དུས་རབས་ཉི་ཤུ་པའི་དུས་མགོར་ཏུན་ཧོང་དང་ཐུ་ལའུ་ཧྥན། ཧེ་ཧྲུས་མཁར་སོགས་ནས་གནའ་རབས་ཀྱི་ཡིག་ཚགས་མང་པོ་གསར་དུ་རྙེད། དེ་ཡང་༡༩༠༠ལོར་ཏུན་ཧོང་གཏེར་མའི་བྲག་ཕུག་གི་སྒོ་ཕྱེ་བ་ཡིས་པོད་བཞི་ཁྲི་ལྷག་གི་གནའ་རབས་ཡིག་ཚགས་གསར་དུ་རྙེད། དེར་དུས་རབས་བཞི་བ་ནས་བཅུ་གཅིག་པའི་བར་བྲིས་པའི་རྒྱ་ཡིག་དང་དུས་རབས་བདུན་པ་ནས་དགུ་པའི་བར་བྲིས་པའི་བོད་ཡིག་ཡིག་ཚགས་འབོར་ཆེན་འདུས་པ་མ་ཟད། ཧེ་ཧུའུ་ཡི་གེ ཆིག་ཚུའི་ཡི་གེ ལི་ཡུལ་གྱི་ཡི་གེ རྒྱ་གར་གྱི་ཡི་གེ་སོགས་ཡིག་རིགས་སྣ་མང་པོའི་ཡིག་ཚགས་བྱུང་། དེ་ནས་བཤམ་དུ་ཏུན་ཧོང་མོ་ཀོ་ཁུའུ་དང་འབྲེལ་བའི་པར་རེས་འགའ་དང་ཏུན་ཧོང་མོ་ཀོ་ཁུའུ་ནས་ཡིག་ཚགས་དང་དངོས་པོ་རྣམས་དབྱིན་ཇི་དང་ཧྥ་རན་སིར་རྒྱལ་ཁབ་ཏུ་ཁྱེར་མཁན་ཐོག་མ་པོ་ཞིས་ཧིས་དང་སི་ཐན་དབྱིན། #敦煌莫高窟#

༅། །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲ་ཛྙ་པ་ར་མི་ཏཱ་ཧྲི་ད་ཡ། །བོད་སྐད་དུ། །བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ། བམ་པོ་གཅིག་གོ །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། །བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། །དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། །ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པ་འདོད་པ་དེས་ཇི་ལྟར་བསླབ་པར་བྱ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་ར་དྭ་ཏའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟར་རྣམ་པར་བལྟ་བར་བྱ་སྟེ། །ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། །འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་ཏིའི་བུ། །དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། །མ་འགགས་པ། དྲི་མ་མེདཔ། དྲི་མ་དང་བྲལ་བ་མེད་པ། །བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ། དེ་ལྟ་བས་ན་སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། །འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུའང་མེད་དོ། །མ་རིག་པ་མེད། །མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་་མེད། །རྒ་ཤི་ཟད་པའི་བར་དུའང་མེད་དོ། དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པའང་མེད་དོ། །ཤཱ་རིའི་བུ། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པར་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕགས་པ་སྤྱན་རས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ། །ལེགས་སོ། རིགས་ཀྱི་བུ། དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་རྫོགས་སོ།།

༄༅། །བསླབ་བྱ་ནོར་བུའི་ཕྲེང་བ་བཞུགས་སོ། །ཞང་སྟོན་བསྟན་པ་རྒྱ་མཚོ།
༼གསུམ་པ༽
ནང་གི་རང་སེམས་དགྲ་རུ་མ་ལྡང་ན། །
ཕྱི་ཡི་འདྲེ་གདོན་སུས་ཀྱང་ཐུབ་པར་དཀའ། །
དོན་མེད་དོགས་པ་ཟ་བ་ཆོ་འཕྲུལ་ཡིན། །
རྣམ་རྟོག་སྡུག་འདྲེའི་ཕུང་ཁྲོལ་ལགས་པས་སྤོང་། །
ཡོན་ཏན་རང་བཞིན་བཟང་བོའི་ཙན་དན་ཤིང་། །
འཁོར་ངན་སྤྲུལ་གྱིས་དཀྲིས་ན་འཁོར་མཁན་མེད། །
མེ་ཏོག་བཟང་བོ་ཚེར་མས་གཡོག་འདྲ་བའི། །
འཁོར་ངན་གཏམ་གྱི་གཞི་མ་ལགས་པས་སྤོང་། །
ཟླ་བ་དཀར་ཡང་རི་བོང་གཟུགས་ཀྱིས་སྦགས། །
མེ་ཏོག་ལེགས་ཀྱང་དྲི་ངན་འཐུལ་བས་སྦགས། །
མཛོ་སྤྲེལ་གཡང་ལ་ལྟུང་བ་ལྟ་བུ་ཡི། །
གྲོགས་ངན་འགྱོད་པའི་རྩ་བ་ལགས་པས་སྤོང་། །
ཉེ་དུ་ངན་པ་ཞབས་མེད་སྣོད་དང་འདྲ། །
ཡུལ་ངན་སྡུག་གི་འཁོར་ལོ་ལགས་པས་སྤོང་། །
ངས་ཐུབ་ངས་ཤེས་གླ་མེད་གཡོག་པོ་ཡིན། །
མི་ཆོས་རྐང་བའི་ཐེ་གུ་ལགས་པས་སྤོང་། །
སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། །
ཆགས་སྡང་ཆེ་ན་རྩྭ་སྐྱ་མེ་ཤོར་འདྲ། །
དུས་ངན་སྙིགས་མའི་ནག་ཕྱོགས་རླུང་གིས་བསྐྱོད། །
ཆོས་པ་ཡོངས་ཀྱི་སྒབ་འདྲེར་ཆགས་སྡང་གནོད། །
གང་དུ་ཕྱིན་ཀྱང་ཆགས་སྡང་ཆུང་བར་མཛོད། །
དམའ་སར་བསྡད་ན་མཐོ་སར་སླེབ་པར་འགྱུར། །
ཇི་ལྟར་བགྱིས་ཀྱང་དམན་ཆ་བླངས་པར་འཚལ། །
དེང་དུས་སྐྱེ་བོའི་ཚོགས་རྣམས་གསར་འགྲོགས་ཆེ། །
ཟླ་འགའ་ལོ་འགའ་ལོན་ནས་གཟབ་པར་འཚལ། །
སྒུར་སྒུར་ཞུམ་ཞུམ་བྱེད་ཚད་ཆོས་པ་མིན། །
ཆོས་མིན་ཆོས་པར་རྫུ་ལ་གཟབ་པར་འཚལ། །
གང་འཇམ་གང་ལེགས་བཤད་ཚད་བསམ་དཀར་མིན། །
ཁ་འཇམ་ཁོག་རྩུབ་ཕྱོགས་ལ་གཟབ་པར་འཚལ། །
སྐྱོན་མཚང་བྲུས་ནས་བཤད་པ་བསམ་དཀར་རྟགས། །
རང་གི་ཁོང་ཁྲོའི་ཕྱོགས་ལ་གཟབ་པར་འཚལ། །
ངས་ཐུབ་ངས་ཤེས་ཟེར་ལ་བློ་གཏད་མེད། །
བསླུ་བྲིད་མགོ་སྐོར་ཕྱོགས་ལ་གཟབ་པར་འཚལ། །
འདིར་བྱོན་འདིར་བཞུགས་ཟེར་བ་བཀུར་བསྟི་མིན། །
རང་མཉམ་གྲལ་མཉམ་ཕྱོགས་ལ་གཟབ་པར་འཚལ། །
གང་བཟང་གང་ཆེ་སྟེར་བ་ཕན་སེམས་མིན། །
ཁ་ལན་སྐྱིན་པའི་ཕྱོགས་ལ་གཟབ་པར་འཚལ། །
ཉམ་ཐག་སྐད་ངན་འདོན་ཀྱང་ངེས་པ་མེད། །
འགོང་བོ་ལག་ཟེད་ཕྱོགས་ལ་གཟབ་པར་འཚལ། །
མཐོ་ལ་ཕྲག་དོག་མ་བྱེད་སྤྱི་བོས་བཀུར། །
དམན་ལ་ཁྱད་གསོད་མ་བྱེད་བྱམས་པས་སྐྱོངས། །
མཉམ་ལ་གྲལ་རྩོད་མ་བྱེད་མཉམ་པར་འགྲོགས། །
འཕྲལ་དུ་མིག་གིས་མཐོང་རྒྱུ་མ་བྱུང་རུང་། །
དཀར་པོ་དགེ་བའི་ལས་ཀྱི་མཐའ་འདི་བཟང་། །
ནག་ཕྱོགས་དམུ་རྒོད་མགོ་འཕང་མཐོ་ན་ཡང་། །
ལས་འབྲུ་མི་བསླུ་ནམ་ཕུག་རྒུད་དེ་འོང་། །
ལག་པས་བདེ་བ་ཅན་ལ་འཕེན་མཁན་མེད། །
རྐང་བས་བཟུང་ནས་དམྱལ་བར་འཕེན་མཁན་མེད། །
རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད། །
རང་གིས་རང་ཉིད་མི་བསླུ་ཤིན་ཏུ་གཅེས། །
མཐོ་སར་བཞག་ཀྱང་འོག་དུ་ལྷུང་ཉེན་ཡོད། །
དམའ་སར་བསྡད་ཀྱང་གོང་དུ་འཆོར་བ་ཡོད། །
སྐྱིད་པོ་ཚོད་མ་ཐིག་ན་ཐ་མ་སྡུག། །
འོ་ཟངས་ཁ་ལེབ་བརྒྱབ་ན་འཕོ་འདོད་ཡིན། །
རྒུད་ཀྱང་རང་ཉིད་བཟང་ན་སྐྱིད་དེ་འོང་། །
ཟླ་བ་མར་ངོའི་རྗེས་ན་ཡར་ངོ་ཡོད། །
བསླབ་བྱ་བཤད་ན་སུས་ཀྱང་ཤེས་མོད་ཀྱང་། །
དགོས་དོན་ལག་ལེན་བྱེད་པ་ཉིན་སྐར་ཙམ། །
གཞན་ལ་མགོ་སྐོར་ཐུབ་པ་གཡོ་སྒྱུ་ཡིན། །
ཀུན་ལ་སྐྲག་རྒྱུ་མེད་པ་དཔའ་བོ་ཡིན། །
དཔྱད་ན་དོན་དག་ཤེས་པ་གསལ་བོ་ཡིན། །
བཤད་ན་ངོ་མཚར་ཆེ་བ་ཁ་གསལ་ཡིན། །
རྒྱུན་དུ་རང་དོན་འབད་པ་མཁོ་ཉག་ཡིན། །
དེ་དག་རྣམས་ལ་མཁས་པ་ཟེར་བ་མིན། །
གཞན་ལ་གཡོ་སྒྱུས་མགོ་སྐོར་ཐུབ་ན་ཡང་། །
ཉིན་གཅིག་ལེ་ལན་རང་ལ་འཁོར་ནས་ཡོང་། །
སྐྲག་རྒྱུ་མེད་པ་དཔའ་བོ་ལོས་ཡིན་ཀྱང་། །
ཚམ་ཚོམ་མེད་པ་བྱེ་ལེབ་མེ་ལྕེབ་འདྲ། །
གཞན་དོན་དཔྱད་ན་གསལ་བོ་ཡིན་ན་ཡང་། །
མར་མེ་རང་རྩར་གསལ་བ་ཤིན་ཏུ་དཀའ། །
རང་དོན་འཕྱུག་པ་མེད་ན་མཁས་པ་ཡིན། །
ལེགས་ཉེས་དཔྱད་ནས་ཤེས་ན་མཁས་པ་ཡིན། །
ཕན་པར་སྨྲ་བ་བླ་མ་ཡིན་ཡང་དཀོན། །
དེ་ལ་ཉན་པ་བུ་ཚ་ཡིན་ཡང་དཀོན། །
བསླབ་བྱ་ཞུ་བ་མང་ཡང་སློབ་པ་དཀོན། །
དམ་ཆོས་བཤད་པ་མང་ཡང་སྒྲུབ་པ་དཀོན།
ཚིག་གི་བཟང་ངན་ཙམ་གྱིས་ཕན་ཐོག་མེད། །
ཡུན་དུ་དཔྱད་ན་ཤིན་དུ་ཕན་པར་ཡོད། །
ཆུང་ངུའི་དུས་ནས་ཚུལ་བཞིན་བསྟེན་པའི་བུ། །
ཕ་རྒན་སྙིང་གི་གཏམ་འདི་སེམས་ལ་ཆོངས། །
ཕྱིན་ཆད་འདི་འདྲ་རྣ་བས་ཚོར་རྒྱུ་མེད། །
ཡོད་རུང་སྙིང་གཏམ་ཡིན་མིན་ཤེས་པར་དཀའ། །
ཆ་རྒྱུས་ཡོད་མེད་གང་དུ་བསྡད་ཀྱང་རུང་། །
གཏམ་འདི་སྙིང་ལ་ཆོངས་ཤིག་ཕ་ཡི་བུ། །

དེ་ཡང་སྤྱན་རས་གཟིགས་དབང་འབྲོམ་ཆོས་ཀྱི་རྒྱལ་བོས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བའི་འགྲེལ་བ་འདི་ནི་རྩ་བ་ཤིན་ཏུ་གོ་སླ་བས་ཚིག་འགྲེལ་མི་དགོས་སྟབས། མདོ་རྒྱན་དང་། ས་རྒྱན་སྦྱོར་ཚུལ་ལ་དཔེ་བླངས། རྒྱ་གར་མཁས་པའི་གཞུང་དང་། གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་གི་རྗེས་སུ་འབྲང་སྟེ། སྤང་བྱ་དང་བླང་བྱ། སྤྱིར་བཏང་དང་དམིགས་བསལ། སྤྱི་དང་བྱེ་བྲག དཔེ་དང་དོན་སོགས་ཁ་བསྐང་སྟེ་བྲིས་པ་ཡིན་པས་རྩ་བ་དང་སྦྱར་ནས་བལྟ་དགོས་སོ། ། ཞེས་པ་འདི་ནི། འཇམ་དབྱངས་གོང་མ་ཆེན་པོའི་རིགས་ཀྱི་ཅོད་པན་༧ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་དང་། སྐྱབས་རྗེ་ཐུའུ་བཀྭན་ཧོ་ཐོག་ཐུ་རྣམ་གཉིས་ནས་ཨ་ཆི་ཐུ་དཔོན་པོ་ཞེས་ཆོ་ལོ་དང་བཀའ་ཤོག་སོགས་ཀྱིས་བསྔགས་པ། རང་གི་ཉེ་གནས་མཐའ་ཡས་རྒྱ་མཚོས་ལྷ་དར་སེར་པོ་ཆེ་ལགས་བཅས་བསྐུར་ངོར། བོད་ཆོས་རྒྱལ་གོང་མ་རྣམས་ཀྱི་དུས་སུ་རྒྱལ་བོ་ལས་འོད་ཏུ་ཆེ་བའི་ཞང་ལྷ་རིགས་དཀར་པོ་ཞེས་གྲགས་པའི་རྒྱུད་དུ་བྱུང་བའི་༧དགེ་སློང་བསྟན་པ་རྒྱ་མཚོས་དགོན་ལུང་དུ་སུག་བྲིས་བགྱིས་པ་དགེ་ལེགས་འཕེལ།།


发布     👍 0 举报 写留言 🖊   
✋热门推荐
  • 好怀念在山西农大的大学四年[泪][苦涩] 怀念8个人的122[泪]大家都有了新的开始,各自奔赴东西南北[可怜] 怀念蔷宝[可怜] 怀念以前的人和事[抱抱]我们还
  • 万万没想到张雨绮竟然和芒果台“闹掰”了! 事情是这样的,张雨绮带着小男友李柄熹录制恋爱综艺《女儿们的恋爱》第四季,前面发展都甜腻腻的,结果却来了个争议颇大的“预
  • #菏泽身边事# 【菏泽新设立1家事业单位,2事业单位变更登记...】9月7日、6日,菏泽市牡丹区人民政府发布关于3家事业单位设立登记、变更登记的公告,具体内容如
  • #北京国际电影节片单# 第十一届北京国际电影节公布“注目未来”单元入围片单,共14部,来自全球16个国家与地区,包括洛旦导演的《迷路》(中国),范伟、窦骁、张颂
  • #台风[超话]##台风##关注台风# 【台风展望】目前菲律宾以东洋面有两个台风胚胎在活动,分别是热带扰动94W和95W,其所处洋面的海温高达30~31度,垂直
  • 2021.5.28 幽默小段子~[太开心][太开心][太开心] 生活中的情绪通常就是这样,当我们心情不好,小嘴一拉,眼睛一瞟[笑cry][笑cry][允悲][
  • 【推特情报】 あと早期1,000DL達成記念に、 モブレくんのグッズを考えています。 ので、ご希望あればご投票ください。 アクキーだとナスカン・台座つきとか、
  • 问请问兖州煤业现在还能买进吗 兖州煤业 1.公司主营煤炭行业。公司是中国和澳大利亚主要的煤炭生产商和销售商之一, 公司客户主要分布在日本、韩国、澳大利亚和中
  • 没想到solo追星的小白我已经入坑783天啦[羞嗒嗒]~~虽然不混圈,但很喜欢圈的氛围,时常被一些善良、沙雕的感动着、逗乐着……能和一群可爱的人同时喜欢着2个美
  • 中国#碳中和#框架路线图研究 “双碳”行动是应对气候变暖的国际行动一部分。欧盟国家是“碳中和”的首倡者,他们提出要在2050年达到碳中和。我国去年9月承诺,20
  • 由Seahello 造梦师 独家策划, #爱你是终极的孤独# 全球原创首发来袭!!! 将旅行、展览、情感沉浸与民宿空间完美融合。体验冰岛的孤寂与人类情感的终极
  • 明星扎堆打卡环球影城,王源魏大勋显友情,佟丽娅路人视角堪称一绝相信应该没有哪位小伙伴能够抵抗得住游乐园的魅力吧?不管多大年龄,身处游乐园的氛围中总会感觉到自己好
  • 一个月前河南受灾时,濒临破产的鸿星尔克向河南捐了100万,是我们优秀的国货品牌。一个月后的现在,鸿星尔克 携全国网友又向河南捐100万,支持他们重建。重点是“携
  • #热门楼盘推荐#【仓山世茂云境】 价格:约25100元/㎡ 全部户型:三居室(75~89㎡) 楼盘概况:【世茂云境】位于福州二环内,同时也是目前仓山东部板块的江
  • 「 你眼中有春与秋 胜过我见过的 美好山川与河流 @摩登兄弟刘宇宁 」 [小红花]#摩登兄弟[超话]# [小红花]#刘宇宁WMF品牌代言人# [小
  • 眼花缭乱,目不暇接。 鲜活海鲜,铁板烤物,热菜熟食,港式茶点,冰上海鲜,健康轻食,甜品冰品,每日推车派送两款爆款美食,100+道菜品不限量吃到撑,人均200+就
  • 想了又想还是来个小置顶吧[羞嗒嗒] 喜欢的cv-天空(只此一家[害羞]) 对二次元不是很了解,但也在慢慢了解的小懒虫一枚[哈欠] 喜欢的idol-郑容和(喜欢了
  • 【有才!哈尔滨大爷创作15处“台阶画”,小区庭院换“新颜”】 记者 王铁军 平房区新伟街道新星社区技校小区4栋居民楼是老楼,庭院比较单调,社区出面翻修了15处
  • 【全港首個小胖子Chubbi Chunk聖誕主題裝置登陸iSQUARE】今個聖誕,iSQUARE國際廣場首次與香港著名玩具設計師及多媒體藝術家Jim Dream
  • 【靖江增设15个临时核酸检测服务点,服务时间为上午8:30~11:00,下午2:00~4:00】 分别位于原季市卫生院内(康乐东路2号)、马桥镇徐周村卫生室(徐