#永曲[超话]# མཐོ་སྒང་གི་མཛེས་སྡུག་དང་མཆོད་པ།
高原的美丽和供养,
ཡིད་འོངས་མཆོད་ཡོན་སྣ་ཚོགས་མེ་ཏོག་དང་།།
如意功德水诸花
དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས།།
馨味熏香灯涂等
དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི།།
实设意变云海供
བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།།
奉献上师胜福田。

༈ སྐྱེ་བ་ཞེས་བྱ་སྔ་མ་ཕྱི་མའི་ལས།།
ལས་ཀྱི་རྣམ་པ་ཤ་དང་རུས་པས་འཇལ།།
ཚེ་ཐུང་གཅིག་ལ་བདེན་པ་དོན་གཉེར་ཡང་།།
བདེན་པའི་ཐ་མར་དུག་ཆང་འཐུང་འདི་ཅི།།

ཀྱེ་ཧོ་སྲིད་གསུམ་མི་རྟག་སྒྱུ་མའི་གཟུགས།།
གཟུགས་སྒྱུའི་སྣང་བ་ལས་ཀྱི་བག་ཆགས་འདྲ།།
དཔའ་བོའི་ལས་དང་བདེན་པའི་དཔུང་དག་ཀྱང་།།
ཡང་མཐར་གཞན་གྱི་ལོག་འཚོའི་རྒྱུ་འདི་ཅི།།

ཆུ་ངོགས་གཏམ་རྒྱུད་ཀྱི་མུ་འབྲེལ་བརྙན་འཕྲིན་ལེའུ་ཅན་ཁ་ཚང་སྔོན་ཆད་བལྟས་མྱོང་ཞིང་ལོ་རབས་སྔོན་མར་བརྙན་འཕྲིན་གསར་དར་གྱི་སྐབས་དང་བསྟུན་པས་ཡིན་ནམ་གང་ལྟར་བག་ཆགས་ཟབ། གཏམ་རྒྱུད་ནང་གི་མཐའ་མཇུག་ལ་གོང་མར་གློ་བ་དཀར་པའི་བཀའ་བློན་དང་དཔའ་བོ་དག་གིས་ཞི་བདེ་མཉམ་གནས་ཀྱི་བརྟན་རླིང་དང་ཁོ་ཚོའི་མི་རབས་ཚ་རྒྱུད་བཅས་པར་རྐུན་ཇག་གི་ཆབ་སྲིད་ཞྭ་མོ་མེད་པར་བཟོ་འདོད་མོད། དེ་ལ་མི་འདོད་པའི་རྐྱེན་ངན་དབྱེན་སྦྱོར་གྱི་བར་ཆད་རབ་དང་རིམ་པ་མང་པོ་བྱུང་ནས། མཐར་དཔའ་བོ་གཡུལ་དུ་ཤི། སྡར་མ་ཁྲེལ་མེད་རྒྱལ། དཀར་ནག་གི་གོ་ལྡོག ལེགས་ཉེས་ཀྱི་མགོ་ཉོག བསམ་བཞིན་དཔའ་བོ་བདེན་པར་བསྙེན་པ་དག་གིས་གནམ་ལྕགས་ཀྱི་རལ་གྲི་ལག་ནས་དོར་ཏེ་གོང་མས་བསྐུར་བར་གྲགས་པའི་དུག་ཆང་བཏུང་ནས་ཡོད་ཚད་མཇུག་རྫོགས་པའི་སྣང་བརྙན་དེ་ནམ་མཐོང་ལ་ཡིད་ལ་བློང་བློང་གི་ཚོར་སྣང་ཞིག་ངང་གིས་འབྱུང་ཞིང་། དེ་རིང་སླར་ཡང་མཇུག་མཐའི་འཁྲབ་ཚན་དེ་ཁ་པར་གྱི་བརྙན་ལམ་ཞིག་ནས་མཐོང་སོང་ལ་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་ནས་སྐྱོ་བའང་འོང་བ་ཞིག་གོ །

དུས་ཚོད་ཀྱི་བར་གསེང་ནས་དམ་པ་ཁོང་དང་ཁོང་གི་དངོས་སློབ་དག་གི་རྣམ་ཐར་ཆ་ཚང་ཞིག་མཇལ་ཐུབ་སོང་བས་ཧ་ཅང་ཞེ་བློ་བདེ། རྣམ་རྟོག་རྟ་རྒོད་ཀྱིས་ཁུར་བའི་སེམས་ཁམས་འདིས་དཔེ་དོན་ཡིད་ལ་བརྣགས་པ་ནི་ཞི་བསིལ་སྨན་གྱི་བླ་མའི་དངོས་གྲུབ་ཅིག་དང་སྒོ་ཀུན་ནས་མཚུངས།


སྐྱེ་བའི་ཕྲེང་བར་དམ་པའི་ཞལ་མཐོང་ཞིང་།།
ཐོས་དོན་རྒྱུད་ལ་འབྱོར་བའི་བྱིན་རླབས་ཀྱིས།།
ཆོས་བརྒྱད་སྙེ་མའི་མགོ་བོ་རྙིང་བྱས་ནས།།
དམ་ཆོས་སྨྲ་བའི་དཔལ་ལ་དབང་ཐོབ་ཤོག། ​

གཟེབ་བྱེའུ། [合十]



发布     👍 0 举报 写留言 🖊   
✋热门推荐
  •   兰青乡政府农业主任罗伟认为,之前胡塘渔场周边除了村民生活和农用水外,没有发现其他污染源,水质一直都是环保达标的,胡塘渔场确实养鹅了,但不是造成翻糖的主要原因
  • 片中还让他在被建议去接近女主Kat时说出了“勾引不是我的强项”的台词——不难想象如果是《盗梦空间》里穿着西装的小李这样的形象来当《信条》的主角,观众会更容易将他
  • 试一试,实在不行的话,把你想要的宝贝通过淘宝复制宝贝标题私信发给我,我来为你找劵。试一试,实在不行的话,把你想要的宝贝通过淘宝复制宝贝标题私信发给我,我来为你找
  • #手相预测#手相看手掌大而且漏空的一般花钱都是比较厉害的,要注意节制,命运线有障碍纹,命运有坎坷,不顺利,情感线偏直,性格比较直爽,讲话不拐弯,很容易得罪人,注
  • 往事如茶,似苦犹甘,问曲流云情纷飞,纵不成章,但也无悔...尘香若许,闲斟瘦月醉玉阁,细蕊幽芳,灵犀何处有缘人!远方迷离,古墨砚香,一卷寂寞心...谁的梦,
  • 我们常说利益众生,然而,“众生”一不小心就会成为我们心中一个抽象的集体名词,而不是出现在我们生活中形态各异却具有同样的觉知能力、能感受痛苦和快乐的一个一个生命。
  • 我好想越过这方寸的屏幕,去抱抱他,有人爱你,驰厌,有人心疼你。老大,你一定感应到了我们对你的强烈思念,对不对?
  • 5、灯具其实很多人不知道,灯具的利润其实很大,尤其是品牌的、带造型的、有些设计感的灯具,那价格就更贵了。 2、微水泥有很多极简风、诧寂风装修中,会用到微水泥,它
  • [小红花][炸鸡腿][来]我好像还能说出这54张照片后面的故事,是和谁一起吃的,我们大概说了什么,发生了什么,记录真好啊P1&2在家跟家人吃饭真是件幸福
  • #开普勒62号##宇宙探索之旅##第三册:旅行# “开普勒62号”系列共有6册,是由芬兰作家提莫·帕维拉与挪威作家比约恩·肖特兰德联手芬兰插画家帕西·皮特卡能
  • #搞笑幽默##搞笑图片#le006【整齐的环境】整齐的环境能帮助孩子集中注意力,比如把书桌、书架整理干净,玩[同意]具收好;房间尽量不要有计算机、电视、电话;文
  • 对于今年的地心来说,恋人最好的状态是——明明都是顶顶会闹的人,却慢慢达成了默契:你来闹,我负责笑。 ​​​#寂静之聲[超话]##情感##周围的人突然都结婚了#主
  • 春天快来吧 这该死的令人厌倦的没有阳光的天气[裂开] 总让人看不到希望 没有热情 不想努力 甚至觉得活着就好烦 [裂开] 冬天冷的时候还会觉得 马上就新年了
  • 改善睡眠有助于基础疾病的治疗前面的科普已为大家讲到了睡眠与身心健康的相互作用。可见,睡眠健康不仅是医学问题,同时还是经济问题、社会问题。
  • #不可辜负的美食##潮流好物嘉年华##一堂科普课能给孩子们带来什么#真是要命❗想要牛奶肌原来那么简单❗冬天不注意养肤鸡皮都出来了夏天穿短裙的时候就发现膝盖两处黑
  • 他忽然又朝我摇摇手,我诧异地看他,他歉意地笑了笑,然后用手指指我身后的价目表,告诉我,只一碗牛肉面,一碗是葱油面。姨妈不知什么时候也站到了我的身边,静静凝望着这
  • 把学生送走之后,我走回校园,突然有个很深刻的感受,不是我教了这个学生,而是他帮我上了最深刻的一课,他告诉我:没有孩子不能教,但看我们的真诚心够不够!他说这个是奶
  • #王鹤棣[超话]# [心]#王鹤棣人物封面# 这本杂志真好,像你一样,质朴的反映着你现在想让我们知道的样子~传君哥说的对,你是演员王鹤棣,不是偶像,你说这一份职
  • 虽然一年也用不完一瓶底妆但还是没忍住剁手了郑瑄茉气垫,我已经选了偏自然肤色的19号色了,结果还是白得出乎我想象……灯光下白得像女鬼[二哈]上完粉底用定妆喷雾定了
  • 他们的一颗真心一旦奉献出来,那多半是覆水难收,会为你掏心掏肺,即便再高傲,也会甘愿收起曾经的一份矜持,为你洗手作羹汤,哪怕是天上的月亮,也愿意为你摘下来。水瓶们