࿑ ཁྲུང་ཁྲུང་ལྷོ་ལམ་ལ་འཕུར་ཤིང་ཁ་བའི་འདབ་མ་དག་ཐ་ཐོར་རུ་འབབ་པའི་གསེར་མདོག་གི་སྟོན་ཚུགས་འདིར་ཁོ་བོས་ནང་བསྟན་རིག་གཞུང་གི་སློབ་ཐུན་གྱི་བར་གསེང་ནས་༼དབུས་བཟའ་མཁའ་འགྲོ་འམ་དབུས་མོ་བདེ་སྐྱོང་དབང་མོའི་རྣམ་ཐར༽་ཆ་ཚང་ཞིག་ཀློག་པ་ཡིན། སེམས་ཚོར་རུ།
སྐྱེ་ཡུལ་དབུས་ཀྱི་བུ་མོ། །
སྐྱེལ་སྐྱེམས་ཆང་གི་མ་བཟི། །
ཆུང་གྲོགས་ཞེ་ལ་ཐོགས་ནས། །
གོམ་ཆུང་ལ་མོ་རྒལ་སོང་། །
ཐོབ་ཆེན་དཔོན་ལ་མ་འཁྲེང་། །
མནོག་ཆེན་ནོར་ལ་མ་ཆགས། །
སྒྱུ་འཕྲུལ་ལས་རླུང་གཅིག་གིས། །
ཤར་ཕྱོགས་སྲིན་ཡུལ་འགྲིམ་སྐད། །
རག་འཇམ་དར་གོས་མ་ནབ། །
རིན་ཆེན་རྒྱན་གྱིས་མ་སྤུད། །
སྐྱེ་ཡག་ལྷན་སྐྱེས་ཞལ་སྒོ། །
རིགས་འཛིན་གྲོགས་ལ་ཕུལ་སྙམ། །
བཅུ་དྲུག་ལུས་ཀྱི་ལང་ཚོ། །
སིལ་མ་རླུང་ལ་སྐུར་ནས། །
ཡིད་འབྱུང་ངག་གི་བརྡ་གླུ། །
མ་བཅོས་ཤུགས་ཀྱིས་རྡོལ་སོང་། །
ལྷུ་དྲུག་ལུས་ཀྱི་ལྗོན་པ། །
བཀྲེས་སྐོམ་ཚ་བས་སྐམ་ཀྱང་། །
ཟབ་གཏེར་ཙིན་ད་མ་ཎིས། །
ནང་གི་དབུལ་བ་སེལ་ཡོད། །ཅེས་བྲིས་པ་ལགས།

࿑ མི་ཚེ་ད་ལ་ཐུག་པའི་དབར་དུ་སྙན་ངག་རོབ་ཙམ་བཀླགས་མྱངས། སྲོལ་རྒྱུན་དང་། དེང་རབས། མི་རིགས་གཞན་གྱི་སྙན་ངག་མི་འདྲ་བ་སྣ་ག་ཞིག་ལ་སློབ་སྦྱོང་ཐན་ཐུན་རེའང་ཚོད་ལྟ་བགྱིས་པའི་ཟོལ་བསྟན་མྱངས། ཕལ་ཆེར་རིག་པའི་ཚུན་ཆད་དང་། ཤེས་པའི་ཚུན་ཆད་ཀུན་པོ་མ་བལྟས་པ་དང་། མ་བཀླགས་པ་ཞིག་མེད་སྙམ། མ་གཞི་ཁོ་བོ་སྙན་ངག་ཀློག་པར་ཤིན་ཏུ་མོས། འོན་ཀྱང་། གཞན་དང་བསྡུར་ན་བཀླགས་གྲངས་ཁྱབ་ཆུང་ཤོས་ཤིག་ལས་མིན་པ་བདེན་དུ་འཆི། དེ་ལྟ་ནའང་། དུས་ད་ལྟའི་དབར་དུ་ཁོ་བོ་རང་གིས་མཇལ་བའི་བརྩམས་ཆོས་དང་། རྩོམ་པ་པོ་ཀུན་ལས་རྩོམ་མཁན་ཕུལ་དུ་བྱུང་ཞིང་། བརྩམས་ཆོས་ཀྱིས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་ཕྲོགས་པ་ཞང་ཞུང་ཆོས་དབང་གྲགས་པ༼༡༤༠༤-༡༤༦༩༽ལས་གང་ཡང་མི་འདུག སྔ་མོ་མཁས་དབང་དགེ་ཆོས་ལགས་ཀྱི་རྩོམ་གཤིས་ཤིན་ཏུ་ལེགས་པར་སྙམ། འོན་ཀྱང་། ཞང་ཞུང་ཆོས་དབང་གྲགས་པའི་གསུང་ཐོར་དག་བཀླགས་རྗེས་དགེ་ཆོས་ཀྱི་རྩོམ་དག་དེ་ཙམ་རེད་སྙམ། དེ་ནི་ཞང་ཞུང་ཆོས་དབང་གི་སྙན་ངག་ཤིན་ཏུ་སྙན་པ་དང་། ལེགས་པའི་རྒྱུ་མཚན་གྱིས་ལོས་ཡིན། ཞང་ཞུང་ཆོས་དབང་གི་སྙན་ངག་གི་སྒྱུ་རྩལ་དང་། ཁྱད་ཆོས། མཛེས་ཉམས། ཚིག་རྒྱན། རྟོག་ཡུལ་མཛེས་པ་སོགས་ཀྱི་ཕྱོགས་ནས་ཅིའང་གླེང་བའི་ཟོལ་མི་བསྟན་པར་ཁོང་གི་དུས་འཁོར་གྱི་ཆེད་བརྗོད༼བདེ་ཆེན་ང་རོ།༽གཅིག་པུའི་ཡིག་ཕྲེང་དང་། འབྲི་སྟངས། ཚགས་བར་བཅས་ཀྱིས་ཧ་ལས་ཤིང་། དྲན་པ་ཤོར་ཏེ་ཧོན་ཡང་འཐོར་སོང་། གཞན་ཡང་ཞང་ཞུང་ཆོས་དབང་ནི་ཕུན་སུམ་ཚོགས་པའི་ཉམས་འདོན་པ་ལའང་མཆོག་ཏུ་གྱུར་པ་ཞིག་རེད། གང་ལྟར། དངོས་གནས་ད་ལ་ཐུག་པའི་དབར་དུ་ཁོང་ལྟ་བུའི་རྩོམ་མཁན་མཆོག་ཏུ་གྱུར་པ་ཞིག་བྱུང་མེད་པ་འདྲ། མ་མཐའང་ཁོ་བོས་ཁོང་ལས་མ་མཐོང་། མ་རིག མ་ཤེས་སོ། །

࿑ སྤྱིར་བཏང་། ལོ་རྒྱུས་ལ་བལྟས་ཚེ་རང་རེའི་ལྗོངས་ལ་སྔ་མོ་ནས་ལམ་ཡིག་འབྲི་མཁན་ཤིན་ཏུ་མང་། འོན་ཀྱང་། དེ་དག་གི་བརྗོད་བྱ་དང་། རྗོད་བྱེད་སོགས་གཙོ་བོ་ནང་ཆོས་ཀྱི་བྱུང་བ་ཤུགས་ཆེ་ཤོས་བགྱིས་ཡོད་པ་ལས་ཡུལ་སའི་མཐོང་ཐོས་མྱོང་གསུམ་གྱི་གནས་བབ་འབྲི་མཁན་ཤིན་ཏུ་ཉུང་བ་སྙོན་མེད་ཡིན། དེ་བས། ཡུལ་སའི་གནས་བབ་ཇི་བཞིན་འབྲི་བའི་རྩོམ་པ་པོ་འདི་དང་། འདི་ལྟ་བུ་ཚོས་ཟིན་ཐོ་ལས་རི་བོ་ཧི་མ་ལ་ཡའི་ཕར་ཚུལ་གྱི་སྤུན་ཟླ་མང་ཤོས་ཀྱི་བདེ་སྡུག་དང་། གནས་བབ། རིག་གནས། གོམས་སྲོལ། མིང་བརྡ། ཆོས་ལུགས་སོགས་ཕྱོགས་མང་ཤོས་ཤིག་ནས་རྒྱུས་མངའ་རྒྱུན་ཤེས་ཙམ་ཞིག་ཤེས་རྟོགས་བྱུང་ཐུབ་པ་དེབ་འདིའི་ཡང་སྙིང་གཞན་ཞིག་ཅི་ལ་མིན། ལྷག་ཏུ་དམ་པ་གོང་མ་རྣམས་ཀྱིས་མཛད་པའི་སྔོན་གྱི་ལོ་རྒྱུས་དང་རང་གི་མཐོང་ཐོས་མྱོང་གསུམ་ཟུང་དུ་འབྲེལ་ཏེ། འདྲ་རིས་དང་བཅས་པ་དེབ་གཟུགས་སུ་དགོད་ཐུབ་ན་ཅི་འདྲའི་ལེགས་ཨང་། སྐྱ་བོའི་འཁྱམ་སྐྱོད་དེབ་གསུམ་པོ་འདི་ཁོའི་གསང་བ་དང་། གློའུ་མོ། སེ་ལེན་ལས་ཡག་ལ། ལྷག་ཏུ་བཅད་རྩོམ་ལས་ལྡབ་འགྱུར་གྱིས་ཡག་སྣང་བྱུང་། མ་གཞི་ཁོའི་བཅད་རྩོམ་སྙན་ངག་དག་ལ་བྲོ་བ་ཞིག་ལར་ནས་མི་འདུག སེམས་སྡུག་སྤྱད་ཅིག་རེད། [呲牙] ཁོའི་ཟིན་ཐོ་ལས་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རང་གི་ཚོར་བ་གཙོ་བོར་བཟུང་ནས་བྲིས་པ་དེ་ཁོ་ན་རེད་སྙམ། དེབ་འདི་དག་ལས་རྒྱལ་རོང་གི་སྐོར་ནས་བྲིས་པ་དེ་ཚོས་ཁོ་བོར་མཁོ་ཤིན་ཏུ་སོད་པའི་ཚོར་སྣང་བྱུང་། གཞན་ཁོ་དང་། ཁོ་ལྟ་བུའི་བོད་ཡིག་ནམ་ཞར་འཁོལ་བཞིན་པ་ཚོས་འདོད་པ་དོན་ལ་ཁེལ་ཞིང་། ལམ་ལྷོང་ཡོང་བར་སྨོན་ནོ། །


发布     👍 0 举报 写留言 🖊   
✋热门推荐
  • 在吉祥大佛前的石阶中央,有一条长长的甬道,紫色小草铺就的背景上,绿色植物塑成的立体的“大佛”两个字,素雅而壮观。 大殿对面有登山石阶,拾级而上,可以看到迎面一
  • 又看见眼熟的id了[阴险]都搞女权了还在乎名声,你们搞女权是为了做给大跌做给世界看博取联合锅认可的是吧,怪不得会那么跪舔强虜,因为强虜台后给楠醛拉磨台前和虜们贴
  • 今天刷到了宵夜的婚礼 很幸福其实吧 以前我也有想过 我以后会和一个什么样的人结婚 183 很爱我的人 (哈哈哈 还是执着183o)他会知道我喜欢漂亮的照片 约好
  • .于是乎,为了更深一步了解这部电影,我稍微搜索了下这部电影,看的人寥寥无几,评论有说到小孩教育、说到偏见、说到人性可怕等等,都不是我想要的解读,唯独看到一个人写
  • 记忆最深的场面是小新为了拯救“被黑化”的机器人爸爸,宁愿接受惩罚一碗一碗地大口吞下这辈子最讨厌的青椒,然后声泪俱下“我最爱吃青椒了,所以机器人爸爸你振作一点…”
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • 不再有那种土土的感觉,两年转眼间就过去了,正畸对我来说收获的远不止外貌上的变化,更重要的是对我后续牙齿治疗的帮助!因为我的牙齿问题实在严重,我已经没有心思去追求
  • とても仲が良い友達同士で、北欧の豊かな自然と、福祉社会、税率20%の国、物資豊かな学問の国、多くの博物館や、大学、引かれてある鉄道、様々なことにお金を費やしたと
  • #成毅[超话]##成毅优酷会员代言人# cy#成毅# 从李莲花认识成毅,了解了他一路走来的风雨荆棘,趟过荆棘的成毅心里却依然住着一个火热的太阳,温暖,阳光,坚毅
  • 准备好在5月4日周六与Cyclops和Saleko一起接管Lost in Dreams吧!带上你的朋友一起锁定门票吧⚠️→insom.co/armnhmr-so
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。  亲贤臣,远小人,此先汉所以兴隆也;亲小人,远贤臣,此后汉所以倾颓也。
  • 综合来说,a股从2635反转上涨500点以上,其实最强的就是上证指数、上证50这我已经反复讲过了1万遍,最弱的是双创指数,所以你要抓住重点a股,更多的是轮动式行
  • 奶奶算了日子,我也迫不及待了,因为后期不能翻身睡觉,甚是怀念脚搭在鳄鱼宝宝睡觉的日子,选了39➕3天,剖宫产出来。小竹一直不是横位就是臀围,我也没打算顺无所谓她
  • 此外还能包含的信息点比如:要可能采过蘑菇、挖过笋(不一定成功)至于这么做的原因,当然是没人照顾他,不得不自食其力、自力更生。因为在前面第二小节剧情里有提到露带要
  • 舞美偏弱,一开始去看这部剧是在B站刷到了《衣柜里》的高潮部分,听到完整版真的好牛,男生二重唱的时候我简直不要太激动,超级值回票价。张泽也演的很好,极致的天真极致
  • #哈尔的移动城堡#4月30日 真爱至上!#哈尔的移动城堡#4月30日 真爱至上!
  • ”子曰:“於止知其所止,可以人而不如鸟乎?”富润屋,德润身,心广体胖,故君子必诚其意。
  • 关于影片的空境、群像、结尾的火箭,我相信聪明的大家都能一目了然,便不再分析。河南神显然明白一个道理,是先有这片土地才有了“我”;于是在创作中以“符号的母亲”作为
  • 《小窗幽记》经典句子80句: 1、花繁柳密处,拨得开,才是手段;风狂雨急时,立得定,方见脚根。 2、使人有面前之誉,不若使人无背后之毁;使人有乍交之欢,不若
  • 好开心呀明天的活动很丰富期待期待哦这两个月发生的事情太多了不知道从何说起爷爷突然就走了在我清明节还在长沙琢磨给他买什么好吃的带回去的时候突然就接到了家里的电话慌