ཁ་གཅིག་གིས་ཐོས་བསམ་མི་དགོས་དཔེ་ཆ་བལྟ་མི་དགོས་དཔེ་ཆ་བལྟས་ན་རྣམ་རྟོག་མང་རུ་འགྲོ་བས་སེམས་གུ་ཡངས་སོས་དལ་ལྷོད་དུ་ཞོག་ལ་སྒོམ་ཞིག་ཟེར་རོ། 
དེ་ལ་ཀུན་མཁྱེན་མི་ཕམ་པས་ངེས་སྒྲོན་ལས།
བླུན་པོ་ཁ་ཅིག་དང་པོ་ནས། །ཅིར་མི་འཛིན་པར་ལྷོད་དོ་ལོ། །འགྲོ་ཀུན་ཐ་མལ་ཀློད་ཆེས་པས། །ཁམས་གསུམ་འཁོར་བར་གཏན་འཁྱམས་ན། །ད་དུང་བཀླགས་ཏེ་བསྐུལ་མི་དགོས། །ཞེས་གསུངས།

ཨ་ཁུ་ལྡོང་ཡོན་ཚང་ལ་ཐེངས་མ་གཅིག་ལ་མཇལ་མྱོང་ཡོད། སྐབས་དེར་ཁོང་གི་ཉེ་མི་དག་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་«ཐོས་བསམ་གླིང་»གི་གྲྭ་མང་ཡོང་ལ་བསྙེན་བཀུར་བྱེད་བཞིན་འདུག ངས་རང་གི་ངོ་ཤེས་“རྫ་ཤུལ་བཀྲ་ཤིས་རྒྱ་མཚོ་„ལ་འབྲེལ་བ་བྱས་ཏེ་ཨ་ཁུ་ལྡོང་ཡོན་ཚང་ལ་མཇལ་རྒྱུའི་གོ་སྐབས་བྱུང་བ་ཡིན། རྫ་ཤུལ་བཀྲ་ཤིས་རྒྱ་མཚོ་ནི་རྒྱུན་དུ་ཨ་ཁུ་ལྡོང་ཡོན་ཚང་གི་མདུན་ན་ཡོད་མཁན་ཞིག་དང་། «ལྡོང་ཡོན་གསུང་ཆོས་རྩོམ་སྒྲིག་ཁང་»ཞེས་པའི་འགན་འཛིན་མི་སྣ་ཞིག་ཀྱང་ཡིན། ཁོས་ང་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་མང་པོ་བྱས་མྱོང་ཡོད་པས་ངས་ཁོ་ལ་བཀའ་དྲིན་མང་པོ་ཞིག་ཆད་ཡོད། གང་ལྟར་ང་རང་སྔོན་ཆད་ནས་ཨ་ཁུ་ལྡོན་ཡོན་ཚང་གི་སྙིང་སྟོབས་དང་དེང་རབས་བསམ་བློ་ལ་ཡིད་རང་བྱེད་མཁན་གྱི་གྲས་དང་གུང་བཀུར་བྱེད་མཁན་གྱི་ཁོངས་སུ་གཏོགས། དེའི་སྟབས་ཀྱིས་ཁོང་གི་སྐོར་ལ་རྩོམ་ཡིག་རེ་འགའ་དང་གཞན་ལ་ཁ་རྩོད་ཀྱང་བྱས་མྱོང་ཡོད། ཁོང་ནི་བསམ་བློ་གུ་ཡངས་ཡོད་མཁན་ཞིག་དང་གང་ཟག་རེ་རེའི་སྣང་ངོར་འཕྲོད་པའི་བསླབ་བྱ་གནང་མཁན་གྱི་སྐྱེས་བུ་ཁྱད་པར་བ་ཞིག་ཏུ་སྣང་ཡོད་ལ་དགོང་མོ་དེར་དུས་ཚོད་ཕྱེད་ཀ་ཙམ་དུ་ཕལ་ཆེར་ལྷོད་ཡང་གི་ཁ་བརྡ་ཉུང་ཙམ་བྱུང་། ད་དུང་ཁོང་གིས་ང་ལ་འཕྲིན་སྟེགས་སྣ་ཚོགས་ཤིག་ནས་ཁྱོད་ཀྱི་རྩོམ་ཡིག་རེ་འགའ་བཀླགས་མྱོང་ཡོད་ཟེར། ཁྱོད་ཀྱི་ཡོན་ཚད་ཧ་ཅང་ཡག་པོ་འདུག་རྗེས་མར་སློབ་སྦྱོང་གི་ཕྱོགས་ལ་ཧུར་བརྩོན་བྱོས་དང་ཁྱོད་ལ་རོགས་རམ་གང་ལེགས་ཡོད་ཅེས་སྐད་འཕྲིན་དང་བཅས་འབྲེལ་སོང་། ད་དུང་དཔེ་ཆ་གཅིག་གི་སྟེང་ཁོང་གི་མཚན་རྟགས་བཀོད་ནས་ང་ལ་ལེགས་སྐྱེས་སུ་གནང་བ་མ་ཟད་དགོང་ཇ་ལྷན་དུ་རོལ་བའི་གོ་སྐབས་བྱུང་། ད་ཐེངས་ཁོང་གི་«བརྩམས་ཆོས་ཕྱོགས་བསྒྲིགས»་པར་སྐྲུན་འགྲེམ་སྤེལ་མཛད་སྒོ་དཔྱད་གླེང་ཚོགས་འདུ་ལེགས་འགྲུབ་བྱུང་བ་ལ་སེམས་གཏིང་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། སྐུ་ཚེ་ལ་བར་ཆད་མེད་པར་སློབ་གསོའི་ཕྱག་ལས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བོད་དྲི་དྲོ་བའི་མི་རིགས་ཀྱི་སློབ་མ་ཁྲི་སྟོང་མང་པོ་ཞིག་སྐྱོང་ཐུབ་པར་སྨོན་འདུན་སྙིང་ནས་ཞུ།།

འདབ་པ་རྫོང་གི་ཉེ་འགྲམ་ལ་གློ་རྡེག་ཏུ་བལྟས་པ།

འདབ་པ་རྫོང་གི་ཁོར་ཡུག་མཛེས་ཤིང་དྭངས་ཤིང་གཙང་ལ་ཁང་བརྩེགས་དག་ཡིད་དུ་འོང་བ་ཞིག་འདུག  དྲོ་གྲང་ཡང་འཚམ་པོ་ཞིག་འདུག  གོ་ཐོས་ལྟར་ན་རྫོང་གི་དུད་ཚང་དག་ནི་བོད་ཀྱི་རིག་གནས་ལ་དགའ་ཕྱོགས་མེད་པ་དང་བོད་ཀྱི་རིག་གནས་ཤེས་མཁན་ཉུང་བ་དང་།
ཕ་མ་བོད་ཡིན་རུང་ལྷག་པར་དུ་ན་གཞོན་རྣམས་ཀྱིས་རྒྱ་སྐད་བཤད་པ་ལས་བོད་སྐད་བཤད་མཁན་ཉུང་ཉུང་ཡིན་པ་འདྲ།
དགོན་པ་དང་ཁད་ཉེ་བ་དག་ཅུང་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཡོད་པ་ཅུང་དྲག་ཤོས་ཡིན་པ་འདྲ། ཧོར་གྱིས་བལྟས་ཡོང་ན་བོད་ཀྱི་རིག་གནས་ལ་དོ་སྣང་ཆེར་མེད་པའི་སྣང་ཚུལ་མངོན་ཡོང་གིན་འདུག
དཔེར་མཚོན་འགའ་དྲངས་ན་སྤོང་ཕུག་དགོན།  སྤང་ཕུག་དགོན།
འབྲུག་རྗེས་དགོན།   འབྲུག་རྗེ་དགོན།  ཉི་རྟེན།  ཉིན་སྟེང་ཟེར་བདག་ལས་ཤེས་ནུས་སོ།། མིང་དག་པ་གང་ཡིན་པ་དང་མ་དག་པ་གང་ཡིན་མི་ཤེས་པའི་ཚད་དུ་འདུག   ཡང་མིན་ན་བརྟན་ཁེལ་གྱི་མིང་ཞིག་མེད་པའམ་འབྲི་ཚུལ་དུ་མ་ཡོད་པ་གང་ཡིན་ཆ་མ་འཚལ་ལོ།།
མདོར་ན་འདབ་པ་ལ་ནགས་རི་དང་སྤང་རི་ཡོད་པ།
ཞིང་ཁ་དང་འབྲོག་ས་གཉིས་ཀ་ཡོད་པ།
གཅན་གཟན་འདྲ་མིན་ཡོད་པ། ཡུལ་མི་ཚོས་བཤད་ན་སྟག་ཡོད་པའི་སྐད་ཆ་ཞིག་ཀྱང་འདུག 
ཁྱད་པར་དུ་དུད་ཚང་དག་གི་ཁང་པ་ནི་དགོན་པ་ཆུང་ཆུང་ཚོའི་ཚོགས་ཆེན་འདུ་ཁང་ལས་ཀྱང་ཆེ་བ་ཞིག་འདུག
དུད་ཚང་གི་ཇ་ཁང་ནི་དགོན་ཆུང་ཞིག་གི་ཇ་ཁང་ལས་ཀྱང་ཆེ་བ་གདོན་མི་ཟའོ།།  དུད་ཚང་ཞིག་གི་ཇ་ཁང་ལ་ཀ་བ་ཉེར་གསུམ་ཡོད་ཟེར་གི་འདུག ཁང་པ་གཅིག་ནང་དུ་འགྲོན་པོ་བརྒྱ་ཕྲག་ཙམ་ཞིག་ཤོང་མི་ཤོང་མེད་པ་ཞིག་འདུག ཁོ་བོར་མཚོན་ན་དེ་འདྲའི་ཀ་བ་ཉེར་གསུམ་ཅན་སྒེར་གྱི་ཇ་ཁང་ཆེན་པོ་དེ་འདྲའི་ནང་སོང་བ་ཐེངས་དང་པོ་ཡིན།
མདོར་བསྡུས་ཏེ་བཤད་ན་འདབ་པ་རྫོང་གི་ཁོ་ར་ཁོར་ཡུག་དང་དུད་ཚང་གི་ཁང་པའི་བཟོ་བཀོད་ས་ཆའི་མཛེས་སྡུག་སོགས་ཡིད་དུ་འཐད་ཅིང་བློས་མི་ཐོངས་པ་ཞིག་རེད།
ཡིད་སྐྱོ་དགོས་པ་ཞིག་ལ་སློབ་མ་ཁ་ཤས་དང་འཕྲད་སོང་ཁོ་རང་ཚོ་ཕན་ཚུན་བར་དུ་རྒྱ་སྐད་རྐྱང་རྐྱང་བཤད་བཞིན་འདུག་ངོ་མདོག་མ་གཏོགས་རྒྱ་དང་ཁྱད་པར་མེད་པར་ངེས།
ད་དུང་དེ་ཙམ་གྱིས་ག་ལ་ཚད་དཔེ་ཁང་ཞིག་ཏུ་འགྲོ་འདོད་དེ་དཔེ་ཁང་གར་ཡོད་དྲིས་པས་གྲོགས་པོས་བཤད་པ་ལྟར་ན་འདབ་པ་རྫོང་དུ་དཔེ་ཁང་གཅིག་ཀྱང་མེད་པ་མ་ཟད་འདབ་པའི་མིས་དཔེ་ཆར་མི་བལྟ་ཟེར་བ་དེའོ།།

སྙན་སྲས།



发布     👍 0 举报 写留言 🖊   
✋热门推荐
  • 倘若还没有也没关系..那就先准备好"天外来物演唱会联名充电宝”@怪兽充电EnergyMonster 等待他降落你的城市 第一时间准备好登船票 然后满电
  • 小动物都是有灵性的,我一直都觉得是这样。@何运晨Yancy一些好好爱自己的文案1.我所走的路 要繁花盛开 要人声鼎沸2.忘记过去的花 去爱有结果的树3.依赖感
  • 巨石阵世界的馆长表示,Nebra天空盘和太阳吊坠是欧洲青铜时代最杰出的两件现存物品。被认为代表了太阳、月亮、星星和昴宿星座,据说它是世界上现存的最古老的宇宙代表
  • 但他也只是认为这个惠苑公寓,有他们之间的回忆罢了,如今两人都是孤单一人,不少人表示刘惠娟,应该还是爱着李兆基的。离婚后的刘惠娟,独自一人来到了加拿大,开始了极为
  • 如果知道了,那就不叫选择了。[小红花] 每个人心里都应该留着一点儿小小的光,万一哪天燃了呢。
  • (可垂询结缘)#名家作品友情代理推荐分享#【毛菁文】中华人民共和国首选书法名家、河南名家书画研究学会客座教授、新加坡艺术协会常务理事、中华人民共和国日史编辑委员
  • 19|今年和去年生日不一样啦 看着去年生日的朋友圈视频 就突然一下子绷不住了 好怀念那时候的你们 不知道明年的我们还在不在一起过生日 但是一想到每次生日都有你们
  • (要入刑的,)其次是心灵上的犯罪,指意淫,(不入刑)在道德层面,和欲望层面挣扎,仿佛陷入了一个困境,从欲望里逃出,escape[二哈],进入高尚的道德层,又co
  • 他们为了个人和集体、国家的荣誉,从很小的时候就了解到这一点。尽管在女单比赛中最终以0比2不敌日本选手山口茜,但舟车劳顿、连续作战的她已经发挥出了百分百的能量,每
  • 就像是企业招员工,有人说“我清北的,我藤校的”但是你学的东西我根本用不上,你再耀眼,对我来说也是没有吸引力。我觉得主要有两点,年龄肯定是其一,而我认为最大的原因
  • #股票##情语美美##情感# 你,如果是女人,就一定要控制自己的交往范围,你不能像男人那样,见谁都是好朋友,即便你的职业是公关,你也不要在下班后,今天和这个男朋
  • 一方面,基于大数据、互联网、人工智能等技术的发展,通过新技术和模式重新构建产业组织与生态,实现产业价值链的进一步分解和重新组合,推进产业园区转型;另一方面,通过
  • 缓解自己多日来对阳光的思念.现场整体以粤式复古风格为主 怀旧经典直接一秒穿越到了记忆中的80年代「阳光冰室」里有自带复古滤镜的道具场景有满屏的阳光宣言 有意想不
  • 明确的说,上个星期找了个兼职做dm玩,店里同事看我追星,知道我喜欢的是谁后第一反应是“我好像吃过瓜,他现在怎么样了?有时候就会想 我要是能够再温柔一点 共情能力
  • #移动欢心服务# 近日,在福建厦门,中国移动联合厦门医学院附属第二医院共同打造“5G+人文关爱型”重症监护病房,共建医疗设备监护数据管理平台。另外,借助中国移动
  • 局机关第二党支部全体党员参加了共建活动,并对明光市学校场地开放、“举步可就”的全民健身设施建设等情况进行调研。根据省政府妇女儿童工作部署,近日省体育局结合“我为
  • #任嘉伦一生一世# rjl #任嘉伦周生辰# 小荔枝来超话值班了。 每周六是荔枝值班日,嘉人们可以将需要屏蔽的帖子以「id+截图或+截图」的方式留在下方评
  • 历史风貌街区/老洋房/老公寓/里弄/梧桐树精品文创艺术服饰类买手店/时尚青年人文创意街区/城市休闲时尚潮流场景汇聚地/网红店/下午茶/私宴/日料/米其林/酒吧街
  • 【腾讯视频#好片推荐官#创作者招募令】发!起!
  • ——黑塞《朝圣者之歌》20.无论对谁太过热情,就增加了不被珍惜的概率。而生活在爱里的孩子,会有一种自内而外的自信感,他们敢于遵从自己的内心,追求自己喜欢的一切,