དམ་པ་མཇལ་ཡང་དམན་པའི་སྤྱོད་པས་བསླུས།།
ལམ་མཆོག་རྙེད་ཀྱང་ལམ་མིན་གཡང་ལ་འཕྱན།།
བདག་དང་བདག་འདྲའི་གཤིས་ངན་སེམས་ཅན་རྣམས།།
རང་རྒྱུད་ཆོས་ཀྱིས་ཐུལ་བར་བྱིན་གྱིས་རློབས།།

དྲུག་པ། སྐྱེས་པ་བུད་མེད་བཟའ་བཏུང་ཡོ་བྱད་སོགས་ཀྱི་སྐོར།
༄༅།། འཛམ་གླིང་སྤྱི་ཡི་མི་ཡི་བྱད་གཟུགས་དང་།།

སྒོས་སུ་རྒྱ་གར་མི་ཡི་བྱད་གཟུགས་བརྗོད།།

ལཱ་ཌེན་ལ་སོགས་ཕྱི་གླིང་སྐད་ཡིག་ལ།།

ལེགས་སྦྱར་ཟུར་ཆག་ཤུགས་རྐྱེན་ཆེ་ཚུལ་བརྗོད།།


རྒྱ་གར་ཡུལ་གྱི་གཉུག་གནས་མི་རིགས་དང་།།

ཨཱརྱཎ་པ་རྣམས་ཇི་ལྟར་སླེབས་པའི་ཚུལ།།

སླེབས་ནས་རྒྱ་གར་ཡུལ་དུ་སེར་སྐྱའི་གནས།།

ལུས་འཕགས་གསལ་ལྡན་གྲོང་སོགས་སྤོས་ཚུལ་ཡོད།།


དྲི་ཟ་གནོད་སྦྱིན་ཀླུ་དང་མིའམ་ཅི།།

མི་ཡི་ཡུལ་ཏེ་ཕྱིས་སུ་ལྷ་ཡུལ་བྱས།།

ལུས་འཕགས་ལ་སོགས་ཕྱོགས་བཞིར་དབྱེ་བ་ཡང་།།

ལུང་དང་མྱོང་བས་རྒྱ་གར་ཡུལ་དུ་རྙེད།།

ཨཱརཎ་རྣམས་ལ་སྲིད་སྐྱོང་རྒྱལ་པོ་དང་།།

དམག་དཔོན་ཆེན་པོ་འཁྲུངས་ཤིང་དམག་འཐབ་ལ།།

རྟ་གཙང་མཆོད་སྦྱིན་རྒྱལ་པོར་ཁྲི་འདོན་ཡོད།།

རིགས་དབྱེ་མ་ནུ་བྱ་བའི་ཁྲིམས་ཡིག་བཙན།།

མཆོད་པ་སྦྱིན་སྲེག་ཆོ་གས་བྲམ་ཟེ་དང་།།

ཨཱརྱཎར་འཐབ་ཆེད་མཚོན་ཐོགས་རྒྱལ་རིགས་བྱུང་།།

ཚོང་དང་ཞིང་ལས་བྱེད་པའི་རྗེའུ་རིགས་དང་།།

བརྙས་པས་དཀའ་ལས་བྱེད་པ་དམངས་རིགས་བྱུང་།།

དེ་རྗེས་སངས་རྒྱས་བསྟན་པ་དར་བ་དང་།།

རིགས་ལ་མཆོག་དམན་དབྱེ་བ་མེད་པར་བཏང་།།

གུཔྟའི་རྒྱལ་པོས་བྲམ་ཟེ་བསྟེན་པ་ཡིས།།

སླར་ཡང་བྲམ་ཟེ་དར་ཞིང་རིགས་རུས་དབྱེ།།

ཨཱརྱཎ་རྣམས་ཀྱིས་ཚེ་གཅིག་བྱེད་དགོས་པའི།།

ཀུན་སྤྱོད་རིམ་པ་བཞི་ཡི་འཇུག་ཚུལ་དང་།།

བྲམ་ཟེའི་ཆོས་ལོག་སྐེ་བྲེགས་མཆོད་པ་སོགས།།

མཆོད་པ་མེ་བསྲེགས་ཆོ་གའི་གནས་སྲོལ་ཡོད།།

ལྷ་དང་ཆུ་བོ་འགའ་ཡི་མིང་དྲས་པའི།།

ཚིགས་བཅད་ཙམ་ལས་དོན་ཟབ་ཅིང་མེད་ཀྱང་།།

ཁོ་བ་ཅག་གིས་སྦས་དོན་ཡོད་ཁུལ་གྱིས།།

ཆེར་བསྔགས་ཟབ་དོན་འགྲེལ་མཛད་རིག་བྱེད་དར།།

གཅེར་བུ་བ་ཡིས་རང་གི་ལུང་ཡིག་བྲིས།།

རྒྱལ་བ་དམ་པ་གཽ་ཏའི་སྔོན་འཁྲུངས་ཤིང་།།

ལུང་ལ་སྔ་མ་ཁོང་ཚོས་བྲིས་ཟེར་ཡང་།།

རྒྱལ་རབས་སྐད་ཀྱིས་སུ་སྔ་ཐག་གིས་ཆོད།།

གཏམ་རྒྱུད་ནམ་བྱུང་དུས་ལ་བརྟག་འདོད་ཚེ།།

གསར་རྙིང་སྐད་དང་བརྗོད་བྱ་ཡུལ་སྲོལ་སོགས།།

མང་པོ་བསྡུར་བས་བརྟག་བཟོད་རྒྱུ་མཚན་རྙེད།།

༡.ར་མ་ཡ་ན་གུཔྟའི་དུས་ལ་བརྩམས།།
༡.ར་མ་ཡ་ན་དང་བྷ་ར་ཏ། འཇུག་པ་བཅུའི་གཏམ་རྒྱུད། པུར་ན་སྔོན་རབས་བྱ་བའི་ལོ་རྒྱུས་པདྨ། ཚངས་པ་ཉ། ལིངྒ། མེ་ལ་སོགས།


རྒྱ་གར་པ་རྣམས་ལོ་རྒྱུས་མ་བྲིས་པས།།

མྱ་ངན་མེད་སོགས་སྔོན་བྱོན་རྒྱལ་པོ་དང་།།

མཁས་བཙུན་སློབ་དཔོན་ཡུལ་སྲོལ་ལོ་རྒྱུས་སོགས།།

ངོ་མཚར་གཏམ་རྒྱུད་དག་དང་བསྲེས་པ་མང་།།

རྒྱ་གར་བྱང་དུ་སྟོན་པ་སྐུ་འཁུངས་ཤིང་།།

ཉེར་དགུའི་བར་དུ་སྲིད་ཀྱི་ཁབ་ཏུ་བཞུགས།།

སོ་ལྔ་བཞེས་དུས་བྱང་ཆུབ་སྙིང་པོ་ཟད།།

དགུང་གྲངས་བརྒྱད་བཅུར་གཟུགས་སྐུའི་བཀོད་པ་རྫོགས།།

འདས་པའི་ཕྱི་ལོར་མ་སྐྱེས་དགྲ་བོ་ཡིས།།

སྦྱིན་བདག་མཛད་ཅིང་འཕགས་པ་ཉེར་བར་འཁོར།།

ཀུན་དགའ་བོ་དང་འོད་སྲུང་ཆེན་པོ་ཡིས།།

བཀའ་བསྡུ་དང་པོ་རི་ཕུག་གནས་ནས་བྱས།།


གཅེར་བུ་བ་ཡི་རང་གི་ལུགས་བཞིན་དུ།།

བརྩིས་ན་སྟོན་པ་མ་བྱོན་ཉི་ཤུའི་སྔོན།།

གཅེར་བུའི་སྟོན་པ་རྒྱལ་བ་འཁྲུངས་པ་དང་།།

སུམ་ཅུའི་ལོ་ལ་ཁྱིམ་སྤངས་རབ་ཏུ་བྱུང་།།

རང་རེའི་སྟོན་པའི་རྣམ་ཐར་བྱུང་རབས་ལ།།

གཅེར་བུའི་ལུགས་ཀྱིས་ལད་མོ་བྱས་གྱུར་ཏེ།།

ཁོང་ཅག་སྟོན་པའི་ལོ་རྒྱུས་ཡི་གེར་ཕབ།།

གཅེར་བུ་བ་ཡི་འབྲེལ་ཡོད་ལོ་རྒྱུས་ཡིན།།

ཨཤྭཀ་ནག་པོས་སྔར་བྱས་སྡིག་སྦྱོང་སླད།།

བྱེ་མ་ཅན་གྱི་ཀུན་དགའ་རྭ་བ་རུ།།

སྦྱིན་བདག་མཛད་ནས་དགེ་སློང་བདུན་བརྒྱ་བསྡུས།།

ལོ་བརྒྱའི་རྗེས་ཀྱི་བཀའ་བསྡུས་གཉིས་པ་ཡིན།།

སྟོན་པ་འདས་རྗེས་ཉིས་བརྒྱ་བཅུ་པ་ལ།།

གྷི་རིག་དམག་དཔོན་ཨེ་ལེག་ཟན་དར་གྱིས།།

ཏ་ཟིག་ཧྲིལ་བཟུང་ཉིས་བརྒྱ་བཅུ་གསུམ་རྗེས།།

སིནྡྷུཀུཤའི་རི་བཅད་རྒྱ་གར་ནུབ་བྱང་སླེབས།།

སྐབས་དེར་རྡོ་འཇོག་རྒྱལ་པོ་ཨམྦྷ་དང་།།

པཱུར་རུའི་རྒྱལ་པོ་ཉེན་ཁར་འཕྲད་དུས་སུ།།

རྒྱལ་པོ་ཨམྦྷས་མགོ་བཏགས་པཱུར་རུས་འཐབ།།

ཐ་མར་པཱུར་རུ་མ་བསད་དཔོན་དུ་བསྐོས།།

ཨེ་ལེག་ཟན་དར་ཡུལ་དབུས་འཛིན་པ་ལ།།

བགྲོད་པར་འདོད་ཀྱང་ནད་དང་ས་བབ་ཀྱིས།།

བསྐྲད་ནས་དམག་དཔུང་ཡེ་འགྲོར་མ་མཉན་པས།།

ཐ་མར་བ་བྷཻ་ལོན་དུ་ཕྱིར་ལ་ལོག།

སྟོན་པ་འདས་ནས་ཉིས་བརྒྱ་བཅུ་བདུན་ལ།།

ཨེ་ལེག་ཟན་དར་སུམ་བཅུ་ཐམ་པའི་ལོ།།

ནད་ངན་རྐྱེན་གྱིས་དམག་དཔོན་ཆེན་པོ་ཡི།།

སྲོག་གི་རྒྱུན་ཐག་སྙི་མོ་དེ་ནས་ཆད།།

མཽརྱའི་རྒྱལ་རབས་ཆེན་པོའི་ཁྲི་དང་པོ།།

ཙནྡྲགུཔྟར་ཞེས་སུ་གྲགས་པ་ཡིས།།

ཀཻཏུལྱ་དང་གྲོགས་འགྲིག་མཽརྱ་ཡིས།།

ཕྱི་དགྲ་བཅོམ་ཞིང་རྒྱལ་ས་སྐྱ་ནར་བཟུང་།།

ཙནྡྲགུཔྟས་ཚེ་མཇུག་དགེ་སྦྱོང་བསྒྲུབས།།

སིནྡྷུ་བྱ་བའི་བུ་ལ་རྒྱལ་སྲིད་གཏད།།

དེ་ལ་བུ་ནི་བརྒྱ་དང་གཅིག་སྐྱེས་པའི།།

མྱ་ངན་མེད་པ་དེ་ཡི་ཡ་གྱལ་ཡིན།།

ཚེ་སྟོད་དགྲ་གཉེན་མ་ལུས་གསོད་བཅོམ་ཞིང་།།

མངའ་ཁོངས་རྒྱ་བསྐྱེད་རྒྱ་གར་གཅིག་གྱུར་བྱས།།

ཚེ་སྨད་སྡིག་སྦྱོང་ཐབས་སུ་བཤེས་གཉེན་བསྟེན།།

བཀའ་བསྡུ་གསུམ་པའི་སྦྱིན་བདག་ཆེན་པོ་མཛད།།

གནས་བརྟན་མོགལའི་བུ་ཆེན་བཤེས་སུ་བསྟེན།།

མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་རྟེན་ཏུ་བཞེངས།།

སྲས་སྲོས་གཉིས་ཀྱིས་རབ་བྱུང་ལུས་རྟེན་བླང་།།

སངས་རྒྱས་བསྟན་པ་ཤར་ནུབ་ཀུན་ལ་སྤེལ།།

འདི་ནི་རྒྱལ་ཁམས་རིག་བསྐོར་གསེར་ཐང་མའི།།

དྲུག་པ་སྐྱེས་པ་བུད་མེད་བཟའ་བཏུང་སོགས།།

སྐོར་གྱི་ཕྱག་བྲིས་བལྟས་པའི་བརྗེད་ཐོ་ཡིན།།

འཆུག་ས་ནོར་ས་མང་བས་ཡོ་བསྲང་ཞུ།།#微博[超话]# https://t.cn/A6xfVnRb

སྙིང་ལགས
དོ་ནུབ ཁྱོད་ཀྱིས་སུ་ཞིག་དྲན
ང་རང་གཅིག་པུར་ཁུ་སིམ་གྱི་གནས་འདི་ག་རུ
སྤྲིན་གྱིས་མ་བཏུམས་པའི་ཟླ་བའི་ངོགས་སུ་ཁྱོད་རང་ཡང་ཡང་དྲན་ཨང

_ གངས་གཞོན་གྱིས།


发布     👍 0 举报 写留言 🖊   
✋热门推荐
  • #沈阳租房房源[超话]##沈阳租房房源[超话]# 和平区离长白苏家屯都不是很远红椿路 保利茉莉公馆户 型电梯房68平两室一厅 中间楼层交 通 128 188路
  • 10月21日消息,国内成品油价将于10月24日24时进行调整,当前累计涨幅为175元/吨,折算超过1.5元,涨价看来是板上钉钉的事情了。10月21日消息,国内成
  • [合十]佛是吉祥心,如果你在梦里念佛,佛会被你们看见,我就在梦里念佛。有的人念一辈子念佛,都没有钱花,但是他死后灵魂可以去天堂,没有钱花是因为上天考验他。
  • 旧房改造    土地面積: 36.8平方米 建物面積: 72.12平方米 户型构造:三室一厅两卫两浴 交通路线: 南海本线 天下茶屋 站  徒步3分  项目配送
  • 建筑安装工程造价里包含的内容专业性都比较高,而且有很强的区域性,除了要对全国的安装预算定额掌握之外,对所要做的工程造价的地区也要搞清楚其计算的特点和相关规定。知
  • Swan:没错,我在心跳!!!!!!!!!~没错,愛在燃烧!!!!!!!!!~好想伸手把深愛着的宇豪你拥抱!!!!!!!!!~世界那么渺小,我深愛的同时深愛着我
  • 今日原创——(每日小美好)我们学校小超市老板叔叔人超好哒!”可爱的叔叔让我们疲惫的身心感到了一丝安慰所以明天也要加油鸭~(话好多一女的[污])#张睿[超话]#[
  • 一整天都没有好好的,尤其是上午,我都没有和你好好说话,真的太罪过了,但是我真的生气啊!哎,其实事情很小,但是被我闹的很大,可能这个点就是能让我生气的点吧。
  • 佛系熊猫第三期「友情岁月」系列活动即将开启,本次带来了「超级巨星」盲盒空投,三个传说款足球先生、篮球飞人还有茶道集体亮相,馈赠给符合资格的佛系高级藏家。另外还有
  • 只要今晚M议息决议不超预期75个点,市场会有自己的节奏,盯住主线,机会多多!多吃一些水果和绿色蔬菜会好很多,即使再喜欢吃辣椒也要偶尔忌口哦~11月24日之后:到
  • 作为“光影哲学”设计理念的巅峰之作,奔腾B70S在新中式设计上区别于绝大多数SUV,尤其蓄势待发的低趴姿态,总能触及年轻人对“颜值即正义”的深度共鸣,也无疑将年
  • 虽然我从来不爱说卷这个词但是今天开卷考了六题简述但没人简吧人均在两个小时内写三四千字答题纸满满当当写了至少两张我头一次写到手废然后每天说自己睡得很晚,在睡觉不读
  • 成立七年来,零跑汽车坚持以舒适安全优先的理念,洞察新一代消费者对座椅产品的深度需求,不断加码垂直整合、深度打造高价值产品,关注与守护用户的出行安全。未来,零跑汽
  • shanshan‘s day 小记今天早上早8⃣️ 一醒来突然想起来自己在退一个贵包时把拆快递用的剪刀一起丢进包裹里了 一上午都在担心会不会剪刀把包划烂不给我退
  • 下面这段摘自Naomi Wolf的「美貌的神话 The Beauty Myth」翻译©️月溪 :“铁处女曾是德国中世纪的罪犯刑具,实质是个铁盒,外形为有着手脚的
  • ​​​感谢你倾骑所有,下赛季,是走是留,我依然追逐你❤️感谢骑士又陪伴了我们一个赛季,感谢勒布朗又让我们多爱了他一年,也感谢你们这群可爱的球迷又陪我走过了四季
  • 小玉一周用一次敲舒服哒~ .拍:rnw鼻贴去黑头神器粉刺导出液草莓鼻收缩毛孔清洁闭口rmw女男正品领卷入——[笑哈哈]【49】沐沐 草莓晶粉晶系列手链拍159的
  • 卖货“大姐”说你这孩子太能讲了,看你是个学生,要不都不这么卖。”我说“我3X了啊”卖货小妹一惊讶,“哎妈呀,我比你小三岁!
  • 艹,应该是没良心,他么全都是黑的,裁判,你果然没让球迷们失望[微笑],我想理智的看球来着,你tm理智的评判了吗?艹,应该是没良心,他么全都是黑的,裁判,你果然没
  • 这个赛季都在说骑士不行了,你不行了,说你这个季后赛走不了多远,作为詹蜜肯定希望你在季后赛能越走越远,更希望是你别受伤!!