ངའི་དྲན་པ།
ང་ནི།
དྲན་པ་དང་ལྷན་དུ་མི་གནས་པའི་བེམ་པོ་ཞིག
ང་ནི།
སེམས་མི་ལྡན་པའི་ཀེང་རུས་ལས་བྱུང་བའི་སྒྱུར་འཕྲུལ་གྱི་ཕུང་པོ་ཞིག
དེའང་།
འཛམ་གླིང་གི་སྲོག་ལྡན་ཀུན་གྱིས་བདེ་སྡུག་གི་བྱ་ལས་བརྩལ་ཏེ་འགྲོ་བཞིན་ཡོད་པ་ཁྱེད་ཀྱི་ཅི་ལ་མི་ཤེས་སམ།
དེས་མ་ཚད།
ལོ་བཅུ་ལ་ན་མ་སོན་པའི་བྱེས་པ་ཚོས་ཀྱང་མ་འོངས་པའི་ཕུན་འདུན་གྱིས་ཆེད་དུ་གམ་སྒྲ་བསྒྲིག་ནས་འགྲོ་བཞིན་འདུག་ཁྱེད་ཀྱི་རྟོགས་སམ།
མ་ཚད།
ལོ་ངོ་བརྒྱད་བཅུ་བརྒལ་བའི་རྒན་རབ་པ་རྣམ་ཀྱང་མགོ་བོ་གྱེན་དུ་བཅག་ནས་རིག་པའི་སྤོབས་པ་རྩོམ་ཏེ་ད་དུང་འདུན་ནས་འདུན་དུ་འགྲོ་གྱི་འདུག་ཁྱེད་ཀྱི་མཐོང་ངམ།
དྲན་པ་ཡ་དྲན་པ།
ལུས་བེམ་པོ་ས་རྡུ་བཞིན་དུ་གནས་དབེན་པ་འདི་དག་གི་གད་སྙིགས་བྱས་ཏེ་རིག་པའི་མེ་ཏོག་རྐང་གཅིག་གི་གོ་མ་ཆོད་པ་ད་དུང་བྱིང་རྨུགས་ཀྱི་རྒྱལ་མཚོ་འཁྱིལ་ནས་འཚོ་སྡོད་བྱེད་པ་འདི་ནི་ཧ་ཅང་ཉམ་ང་བའི་གནས་ཞིག་གྱུར་ཡོད་པ་འདི་ཡང་ཁྱེད་ཀྱི་མི་འཚོལ་ལམ།
ད་དུང་།
ཁྱེད་ཀྱི་རྟ་རྒོད་ཀྱི་བང་རྩལ་ལ་ཞོན་ཏེ་རྒྱལ་གྲོང་འཕྲུལ་གྱིས་བསྐོར་བའི་ཤི་མ་གསོན་གྱིས་ཚོ་བས་བཟི་ནས་སྟོང་གཏམ་གྱི་རོལ་དབྱངས་དཀྲོལ་ཏེ་ཕོ་ཚོད་བྱེད་པའི་སེམས་ཞིག་འདུག་གམ།
ཨེ་ཨེ་དྲན་པ་ལགས།
དཔྱིད་དཔལ་ཡོན་བཞད་དུས་སྐྱེ་དང་ཚེ་རབ་དུ་མ་ཞིག་ཡོད་པ་རྟོགས་ནས་སེམས་ཀྱིས་སོ་ནམ་བྱས་ཏེ་ལུས་ཀྱི་ལས་སྒྲིབ་སྦྱོང་བའི་དུས་ཡིན།
དབྱར་མེ་ཏིག་འདབ་མ་བཞད་དུས་ཕྱིར་སྣོད་ཀྱི་འཇིག་རྟེན་སྒྱུར་མའི་འཕྲུལ་ལ་མ་ཆགས་ནས་སེམས་བདེན་མེད་རྟོགས་པའི་དུས་ཡིན།
སྟོན་འབྲས་བུ་སྨིན་དུས་ལས་དགེ་སྡིག་གྱི་བརྗེས་སུ་མི་འབྲང་ནས་གཅིག་ཀྱང་སྡོད་ས་མེད་པས་རྒྱུ་འབྲས་ཀྱི་མེ་ཏོག་འཁྲུངས་པའི་དུས་ཡིན།
དགུན་ཁ་བའི་འདབ་མ་སྐྱོང་དུས་མཛེས་སྡུག་རྣམ་པ་བཀྲ་བའི་ལོ་འདབ་སད་ཀྱིས་བཅོམ་པ་དཔེ་བྱས་ཏེ་ཚེ་མི་རྟག་དྲན་པའི་དུས་ཡིན།
དུས་བཞིའི་འགྱུར་ལྡོག་བསམ་ཏེ་སེམས་ཀྱི་དྭངས་གསལ་ནམས་མཁའི་དབྱིངས་སུ་སྤྱོད་དེ་དྲན་པའི་འཆར་སྒོ་སད་པའི་དུས་ཡིན།
དྲན་པ་ཡ།
ཁྱེད་ནི་མགོ་བོ་དགུ་བའི་དུས་མ་ཡིན་ལ།
སྤོབས་པ་ཞུམ་པའི་དུས་མ་ཡིན།
ཁྱེད་ནི་གསེར་དུམ་བུ་ཞིག་གི་སྲོག་རྩལ་ཡིན་མ་རྟོགས་བདག་པོ་མེད་པའི་ཁྱི་འཁྱམ་བཞིན་དུ་གང་འདོད་འགྲོ་བའི་དུས་མ་ཡིན།
དྲན་པ་ལགས།
ཁྱེད་ནི་སྒྲ་རིག་པའི་རལ་གྲི་ཡིན་ལ།
གཏན་ཚིགས་རིག་པའི་ལྗོན་ཤིང་ཡིན།
ནང་དོན་རིག་པའི་ལམ་སྟོན་ཡིན་ལ།
གསོ་བ་རིག་པའི་མེ་ཏོག་ཡིན།
བཟོ་རིག་པའི་སྒྱུར་རྩལ་ཡིན་པ་མ་ཚད་རིག་གནས་ཆེ་ཆུང་ཀུན་གྱི་ལྡེ་མིག་འབྱེད་སའི་གཞི་ཡིན་ལ།
ཐར་ལམ་བགྲོད་སའི་གནས་ཡིན།
དྲན་པ་ལགས།
ཁྱེད་ཀྱི་ཤེས་སམ།
ཁྱེད་ནི་ལུས་རིན་ཆེན་རྟ་རྒོད་ཀྱི་འཕྲུལ་ལ་བཞོན་ཏེ་བརྩོན་འགྲུས་ཀྱིས་བང་རྩལ་རྫོག་པའི་དུས་ཡིན་མ་རྟོགས།
རྔ་ཕག་གྱི་ཕྱེན་བཏང་བ་དང་།
རི་ཕག་གྱི་རྩ་ཟ་བ།
རྡོ་ཕག་གྱི་ཆུ་མཐུང་བ་བྱེད་པའི་བསྐབ་མ་ཡིན།
རྒྱུ་མཚན་ནི།
ཁྱོད་ཀྱི་སེམས་རྒྱུད་ལ་བྱམས་དང་སྙིང་རྗེའི་པད་དཀར་འཁྲུངས་ཡོད་ལ་བཙན་པོ་མི་ཡིས་ཤ་ཁྲག་འདྲིས་ཡོད།
དེ་བཞིན་དུ།
གངས་ཅན་བོད་ཀྱི་བླ་སྲོག་འདི་ལ་མ་ཉམས་གོང་འཕེལ་ཉམས་པ་སླར་གསོ་བྱེད་པའི་ན་གཞོན་དཔལ་སྤོབས་ལྡན་པ་ཞིག་བྱ་དགོས་ལགས།
དྲན་པ་ཡ་དྲན་པ།
མ་ཉལ་ལགས།
ཁྱེད་རང་ཉལ་བའི་དུས་སུ་སླེབས་མེད་པའི་རྒྱུ་མཚན་ཤེས་ཀྱི་ཡོད་དམ།
རྒྱུ་མཚན་ནི་སེམས་ཅན་གྲངས་མེད་ཞིག་གི་རེ་བ་བརྒྱ་ཕྲག་མང་པོ་ཁྱོད་ལ་རྐྱོངས་ཡོད་པས།
དེ་ལ་སྣང་མེད་བྱས་ན་ག་ལ་རུང་།
འཆི་བདག་དགྲ་ཡིས་སྒོ་ཁ་བསྐོར་དུས་ཆོས་མེད་ཀྱི་སྤྲང་པོ་ཞིག་བྱས་ཏེ་སྣང་བ་ཅི་ལས་ཀྱང་མཐོ་བའི་དུས་མིན།
སྐྱེར་བ་ཕྱིར་མའི་དོན་ལ་དམ་ཆོས་མ་སྒྲུབ་ན་བར་དོའི་འཕྲང་ལ་བདེ་མོ་ཞིག་ག་ན་ཡོད།
ངན་གསུམ་གྱིས་སྡུག་བསྔལ་བསམ་ནས་འཇིགས་སྐྲག་ཆེ་བའི་དུས་ཡིན།
ད་དུང་།
དེ་རིང་།
སོང་ཉིན།
གནང་ཉིན།
མ་ཚད་ཟླ་བ་རྗེས་མ་ལོ་ངོ་རྗེས་མ་ཚེ་རབ་ཕྱིར་མ་བྱ་བ་མཐའ་དག་སྒྲུག་དགོས་སྒྲུག་དགོས་བསམ་ནས་སྡད་ཀྱང་ཕན་པ་ག་ན་ཡོད།
དུར་ས་ཞིག་གི་རོ་རུལ་བྱས་ཏེ་བྱ་རོག་གྱི་ཁ་ཟས་སུ་གྱུར་དུས་སྨེང་སྔགས་འདོན་པའི་དུས་མ་ཡིན།
སྐྱེས་བུ་སེམས་དང་ལྡན་པ་ཡིན་དུས་བྱ་བ་མ་སྒྲུབ་བསམ་ན་ངོ་ཚ་རེད།
དེའི་ཕྱིར་ན།
མ་ཉལ་མ་ཉལ་དྲན་ཡ།
ལྡང་ཤོག་ལྡང་ཤོག་དྲན་པ་ཡ།
མཚར་སྡུག་འོད་སྟོང་འབར་བའི་མི་ཚེ་ཞིག་གྱིས་དང་དྲན་པ་ཡ།

འཆར་སྣང་གྱིས།

图片

ལྷ་དང་བླ་མའི་ཐུགས་རྗེས།།
དལ་འབྱོར་ཐོབ་པས་སྤྲོ་སོང་།།
སྔོན་བསགས་བཟང་བོའི་མཐུ་ལས།།
བོད་དུ་སྐྱེས་པས་སྐྱིད་སོང་།།

མདོ་ཁམས་སྨད་ཀྱི་ཐིག་ལེར།།
སྨོན་ལམ་ཐེབས་པས་དགའ་སོང་།།
མཛོད་དགེ་གཡང་ལྡན་ཕྱུག་མོར།།
ལྟེ་ཁྲག་འཕོས་པས་སྐྱིད་སོང་།།

སྙིགས་མ་ལྔ་བདོའི་མཐར་ཡང་།།
ཆོས་ལ་དད་པས་དགའ་སོང་།།
སྨོན་ལམ་གཙང་མའི་མཐུ་ལས།།
བླ་མ་རྙེད་པས་སྐྱིད་སོང་།།

གསང་སྔགས་ཐོས་པ་དཀའ་དུས།།
དབང་ཆེན་ཐོབ་པས་སྤྲོ་སོང་།།
ངོ་མཚར་སྐུ་བཞིའི་ས་བོན།།
སེམས་ལ་བསྐྲུན་པས་སྐྱིད་སོང་།།

ཡར་ལྟོས་དགུང་གི་ཉི་མས།།
འཛུམ་ཞལ་སྤྲོས་པས་མཛེས་སོང་།།
མཚན་ལྡན་དབང་གི་བླ་མའི།།
དགྱེས་ཞལ་མཇལ་བས་སྐྱིད་སོང་།།

བར་གྱི་དད་ལྡན་སློབ་ཚོགས།།
སྤྲིན་བཞིན་འདུས་པས་མཚར་སོང་།།
དཀར་ཕྱོགས་སྐྱོང་བའི་ལྷ་ཚོགས།།
དབུ་འཕང་མཐོ་བས་སྐྱིད་སོང་།།

བླ་མ་བྱམས་བརྩེ་ལྡན་ཞིང་།།
སློབ་མའི་དད་པ་གཙང་ལ།།
དབང་ཆེན་བྱིན་རླབས་ཆེ་བས།།
ཡུལ་ཁམས་གཡང་གིས་གང་སོང་།།

ཨ་ལ་ལ་ཧོ་སྐྱིད་པ།།
ཨེ་མ་ཧོ་ཡ་དགའ་བ།།
གནས་མཆོག་ཤམ་བྷ་ལ་རུ།།
བགྲོད་པའི་ལམ་ཡིག་ལོན་སོང་།།

བླ་མའི་སྐུ་ཚེ་བརྟན་ཤོག།
བསྟན་པ་དར་ཞིང་རྒྱས་ཤོག།
སྦྱིན་བདག་མངའ་ཐང་འཕེལ་ཤོག།
འཇིག་རྟེན་བདེ་ཞིང་སྐྱིད་ཤོག།

发布     👍 0 举报 写留言 🖊   
✋热门推荐
  • 据媒体5月报道,苹果向董事会成员展示了其即将推出的AR/VR头显设备,研发已经进入后期阶段,同时苹果正加快开发这项设备的软件(即realityOS)。除苹果外,
  • 所以,命主想要好,在不考虑日主强弱的前提下,岁运中,需要有财星木、官杀火来通关,以解决水土交战问题。坤造:丙寅 戊戌 辛亥 壬辰大运:丁酉 丙申 乙未 甲午 癸
  • #薇尔莉特[超话]#本来就一把癫疯赛,我用的是我男朋友跟我共用的小号,结果常用英雄没改,我疯狂解释我不会对抗这不是我的号,可队友还是不肯让,好吧,这是我的锅,没
  • 看《心居》原著才懂:为什么劳碌半生的苏望娣会被顾家所有人嫌弃 苏望娣,顾家的长媳,顾士海的妻子,顾昕的母亲,她为丈夫和儿子劳碌了大半辈子。 顾老太太去世前,评价
  • 然而在执行过程中,被民政局副局长(祝兆亭)曲意安排成,只要遗体使用了收费自捡灰火化炉或者骨灰盒,就不统计在相关镇(街)的火化数据内,这使得统计数据严重失真,影响
  • 微薄之力,坚持就是爱心。或许在有钱人的眼里,这些钱连一顿饭都不值。但这么多年的坚持,我也自认没有愧对家乡学子。 “维桑与梓,必恭敬止”。后来桑梓代指家乡。吃饭刚
  • 没有爱情没有稳定的事业没有自己的小家,可是拥有炽热的梦想,拥有四处闯荡的勇气,拥有不被限制的自由,拥有一群志同道合的朋友,那时的那一群勇猛的真诚的善良的艺术的人
  • #川轻化FM.1965# [抱抱]无论是挑灯夜读的考研人[抱抱] 还是积极准备期末的读书人 此刻我们的心都是勇敢且坚定 “当所有的人都抬头看,自己成功
  • 白天一个空闲时间想到自己看到一个人听他说几句话就能把握这个人的脾气秉性,基本上都能得到验证,见过很多不同的人,怎么没有遇到过一个像自己一样的人。看上去到老家也是
  • 所以,金牛男会像沉默的骑士一般守护着自己的公主,让她能无忧无虑地生活下去,不得不说其实真的很浪漫~摩羯座提到摩羯男,大多数人想到的就是他们谦和又拒人千里之外的疏
  • 比如,她翻你的游戏历史记录,发现你两点多带了一把妹,她不会跑去质问你我们不是说过晚安了吗?有一些人只是生命中的过客,你想留也是留不住的,一个不爱你的人,不管你付
  • 第一轮修剪:独苗独枝条,留2对叶片(其实一对叶片最稳妥,但是怕被新手剪死,所以保守2对)。其实我觉得做窄了,还想加宽的,很有可能后期再去加宽一次,大家觉得有必要
  • 这人属性一览表:是个逗比没啥特长,目前只会PS/ID/DW/摄影但不精通偶尔心血来潮涂涂画画日语战五渣的喵喵♢鼬神信徒、哀殿死忠、吾王骑士、林原めぐみ最高✨♢4
  • 【道奇“冲锋者”Charger】每台Charger上都有一个隐藏的“纹身”写着“去买大轮毂”。感谢上帝不是每个人都这么赶时髦,喜欢在轮毂上花一万美元,更别提这些
  • 新锐插画师米莱娜·利高迪倾情插画,充满童趣,用色雅致,极具个人风格,生动有趣的故事情节,用简单轻松的方式告诉孩子“什么是共情”学会更好地与他人相处,适合亲子阅读
  • 当然,对于实体企业、传统的连锁企业、同样也能够依托平台+个人的模式,赋能更多的个体(用户、博主、达人、素人)让更多人成为自己的合作伙伴,实现全民营销有哪些值得收
  • 一个锅搞定干饭人想吃的无数美食~✔️功率是700w,还有高低温可调节。#逗来买点啥[超话]##逗逼开团# 【七彩叮当多功能电煮锅】下单务必⚠️备注【逗逼团】否则
  • 营业收入快速增长,拥有自主研发、国际领先技术,同行业竞争中处于相对优势地位的尚未在境外上市红筹企业,申请发行股票或存托凭证并在科创板上市的,市值及财务指标应当至
  • 实施基础能力提升行动完善现代化南阳建设支撑体系建设全国性综合交通枢纽。实施产业强市行动创造产业链集群发展新优势推动先进制造业发展大突破。
  • 南昌高新区五星白鹤保护小区通过湿地保护与修复建设,为全球近4000余只白鹤为应对极端自然环境,提供了关键避难所,被称为“全世界离白鹤最近的地方”。南昌作为东亚-