སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་

ཉུང་ངུའི་ཚིགས་བཅད་དུ་

བསྡེབས་པ།


ཇི་སྙེད་སྣོད་བཅུད་འཁོར་འདས་བརྟན་གཡོའི་ཆོས། །
ཀུན་ཁྱབ་རྟེན་འབྱུང་གནས་ལུགས་ལེགས་གཟིགས་ནས། །
བརྩེ་ཆེན་ཐུགས་རྗེས་འགྲོ་ལ་འདོམས་མཁས་པ། །
མཉམ་མེད་བུ་རམ་ཤིང་པས་དགེ་ལེགས་སྩོལ། །

རྒྱལ་ཀུན་བརྩེ་ཆེན་ཕུང་པོའི་རང་གཟུགས་ལ། །
སྤྱན་རས་གཟིགས་ཞེས་མཚན་དུ་གསོལ་བའི་ལྷས། །
བདག་སོགས་འགྲོ་བའི་ཤེས་རྒྱུད་སྨིན་པ་དང་། །
ཡང་དག་གནས་ཚུལ་མཐོང་བར་བྱིན་གྱིས་རློབས། །

ཐོག་མ་མེད་ནས་རྟག་ཏུ་གོམས་པ་ཡི། །
རང་ཉིད་གཅེས་འཛིན་བློ་ཡི་མཐུ་བརྟས་པས། །
སྤྱི་མཐུན་ལས་ཀྱིས་བསྐྱེད་པའི་ཁོར་ཡུག་ཁྱོན། །
འབྱུང་བ་སྦགས་བཙོག་མནོལ་བས་བསླད་པར་གྱུར། །

མཚོ་དང་མཚེའུ་དྭངས་བསིལ་ཡོན་ཏན་ཉམས། །
མཁའ་རླུང་དུག་ཅན་རྫས་རིགས་དུ་མས་ཁྱབ། །
མཁའ་དབྱིངས་རང་གྲུབ་བླ་བྲེར་བུ་ག་རྡོལ། །
སྔོན་མེད་ནད་རིགས་དུ་མས་འགྲོ་མང་མནར། །

སྲིད་པར་ཆགས་པའི་གངས་རི་མཐོ་བརྗིད་རྣམས། །
དབུ་འཕང་སྨད་ཅིང་རིམ་གྱིས་ཆུ་རུ་བཞུར། །
འཕེལ་འགྲིབ་བྲལ་བར་གྲགས་པའི་རྒྱ་མཚོ་ཡང་། །
རང་བཞིན་ལས་འདས་གླིང་ཕྲན་དལ་གྱིས་བྱིངས། །

མེ་ཆུ་རླུང་གི་འཇིགས་པ་མཐའ་ཡས་ཏེ། །
ཚ་དྲོད་འབར་བས་རྩི་ཤིང་ནགས་ཚལ་སྐམ། །
རྒྱ་མཚོ་ཆེན་པོ་བ་ཚྭའི་ནུས་པ་ཉམས། །
ནགས་ཚལ་སྟོངས་པས་སྔོན་མེད་རླུང་འཚུབ་ལྡང་། །

གང་དག་ནོར་གྱི་འབྱོར་པས་མ་ཕོངས་ཀྱང་། །
གཙང་མའི་རླུང་ཙམ་བརྔུབ་པའི་སྐལ་བས་དབེན། །
ཆར་དང་ཆུ་རྒྱུན་རྣམས་ཀྱང་དག་བྱེད་ཀྱི། །
ནུས་པ་ཉམས་ཏེ་བརླན་གཤེར་རྫས་སུ་ཟད། །

མི་ཕྱུགས་སྐམ་གཤེར་གནས་པའི་སྲོག་ཆགས་ཀུན། །
ལུས་ལ་གདུག་ཅན་ནད་རིགས་དུ་མས་གཟིར། །
སེམས་ལ་བྱིངས་འཐིབ་རྨོངས་པས་རབ་ནོན་ཏེ། །
ལུས་སེམས་བདེ་ལ་སྤྱོད་པའི་གོ་སྐབས་ཕྲ། །

གཞན་ཡང་བཅོས་མའི་རྫས་སྦྱོར་ཆེས་སྤྱོད་ཅིང་། །
འདོད་རྔམས་དབང་གིས་འཕྲལ་གྱི་ཁེ་ཕན་སླད། །
རྩི་ཤིང་ནགས་ཚལ་གཅོད་བྲེགས་ལ་སོགས་པས། །
འབྱུང་བ་ས་ཡི་ཟུངས་བཅུད་བརླག་པར་བྱས། །

གསང་སྔགས་རྒྱུད་དང་སྨན་རྩིས་གཞུང་སོགས་ལས། །
ཕྱི་ཡི་སྣོད་དང་སྐྱེ་བོའི་ནང་གི་ཁམས། །
ཕན་ཚུན་ཟུང་དུ་འབྲེལ་བའི་རྟེན་འབྲེལ་གཤིས། །
གསུངས་པས་བདེན་དོན་དེང་སྐབས་མྱོང་བས་གྲུབ། །

ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །
རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །
ཅེས་སོགས་བདེན་པའི་དབྱངས་ཀྱིས་ས་ཆེན་འདི། །
སྟོན་པས་རང་གི་མཆོད་སྦྱིན་དཔང་དུ་མཛད། །

སེམས་ལྡན་ཚེ་འདིའི་སྐྱེས་མ་དྲིན་དྲན་ནས། །
དྲིན་གཟོར་བརྩོན་པ་ཡ་རབས་ངང་ཚུལ་བཞིན། །
ཉེ་འཁོན་མེད་པར་ཀུན་སྙོམས་མ་མ་སྟེ། །
ས་གཞི་འདི་ཡང་གཅེས་ཤིང་སྐྱོང་བའི་ཡུལ། །

རང་བཞིན་དྭངས་གཙང་འབྱུང་བ་བཞི་ཡི་ཁམས། །
དོན་མེད་ཆུད་གསོན་སྦགས་བཙོག་རྙོགས་བསླད་སོགས། །
སྐྱེ་འགྲོའི་བདེ་སྐྱིད་གཞི་མ་བརླག་བགྱིད་པའི། །
བྱ་བ་སྤངས་ནས་ཀུན་ཕན་ལས་ལ་གཞོལ། །

ཐུབ་པ་མཆོག་ཉིད་ལྗོན་པའི་དྲུང་དུ་བལྟམས། །
ལྗོན་པའི་དྲུང་དུ་བདུད་བཅོམ་བྱང་ཆུབ་བརྙེས། །
ལྗོན་པ་ཟུང་གི་དྲུང་དུ་མྱ་ངན་འདས། །
འདི་ལྟར་ཐུབ་པས་ལྗོན་པར་གཙིགས་སུ་འཛིན། །

གང་དུ་འཇམ་མགོན་བླ་མ་ཙོང་ཁ་པ། །
མཚན་དཔེ་བཞད་པའི་ས་ཡི་ཐིག་ལེ་དེར། །
འབུམ་ཕྲག་རྒྱལ་བའི་སྐུ་ཡི་གཟུགས་གསལ་བའི། །
ཙན་དན་ལྗོན་པས་མཚན་པར་ཡོངས་སུ་གྲགས། །

འཇིག་རྟེན་ལས་འདས་ཡེ་ཤེས་ལྷ་དང་ནི། །
ཡུལ་ཕྱོགས་སྐྱོང་བའི་ལྷ་ཀླུ་མཐུ་བོ་ཆེ། །
དུ་མ་ཞིག་ཀྱང་ལྗོན་པའི་སྡོང་པོ་ལ། །
གནས་གཞི་འཆའ་བར་ཡོངས་སུ་མ་གྲགས་སམ། །

ལྗོན་ཤིང་བཟང་པོས་རླུང་ཁམས་གཙང་བར་བྱེད། །
ལྗོན་པས་སྲོག་རླུང་གཏོང་ལེན་རམ་འདེགས་བྱེད། །
ལྗོན་པས་མིག་དང་ཡིད་ལ་སིམ་པ་སྟེར། །
གྲིབ་བསིལ་སྣུམ་པོ་ཀུན་གྱི་ངལ་གསོའི་གནས། །

ཟླ་མེད་སྟོན་པ་མཆོག་དེས་འདུལ་བ་ལས། །
ལྗོན་ཤིང་གཞོན་ནུ་ཇི་ལྟར་སྐྱོང་བའི་ཚུལ། །
དགེ་སློང་རྣམས་ལ་གདམས་པའི་ཚུལ་འདིས་ཀྱང་། །
ལྗོན་ཤིང་འདེབས་སྐྱོང་དགེ་ལས་མཆོག་ཏུ་རྟོགས། །

སྐྱེས་པ་གཅོད་དང་གཅོད་དུ་བཞུག་པ་དང་། །
ས་བོན་བཅོམ་དང་རྩྭ་སྔོན་སྦགས་པ་སོགས། །
དགེ་སློང་རྣམས་ལ་སྟོན་པས་བཀག་པ་ཡང་། །
ཁོར་ཡུག་གཅེས་སྐྱོང་གདམས་པར་བཟུང་བར་འོས། །

སྐབས་གསུམ་གྲོང་དུ་རྒྱལ་བའི་བྱིན་རླབས་ལས། །
འདུས་བྱས་མི་རྟག་ལ་སོགས་ཆོས་ཀྱི་སྡོམ། །
བཞི་པོ་སྟོན་པའི་སྒྲ་དབྱངས་ཟབ་མོ་ཡང་། །
ལྗོན་པའི་ཤིང་གི་རྐྱེན་ལས་འབྱུང་བར་གསུངས། །

གཞན་ཡང་ལྗོན་པས་ཆར་ཆུ་འདྲེན་པར་བྱེད། །
ལྗོན་པས་ས་ཡི་ཟུངས་ནི་འཛིན་པར་བྱེད། །
དཔག་བསམ་ཤིང་ཞེས་འདོད་པ་ཀུན་སྟེར་བའི། །
དགོས་པ་རྣམས་ཀྱང་དོན་གྱིས་སྒྲུབ་པ་ཡིན། །

ཡ་ཐོག་དུས་ཀྱི་རང་རེའི་མེས་པོ་རྣམས། །
ལྗོན་འབྲས་ཟས་དང་ཤུན་པ་གོས་སུ་སྤྱོད། །
སྡོང་དུམ་གཙུབས་ལས་མེ་ཡི་རིག་པ་རྙེད། །
གནོད་འཚེ་ལྷགས་ཚེ་ལྗོན་པར་སྐྱབས་སུ་བསྟེན། །

ཚན་འཕྲུལ་བསྐལ་པ་བདོ་བའི་དུས་འདིར་ཡང་། །
གནས་དང་སྤྱོད་ཆས་ཕལ་ཆེར་ལྗོན་པའི་དྲིན། །
འཐབ་རྩོད་ཁོང་ཁྲོའི་མེ་ཡིས་སྙིང་བསྲེག་ཚེ། །
འཕྲལ་དུ་ཞི་བསིལ་ཚོར་བ་ལྗོན་པས་སྟེར། །

མདོར་ན་མི་དང་མི་མིན་སྐྱེ་འགྲོ་ཀུན། །
འཚོ་བའི་གཞིར་གྱུར་ལྗོན་ཤིང་སྟོངས་གྱུར་ན། །
འཛམ་གླིང་ཤིང་གི་སྒྲ་ཡིས་ཉེར་བསྟན་པའི། །
གླིང་འདི་འཇིགས་རུང་མྱ་ངམ་ཐང་དུ་འགྱུར། །

གཞན་ཡང་སྲོག་ལས་གཅེས་པའི་དངོས་པོ་ནི། །
འགའ་ཡང་ལུས་ཅན་རྣམས་ལ་ཡོད་མ་ཡིན། །
སྲོག་ཆགས་བཅས་པའི་ཆུ་ལ་སྤྱོད་པ་སོགས། །
འདུལ་བའི་ཁྲིམས་སུ་བཅོམ་ལྡན་འདས་ཀྱིས་བཀག །

ཆོས་ལྡན་གངས་ཅན་བོད་ཀྱི་རྒྱལ་ཁམས་དེར། །
རི་རྒྱ་ཀླུང་རྒྱ་ཨར་ལས་རྒྱ་སྡོམ་སོགས། །
མགོན་མེད་སྐྱབས་བྲལ་ཉམ་ཆུང་དུད་འགྲོ་ཡི། །
ཕངས་པའི་སྲོག་གི་སྲུང་སྐྱོབ་ལུགས་བཟང་བྱུང་། །

རི་དྭགས་རྔོན་དང་ཉ་རིགས་འཛིན་པ་སོགས། །
རྩེད་འཇོ་ཙམ་གྱི་ཕྱིར་དུ་གཞན་སྲོག་ལ། །
བག་ཚ་མེད་པར་འཚེ་བ་རྩོམ་བྱེད་པ། །
སྲོག་ལྡན་སྤྱི་ཡི་ཐོབ་ཐང་འཕྲོག་པའི་ལས། །

དེས་ན་སྣོད་བཅུད་རྟེན་ཅིང་འབྲེལ་འབྱུང་ཚུལ། །
རྟག་ཏུ་ཡིད་བཅང་ཀུན་ཕན་དགེ་བློའི་ངང་། །
རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་གནས་རྣམས། །
གཅེས་བཟུང་བསྲི་ཚགས་བརྩོན་པ་ལྷོད་མི་བྱ། །

ཁྱད་པར་ནམ་ཟླའི་དུས་ཚིགས་ངེས་བཟུང་སྟེ། །
ལྗོན་པ་འདེབས་འཛུགས་ཆོ་ག་སྐྱོང་བྱས་ན། །
རང་བདེ་གཞན་ཕན་འགྲོ་བ་སྤྱིའི་སྲི་ཞུར། །
སྨིན་པའི་དོན་ལྡན་ལས་ཀྱི་བགོ་སྐལ་གྲུབ། །

དེ་ལྟར་སྐབས་བབས་བླང་དོར་གནས་དག་ལ། །
འཇུག་ལྡོག་མ་ནོར་ཚུལ་བཞིན་འབད་པའི་མཐུས། །
སྣོད་བཅུད་དགེ་མཚན་ཉམས་མེད་སླར་གསོས་ཏེ། །
བདེ་དགེའི་ལྗོན་ཚལ་ཕྱོགས་བརྒྱར་རྟག་འཕེལ་ཤོག །

࿐ང་ལ་བརྩེ་སེམས་ཀྱིས་ཕྱུགས་པའི་ཨ་མ་ཞིག་ཡོད།

གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པའི་ཉིན་དེར་རང་ཉིད་ཀྱི་བརྩེ་བའི་དྲིན་ཆེན་གྱི་ཨ་མ་ལགས་ལ་ཁ་པར་ཞིག་བཏང་བ་ཡིན། ཉིན་དེ་ནི་དྲིན་ཆེན་གྱི་མ་ལོ་འཇིག་རྟེན་འདིར་ཕེབས་ནས་ལོ་ངོ་ལྔ་བཅུ་ཏག་ཏག་འཁོར་བའི་ཉིན་དེ་རེད། དེར་བརྟེན། ངས་ཨ་མ་ལགས་ལ་རྟེན་འབྲེལ་གྱི་འཚམས་འདྲི་ཞིག་ཞུ་དགོས་སྙམ། ཁ་པར་བླངས་མ་ཐག། ཁོང་གིས་ཨ་མའི་གཅེས་ཕྲུག་ཁྱེད་རང་ག་རེ་བྱེད་ཀྱི་ཡོད། ཁྱེད་རང་ན་ཡི་མི་འདུག་གམ། ཆམ་པ་འདྲ་ཕོག་མི་འདུག་གམ། བུ་རང་ནང་ལ་ག་དུས་ལོག་ཡོང་གི་ཡིན། ཨ་མ་ཁྱེད་དྲན་གྱི་འདུག་ཅེས་སོགས་ཀྱི་མཚམས་མི་ཆད་པའི་ཐུགས་ཁུར་གྱི་འདྲི་ཚིག་རེ་རེ་བདག་གི་རྣ་བའི་བུ་གར་ལྷུང་ཡོང་དུས། བདག་གི་མིག་ཀོང་མཆི་མས་བརླན་ཏེ་སེམས་ཁོང་དུ་བརྗོད་མི་ཤེས་པའི་སྐྱོ་སྣང་ལྷང་ལྷང་ཞིག་ངང་གིས་སྦྱིན་བྱུང་།

ལན་རེར་ཁ་པར་བཏང་སྟེ་ཁ་ཡག་གིས་བདེ་མཚམས་ཡིན་མིན་དྲིས་པ་ཙམ་ལས་བུ་ངས་བྱམས་ལྡན་མ་ལོ་ཁྱེད་ལ་བསྒྲུབ་འོས་པ་གང་ཡང་བསྒྲུབ་མི་ཐུབ། བརྩེ་སེམས་རྒྱ་མཚོ་ལས་ཟབ་པའི་དྲིན་ཆེན་མ་ལོས་འཚོ་བའི་དཀའ་ཚེགས་དང་ལས་ཀའི་དཀའ་ལས་འབུམ་གྱི་ཁྲོད་ནས། མ་ལོས་ང་རང་པང་དུ་འཁྱེར་ནས་ཆུ་ཟོམ་བརྒྱབ་ལ་ཁུར་ཏེ་འགྲོ་ཞིང་། ཡང་ན་ང་རང་བརྒྱབ་ཏུ་ཁུར་ཏེ་པང་དུ་ཟས་རིགས་འཁྱེར་ནས་འགྲོ་བའམ། ཡང་ན་འུར་རྡོ་རྐེད་ལ་དྲངས་ནས་ཕྱུགས་ནོར་འཚོ་བའི་གཏམ་རྒྱུད་ནི་ཕ་ཡུལ་གྱི་རི་ཀླུང་ཆུ་གསུམ་ལ་རི་མོ་ལྟར་བརྐོས་ནས་ཡོད།

ད་དུང་། མ་ལོས་དུས་སྐབས་ངེས་མེད་དུ་ང་རང་གི་ཁ་ཆུ་སྣ་ཆུ་དང་གཅིན་སྐྱག་ཡོད་ཚེད་ཀྱང་ཁ་དང་ལག་པས་ཕྱིས་པ་མ་ཟད་ང་རང་འཆམ་པ་འདྲ་བྱུང་བའམ། ཡང་རྐྱེན་ཞན་གང་ཡིན་མ་ཤེས་པར་ང་རང་ངུ་བ་མཚམས་མི་ཆད་པའི་སྐབས་ཨ་མ་ཁོང་ཡང་སྡུག་བསྔལ་ཤིན་ཏུ་ཆེ། བརྩེ་སེམས་རྒྱ་མཚོ་ལས་ཟབ་པའི་དྲིན་ཆེན་མ་ལོ། ང་ཁྱེད་ཁོ་ན་ལ་དགའ། ཁྱེད་ཀྱི་བཀའ་དྲིན་ནི་གོམ་གསུམ་བར་ནས་དྲན་བྱུང་། ཨ་མ་ལགས། ཁྱེད་སྐུ་ཚེ་བརྟན་ཅིག། ཁྱེད་ནི་བུ་ངའི་སྐྱབས་དགོན་ཡིན། ཁྱེད་ནི་བུ་ངའི་ཡོད་ཚད་དེ་ཡིན།



བདེན་སྨྱུག་ནས་བྲིས།

སྐྱབས་རྗེ་ཡིད་བཞིན་ནོར་བུའི་ཐུགས་ཀྱི་སྲས། ། 
བོད་བརྒྱུད་ནང་བསྟན་འདེགས་པའི་ཀ་ཆེན་གཉིས། ། 
སྐད་དང་ཡི་གེའི་མེ་རོ་གསོ་བ་པོ། ། 
མཁ༵ན་ཆེ༵ན་རྣ༵མ་གཉི༵ས་སྐུ༵་ཚེ༵་བརྟ༵ན་གྱུར་ཅི༵ག །

—— ཨ་རིག་འབྲུག་སྤྲུལ་ནས།


发布     👍 0 举报 写留言 🖊   
✋热门推荐
  • 现在,面前的小碗里放着一个小鱼干,男人笑眯眯的说:“小猫咪,以后你再也不用流浪了,这是你的家。小猫咪有点懵:怎么自己正在晒太阳,就被一个男人抱回了家,回家前还去
  • 3.大脸星人有救啦,超in简约风的水桶帽了解一下,让你get精致小脸,秒变时尚潮人。8.家庭版烧烤趴,煎烤炒烙样样精通,轻油少烟,尽兴又健康,吃货们赶紧看过来~
  • #周周今天吃什么饭啦# 今天早点吃完了最后的香蕉!哈哈哈哈哈哈哈三文鱼和甜虾和大福太太太太太好吃啦 吃了好多 我妹不吃生的 问我俩能点点熟的不 哈哈哈哈哈哈哈哈
  • 能源革命和人工智能双重加持的稀土永磁】7月28日,A股稀土永磁板块再度走高。实际上,稀土永磁概念板块在4月26日低点后,便开启上涨模式。
  • #盒你一起# 喵呜~我亲爱的木薯粉,5.14是母亲的节日,您可愿意和我们一起,给妈妈一份惊喜,或者陪麻麻一起创造一份惊喜呢?不好好吃饭、不睡觉、不做作业、不听话
  • 哎,真的很想,不知道还会持续多久,自从2.20之后一直都是这样,奇怪了,明明泪点也不算低的,羽生结弦总是可以打动你内心最柔软的一部分,果然是我生活中的一部分[抱
  • YOUTHTOPIA(新文化乌托邦)--《The Jewelry Trend Book 2023+》YOUTHTOPIA(新文化乌托邦)表现千禧一代消费群体对身
  • 我阐述前任分手前的纠结过程是要你明白,无论你现在的感情如何,都不能忘记彼此之间的沟通,不能忽视对方每次的欲言又止,更不能忽视对方发出的分手信号。简而言之,你认为
  • #马蓝星 带我回家#为沈马组合贡献一份力#独行月球# 看完的几个想法:①要是3D该多好,已经是大制作了,3D肯定更酷,场面太精美了,完全不输之前的《流浪地球》②
  • 已竣工860套】农民住房建设是关乎老百姓切身利益的一项惠民工程,平湖稳步提升“住在平湖”影响力,持续推进农民住房改善行动,平湖一批农村公寓房建设迎来新进展。这里
  • 与此同时,一张沈阳8月楼盘降价地图在微信朋友圈疯传,一名自称是房产中介的人士整理了涉及沈阳9个区50个在售项目最新降价情况,上榜楼盘价格每平方米下浮几百元至几千
  • #签证cp[超话]# visa#签证cp五周年快乐# 很难讲,五年过得太快了五年前,我希望他们都能实现梦想,大放异彩五年后,我希望他们能始终如一,做自己最喜欢的
  • 人生海海 到底怎样是不失自我地去照顾别人 时间就像是虚拟单位 假借时日无多 我们又是否可以沿途放纵过往不究 人生当中处处都是不对等的关心付出 每一次都是以真心受
  • #新浪台州少儿达人秀# 总决赛赛事安排预告:详情点击◆比赛时间◆7月14日◆签到时间◆幼儿组:上午9点小学组:下午1点◆比赛地点◆台州市文化馆三楼剧场◆注意事项
  • 更新第一天从七点体验到凌晨一点半[汗]新本不错 我永远喜欢机制本红尘屿逛了一圈 没想象中的好看图还有点小 进图还被船夫阴阳怪气说我怎么一个人来[笑哈哈]放
  • 你行走在城市的边缘,带着善良光明的碎片。你行走在城市的边缘,带着善良光明的碎片。
  • #好物分享##蔡徐坤[超话]#偶然点开一个彩粉做的合集 就刷了一上午婧的片段[苦涩] 我们蔡真的好好哦[苦涩] 就温暖有力量[抱一抱]点评和教学员都又专业又让
  • 》----李东楼两天前发表于“今日头条”“作为社交电商平台,云集微店与其他电商平台是一样,都是搭建一个在线零售平台,但不同的是,与社交结合在一起,使得平台能够使
  • 卧蚕部位发黑卧蚕就是下眼袋部位,这里发黑也就是我们平时看到的熊猫眼,这是近期肾气过度消耗所致,代表忧思无限,愿望不能实现,所做无成情场失意,可能生意也会不旺,或
  • )腼腆,圈子很小,同样希望你的圈子也小,希望cp是个自来熟,话多点,不然我怕到时候大眼瞪小眼很尴尬,主动一点,粘人一点也没事喔我喜欢平常爱挂机发呆,喜欢弹琴,超