来骂我 我讨厌别人讨论我的家人 事情的经过就是 我的朋友帮我介绍的男朋友
  • ??