(གུར་གྱི་གྲོང་ཁྱེར། )
ཉི་མ་དང་ཐག་ཉེ་སར་འཚོ་བའི་མི་རྣམས།
ཆོ་འཕྲུལ་དང་ཟང་ཟིང་གིས་འུར་ཆིལ་ལེར་བཏང་ཞིང་།
བག་མེད་དང་འགྲན་རྩོད་ཀྱིས་བཟི་ཞིང་འཐོམས་པར་གྱུར།
རྒྱང་རིང་འདིར།
ཁ་གཡང་དང་ཚོན་ཁྲ་འཕྱུར་བ་ཡིས་བདག་གི་མཐོང་ལམ་སྒྲིབ།

རྒྱང་རིང་གི་ངས།
མཐོ་སྒང་གི་ཉིན་སྲིབ་གང་སར་ཉམ་ཆུང་གིས་འཚོ་བའི་མི་རྣམས་མ་མཐོང་ཞིང་།
རྒྱང་རིང་གི་ངས།
ཉི་མས་འཚིག་པའི་ངོ་གདོང་དེ་ཚོའི་འཛུམ་མདངས་མ་མཐོང་བར་ཡུན་རིང་འགོར།
ངས་ནམ་རྒྱུན། མཚན་མོ་ཁོ་ན་རང་དབང་གི་འཇིག་རྟེན་ཞིག་ལ་རྩིས་ནས།
མུན་པའི་ཁྲོད་ཡི་གེ་འབྲི་མཁན་གྱི་ན་མཉམ་འགའ་དང་།
མུན་པའི་ཁྲོད་རྐང་གླིང་འབུད་མཁན་གྱི་ལུག་རྫི་འགའ་དྲན་ཡོང་།

འདི་ལྟར། མི་རྣམས་ཀྱིས།
གྲང་ངར་དང་དགུན་ཁའི་ངོ་གདོང་བྲིས་ཞིང་།
བསླུ་བྲིད་ཀྱི་མངར་ཁའི་བར་ནས་རང་གི་ངོ་གདོང་འབོར་དུས།
ངས་ཀྱང་མཚན་མོ་ཁོ་ནར་སུས་ཀྱང་མི་གོ་བའི་གཏམ་རྒྱུད་བཤད།

དེ་དགོང་།
ངས་སྦྲ་གུར་གྱི་གྲོང་ཁྱེར་ཞིག་མཐོང་སོང་།
ངས་རྩྭ་ཐང་གི་ཁོག་པ་ཡངས་པོར་མཇལ།
སྐྱེས་ས་སྐྱེས་ཡུལ་དང་ཡུལ་མི་སྤུན་ཟླ།
བྱིན་རླབས་ཀྱི་མཚན་ཁ་འབར་བས་བསླུ་བཞིན་པའི་བླ་སྲོག་གི་སྒོ་མོ་རྡུང་ཞིང་།
ཁྲག་རྒྱུན་དང་དབང་རྩའི་བར་ན་གཉིད་ལ་ཡུར་བའི་དད་པའི་ཚོར་བ་སྒུལ་བས།
ས་མཛོད་དགེ་རྩྭ་ཐང་དུ་གུར་གྱི་གྲོང་ཁྱེར་བཞེངས་སོང་།

འདི་ཆོ་འཕྲུལ་ཞིག་ཡིན་ངེས་ལ།
གཡོ་ཅན་ཝ་མོའི་ཚོགས་ཀྱི་འཁྲབ་སྟོན་ཞིག་ཡིན་སྲིད།
འདི་བྱིན་རླབས་ཤིག་ཀྱང་ཡིན་ངེས་ལ།
མི་ཆེན་མང་པོའི་ཤེས་རབ་ཀྱིས་སྲུང་ཡོད་སྲིད།
སྐྱེས་ཆེན་དུ་མའི་ཐུགས་དགོངས་ལས་བཞད་པ་ཡིན་སྲིད།
གང་ལྟར།
དད་པ་དང་བྱིན་རླབས་ཀྱིས་བཞེངས་པའི་གུར་གྱི་གྲོང་ཁྱེར་འདི།
བག་མེད་ལོངས་སྤྱོད་ཀྱི་མ་བསླུས་པའི་ཡུལ་མི་ཚོའི་སྐད་སྐུར་ཡིན།

དེ་དགོང་།
ངས་བདུད་ཀྱི་ཞགས་སྣེ་རུ་ཆོས་ཀྱི་ལྡུམ་རྭ་འཁྲུངས་པ་མཐོང་ཞིང་།
ངས་དུས་ཀྱི་དུག་རླངས་བར་ནས་དད་པའི་གཟུངས་གཞུག་སྲུང་བ་མཇལ་བྱུང་།
ད་དུང་དེའི་མཐའ་ན་བསྐོར་བའི་སྐར་ཚོགས་ལྟ་བུའི་ཡུལ་མི་རྣམས་མཐོང་བྱུང་།

སྒོ་ཤེས་རབ་རྒྱལ་མཚོའི།
རྒྱ་སྐད་ཟེར་བ་ནི་ང་ཚོར་མཚོན་ན་སྐད་ཆ་གཞན་པ་ཞིག་རེད།
སྐད་ཆ་གཉིས་པ་ཞིག་རེད།
དེ་མ་འོངས་པ་ན་ཚད་ལྡན་ཤེས་མཁན་ཡང་ཡོང་བ་རེད་ལ།
མི་ཤེས་མཁན་ཡང་ཡོང་བ་རེད་མོད།
ཚད་ལྡན་ཞིག་ཤེས་ན་འཇོན་ཐང་རེད།
མ་ཤེས་ན་ཡང་མ་ཤེས་པ་རེད་སྐད་རིགས་གཞན་པ་ཞིག་རེད།
སོ་སོའི་མི་ཡུལ་གྱི་སྐད་དང་ཕ་ཡི་སྐད་འདི།
ཕ་སྐད་མ་སྐད་བཅའ་དག་ཞིག་བཤད་མ་ཤེས་དུས།
འཇིག་རྟེན་འདི་ནས་མྱི་ཡི་ཆད་ཆོས་གཙོ་བོ་ཞིག་མ་ཚང་བ་རེད།
སྐད་ཆ་བཤད་མ་ཤེས་དུས།
དེས་ན།
བྱིས་པས་ཚུར་རྒྱ་སྐད་འདྲ་ཞིག་བཤད་ཡོང་ན་ཡང་།
ལོ་ལོན་ནམ་དགེ་རྒན་དག་གིས་ལྷག་ཏུ།
ཡིན་གཅིག་མིན་གཉིས་བྱིས་པ་ལ་ཕར་སྐད་བོད་སྐད་གྱི་ལམ་ནས།
ཐ་སྙད་ཆ་ཚང་བ། ཐ་སྙད་བཅའ་དག
བཤད་རྒྱུ་དེ་ཤིན་ཏུ་གལ་ཆེན་ཞིག་རེད་བསམ་གི

༧ཡུན་རིང་འགྲོགས་ན་ཚེ་འདིའི་བྱ་བཞག་ལ།།
མི་སྐྱོ་བྱ་བ་གཅིག་ཀྱང་ཡོད་མིན་ཞིང་།།
སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ།།
སེམས་ཀྱི་ཁོང་དུ་ལན་ཅིག་འོང་བར་ངེས།།

དགེ་འདུན་ཆོས་འཕེལ། https://t.cn/EA7WWoO


发布     👍 0 举报 写留言 🖊   
✋热门推荐
  • 珂润错过可就真没了啊!! 【¥219】珂润.II号3件套 (洁面2号水霜 ) 现在付定金,0:30分开始付尾款算法:预售价344-付定立减35大洋-津贴40
  • 三天前,在店里打扫卫生的时候,听到有人敲玻璃门,抬头看 是一位环卫阿姨,然后我走了过去…… 环卫阿姨说“我有一条银项链,断了,你这儿可以修吗?” 我说“您先拿来
  • 3.2的一天: 早上终于没有懒床到点起床,但是临出门忘记带饭了,中午点了个不麻不辣不烫的麻辣烫,超级难吃,再也不叫外卖了。 一天的工作倒是挺充实,打了几个生日电
  • day10 白老师此刻正在和她老公和两个儿子打电话,一个一个轮流聊,她好凶,喋喋不休的讲话,像个女王,但老公儿子都好爱她。我希望以后别再有人说我凶,我很正常,白
  • 【怎么判断自己的狐臭严不严重?一分钟看完帮到你!】 你是如何评估自己的狐臭程度? 闻腋下的味道?周围亲戚朋友同学的反应?还是自己模糊的感觉? 目前临床中缺
  • 【推进鄂尔多斯文化和旅游高质量发展的领头雁——记全国文化和旅游系统先进工作者赵子义】 赵子义从2019年1月开始担任内蒙古自治区鄂尔多斯市文化和旅游局党组书记、
  • 요즘 다들 힘들죠? 저도 마찮가지랍니다..그러나 하루.이틀. 일주일. 그러다 일년. . 견디고 지나다 보면 신기하게도 무뎌지고 잊혀지고 새로운
  • #王者云中漠地新英雄##王者荣耀新英雄桑启#即将上线体验服! 他与萤火相伴共生,用积极与勇气,把光芒播撒。 他带着家乡的故事书踏上旅程,只为收集沿途中的奇闻趣事
  • ☑️每日plog|有女儿的日子都闪闪发光 #v派狂欢##日常碎片plog# – 每天晚上下班回来,时间都很少很少,她要听绘本故事,我要做运动。 还要在九点左右
  • 每颗珍珠原本都是一粒沙子,但并不是每一粒沙子都能成为一颗珍珠。想要卓尔不群,就要有鹤立鸡群的资本。忍受不了打击和挫折,承受不住忽视和平淡,就很难达到辉煌。年轻人
  • #婠婠的摸鱼塘##汉服配饰[超话]# 辑珠米珠琉璃绣球发夹【玲珑雪】✨ 绣球春晚欲生寒,满树玲珑雪未干。 落遍杨花浑不觉,飞来蝴蝶忽成团。 ​——张昱《绣球花
  • 长大后才发现家有多珍贵,才发现那才是你最温暖的港湾。 我很开心,我的家人们无条件的支持我的爱好。没想到有天我的歌也能被大制片人听到,何其荣幸。[呲牙] 感谢各位
  • #龙泉寺多语种# 21/5/2017 – Đạo Tào An Toàn Những ngày gần đây, nhóm An Toàn của chùa L
  • #新品即时看# 这款来自“太空”的可乐[可乐]味道到底怎么样?! 相信很多家人跟小秀一样,在尝试过各种黑暗限定款的可口可乐后,已经对类似限定款不抱太多希望。 但
  • 【英雄!凭一己之力,澳洲男子洪水中狂救50多人!“尖叫声毛骨悚然,只能救最危急的人”】 (墨尔本百大生活群加群主️cn2mel3) 据九号台新闻报道,凭借一
  • #老马新观察[超话]#如果真要和另一个人一起生活,我会选择那种在日常生活中和自己拥有同种欢愉的人,也就是在日常的琐碎和平淡之中,快乐的源头和自己一样的人。有了这
  • #mewsuppasit[超话]##MewSuppasit生日快乐##21天MEW挑战# 就是今天啦!我的宝贝,生日快乐! day21今天只有一件事,就是祝你生
  • 人在什么时候会大彻大悟? 只要你爱错一个人,结错一次婚,生一场大病,生意失败破产一会,经历最爱的人生离死别,最亲的人背叛伤害。磨难越大,蜕变越大这些事的发生,是
  • 司库立方获得过亿B轮融资 36氪3月11日消息:司库立方(深圳司库网络科技有限公司)获得过亿B轮融资,投资方为经纬中国。司库立方2016年11月成立,是一家
  • 鼻子必看审美功课,如何避免做成假鼻子 作为混迹医美行业的老油条一枚,所长发现很多人做的鼻子看起来假,很大一个因素都是在于山根。所以这篇文章重点来跟大家讲讲山根