࿐ང་ལ་བརྩེ་སེམས་ཀྱིས་ཕྱུགས་པའི་ཨ་མ་ཞིག་ཡོད།

གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པའི་ཉིན་དེར་རང་ཉིད་ཀྱི་བརྩེ་བའི་དྲིན་ཆེན་གྱི་ཨ་མ་ལགས་ལ་ཁ་པར་ཞིག་བཏང་བ་ཡིན། ཉིན་དེ་ནི་དྲིན་ཆེན་གྱི་མ་ལོ་འཇིག་རྟེན་འདིར་ཕེབས་ནས་ལོ་ངོ་ལྔ་བཅུ་ཏག་ཏག་འཁོར་བའི་ཉིན་དེ་རེད། དེར་བརྟེན། ངས་ཨ་མ་ལགས་ལ་རྟེན་འབྲེལ་གྱི་འཚམས་འདྲི་ཞིག་ཞུ་དགོས་སྙམ། ཁ་པར་བླངས་མ་ཐག། ཁོང་གིས་ཨ་མའི་གཅེས་ཕྲུག་ཁྱེད་རང་ག་རེ་བྱེད་ཀྱི་ཡོད། ཁྱེད་རང་ན་ཡི་མི་འདུག་གམ། ཆམ་པ་འདྲ་ཕོག་མི་འདུག་གམ། བུ་རང་ནང་ལ་ག་དུས་ལོག་ཡོང་གི་ཡིན། ཨ་མ་ཁྱེད་དྲན་གྱི་འདུག་ཅེས་སོགས་ཀྱི་མཚམས་མི་ཆད་པའི་ཐུགས་ཁུར་གྱི་འདྲི་ཚིག་རེ་རེ་བདག་གི་རྣ་བའི་བུ་གར་ལྷུང་ཡོང་དུས། བདག་གི་མིག་ཀོང་མཆི་མས་བརླན་ཏེ་སེམས་ཁོང་དུ་བརྗོད་མི་ཤེས་པའི་སྐྱོ་སྣང་ལྷང་ལྷང་ཞིག་ངང་གིས་སྦྱིན་བྱུང་།

ལན་རེར་ཁ་པར་བཏང་སྟེ་ཁ་ཡག་གིས་བདེ་མཚམས་ཡིན་མིན་དྲིས་པ་ཙམ་ལས་བུ་ངས་བྱམས་ལྡན་མ་ལོ་ཁྱེད་ལ་བསྒྲུབ་འོས་པ་གང་ཡང་བསྒྲུབ་མི་ཐུབ། བརྩེ་སེམས་རྒྱ་མཚོ་ལས་ཟབ་པའི་དྲིན་ཆེན་མ་ལོས་འཚོ་བའི་དཀའ་ཚེགས་དང་ལས་ཀའི་དཀའ་ལས་འབུམ་གྱི་ཁྲོད་ནས། མ་ལོས་ང་རང་པང་དུ་འཁྱེར་ནས་ཆུ་ཟོམ་བརྒྱབ་ལ་ཁུར་ཏེ་འགྲོ་ཞིང་། ཡང་ན་ང་རང་བརྒྱབ་ཏུ་ཁུར་ཏེ་པང་དུ་ཟས་རིགས་འཁྱེར་ནས་འགྲོ་བའམ། ཡང་ན་འུར་རྡོ་རྐེད་ལ་དྲངས་ནས་ཕྱུགས་ནོར་འཚོ་བའི་གཏམ་རྒྱུད་ནི་ཕ་ཡུལ་གྱི་རི་ཀླུང་ཆུ་གསུམ་ལ་རི་མོ་ལྟར་བརྐོས་ནས་ཡོད།

ད་དུང་། མ་ལོས་དུས་སྐབས་ངེས་མེད་དུ་ང་རང་གི་ཁ་ཆུ་སྣ་ཆུ་དང་གཅིན་སྐྱག་ཡོད་ཚེད་ཀྱང་ཁ་དང་ལག་པས་ཕྱིས་པ་མ་ཟད་ང་རང་འཆམ་པ་འདྲ་བྱུང་བའམ། ཡང་རྐྱེན་ཞན་གང་ཡིན་མ་ཤེས་པར་ང་རང་ངུ་བ་མཚམས་མི་ཆད་པའི་སྐབས་ཨ་མ་ཁོང་ཡང་སྡུག་བསྔལ་ཤིན་ཏུ་ཆེ། བརྩེ་སེམས་རྒྱ་མཚོ་ལས་ཟབ་པའི་དྲིན་ཆེན་མ་ལོ། ང་ཁྱེད་ཁོ་ན་ལ་དགའ། ཁྱེད་ཀྱི་བཀའ་དྲིན་ནི་གོམ་གསུམ་བར་ནས་དྲན་བྱུང་། ཨ་མ་ལགས། ཁྱེད་སྐུ་ཚེ་བརྟན་ཅིག། ཁྱེད་ནི་བུ་ངའི་སྐྱབས་དགོན་ཡིན། ཁྱེད་ནི་བུ་ངའི་ཡོད་ཚད་དེ་ཡིན།



བདེན་སྨྱུག་ནས་བྲིས།

ངས་ནམ་རྒྱུན་དབེན་འཇགས་ཀྱི་གནས་མལ་དེ་གར། ས་སྲོད་ཀྱི་མཚམས་སྤྲིན་རི་བོའི་རྒྱབ་ཕྱོགས་སུ་དལ་བུར་བཞུད་པའི་མཛེས་སྡུག་ལ་རྒྱང་ལྟ་བྱས་ནས་སྤྲིན་པ་འདྲ་བའི་བུ་མོ་མང་པོ་ཞིག་དྲན་མྱོང་། སྤྲིན་པ་འདྲ་བའི་བུ་མོ་དེ་ཚོ། སྐྲ་ལོ་བསིལ་རླུང་གིས་སྒུལ་བའི་མཚན་ནམ་རེ་རེར། མིག་ཟུང་ལ་གབ་པའི་བརྩེ་འདང་གི་གསང་བ་དེ་དག་གིས་ཇོ་ཇོ་སུ་ཞིག་ལ་མཛའ་གཞས་གཏོང་འདོད་ཀྱི་རེ་བས་ཁེངས་ཡོད་དམ།

ཁོ་མོ་ཚོས་སྤྲིན་པ་དང་འདྲ་བར་ཇོ་ཇོ་སུ་ཞིག་གི་སེམས་པའི་གུར་ཁང་སྒུལ་མྱོང་ཨང་།

ངས་ནམ་རྒྱུན་སེམས་ཁོང་གི་ན་ཟུག་ཡོད་ཚད་ལས་ཕྱིར་མིག་གི་བགྲོད་ལམ་བཙལ་ཞིང་།

ཕྱིར་མིག་གི་བགྲོད་ལམ་སྟེང་ནས་འདས་སོང་གི་ལོ་ཟླ་དྲན་མྱོང་། ལང་ཚོ་དྲན་མྱོང་།

ངས་ནམ་རྒྱུན་ཞོགས་པ་རེ་རེ་ནས་ས་སྲོད་རེ་རེར། མཐོ་སྒང་གི་བུ་མོ་ཚོའི་ལང་ཚོ་མེ་ཏོག་དང་འདྲ་བར། ལོ་ངོ་སྟོང་ཕྲག་དུ་མར་བསིལ་རླུང་དང་ཉི་འོད་ཀྱི་ངོགས་སུ་བཞད་ཐུབ་པའི་སྨོན་ལམ་བཏབ།

[月亮]

སྐལ་རྣམ་དུ་འབོད་པས།

གུང་ཐང་ཚང་།
འཇིག་རྟེན་དབང་ཡོད་དུས་ཕ་མའི་དྲིན་ལན་འཇལ་བ། ཆོས་སྒྲུབ་པ།
དཀོན་མཆོག་གསུམ་ལ་སྨོན་ལམ་རྒྱབ་དེ་སྐྱེ་བ་ཕྱི་མར་སྐྱབས་བཅོལ་བ།
དབང་ཡོད་དུས་འདིར་འགྱོད་པ་མེད་པར་བྱེད་པ།


发布     👍 0 举报 写留言 🖊   
✋热门推荐
  • 今日份小确幸202303061.和好友聊天,说道最近何为如此努力码字,明明事情就不少但码的字比闲下来时还要多,我们两人得出来的结论是,生活的重担已经接到自己的肩
  • 等你毕业了,我在告诉你,我还是喜欢你,到那时,我也不会强求你的答案与否,因为我只是把我内心的想法表达了出来。不要因为有了我的出现,就朝我身上贴上“我都是为你好”
  • 首刷是初一,带着全家一起去的,啵啵的第一部正式电影怎么能不支持下呢[太开心]观看中全程认真看,没做任何观影前功课,仅听说啵啵饰演的人物前期是坏的后期变好[允悲]
  • 超级肥的虎纹dd 确定不来一只吗#金丝熊##仓鼠##金丝熊[超话]# 借卷毛熊 黑波利 黑眼线熊 对称火眼线 黑波利纹 面纹蜜 超浅纯银 紫貂 水貂 肉桂 鸽灰
  • 本来的甜心教主,现在变得让人有点难以接受,虽然她的唱功还是一如既往,但是这张脸真的没有她想象中的那么美。#张檬# 当初力捧张檬的制片人于正也表示自己完全认不出来
  • 结果我就告诉她祝我生日快乐 哈哈哈哈哈 欧克 本来是没觉得过个20有什么的 直到阿姨说时间太快了 我一下子就和她一样是2字开头了 哦莫 突然就 时间真的快 一
  • 因为疫情,有三年没有来上海和杭州旅行了,这次来到繁华的大都市,感觉车站、景点等处处皆是涌动的人流,尤其杭州城市建设,感觉这几年变化太大了,沿着西湖湖边走,一边是
  • 我给[跪了][跪了][跪了] 歌词写的太美我狗子蜜桑绝了 ยังมีวันวานให้เราได้คิดถึงตลอด 总有美好的时光让我们怀念 แม้เรื่
  • 我总感觉吧 像昨天分的手 你长得已经有点不要像我的赳赳了诶 不会最后真变成另一个人了吧 虽然这样挺好[泪]有点精分捏我 你今天还去教师弟师妹了 终于教学了[泪]
  • 首先,民间有“大雪晴天,立春雪多”的说法,这句俗语的意思是,在大雪这样的节气中,如果遇到的是晴天,那么就会预示着立春之际,会有不少的降雪。首先,民间有“大雪晴天
  • [馋嘴] 很久不见Chef Ling,说来随便吃点,搞发搞发就搞大了[舔屏]青柠黄油低温新西兰XXL 鳌虾、三文鱼鱼腩鱼籽金枪鱼鱼松饭、熟成Mayura INF
  • 虽然某些时候,法官也想按照自己的想法和意见进行裁判,但实在是心有余而力不足,碰上这个时候,别说写几万字的辩护词,你就算写本刑法教科书,也动摇不了案件早已商定
  • @中国西藏旅游 @轻度缺氧的李珩 #拉萨[超话]# #美丽的西藏# 绿绒蒿,这一群罂粟科家族的近亲物种,西方人眼中的“东方神秘的蓝罂粟”深处人迹罕至的高山、亚高
  • 灯光科技堪称奥迪的经典标签, 这一次全车系标配前车门logo照明灯,当夜幕降临,起身上车,流光溢彩之间就是你独有的仪式感!高品质的豪车气场奥迪A4L的运动美学并
  • #财经##上证指数##3.9秒狂飙轿跑# 随着时代发展,我们的生活越来越智能化、科技化,作为消费者,我对电车的喜爱远高于油车(我的车买的时候电车还没流行,201
  • 记艺APP - 3月9日 全球上映电影日历迪斯科男孩 - 贾科莫·阿布鲁泽塞阿莫雷的最后一夜 - 安德里亚·迪·斯戴法诺第十八号,生命的呼吸 - Guido v
  • 是天才吧,而且是超级努力的天才[抱一抱]阿朱奈斯没入坑前就听过,入坑后才知道啊,原来是你们的歌呀[赞]小猫的solo,我们vobo的汽水嗓音,“I just w
  • 我精神状态挺好的呀没关系精神稳定一分钟也很厉害了没关系神精稳定一分钟没精神关系稳定ᵒ♡....一分钟也很厉害了没dhdhb精定神稳一分钟也厉很害了没guan没关
  • #韩娱跳蚤市场[超话]# 出泡泡图 图上的都可以出 kpop大多数爱豆都有 开通至今所有泡泡图 还可出永久包更新版 nct 朴志晟 罗渽民 aespa柳
  • 所谓的会有未来的国际大师从资助名单上走出来——名单上有些人也可以算是大师了,而有些人却绝无可能。在上个月的年度市情咨文中,旧金山市长伦敦·布里德(London