࿐སྐྱེས་སྦྱོང་ཤེས་རབ་ཞན་ཡང་གཞུང་ལུགས་ལ། །
མཇལ་བའི་སྐལ་བཟང་ཐོབ་པའི་འབྲས་བུ་དེ། །
མཚན་ལྡན་བླ་མའི་ཐུགས་དགོངས་རྫོགས་པ་ཡི། །
མཆོད་པའི་རྫས་སུ་འགྱུར་བ་འདི་ཁོ་ན། །[鲜花]2023/9/29

ཁོ་རང་འཛིན་བཟུང་བྱེད་དགོས་དོན་ཅི། ཨ་མདོ་བྱམས་པ།



࿐ཁྲི་གོང་།-དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཚེ་སྨད་ལ་ཆང་ཞེ་དྲགས་མཆོད་ཀི་ཡོད་ས་
རེད།

ཨ་མདོ་བྱམས་པ།-ཨ་མ་ཨ་མ།(ཧ་ཅང་ཡ་མཚར་བའི་རྣམ་འགྱུར་གྱིས)ཆང་འཐུང་ནས་ཁོ་ཁོ་རང་གིས་འཕྲོ་བརླག་བཏང་བ་རེད། དབྱིིན་ཇིས་བོད་གཞུང་ལ་ཡི་གེ་བཏང་སྟེ་དགེ་འདུན་ཆོས་འཕེལ་ཟེར་བ་དེ་ཨུ་རུ་སུའི་གསང་མྱུལ་རེད་ཅེས་པས། དགེ་འདུན་ཆོས་འཕེལ་བཙོན་ཁང་ལ་བཅུག་པ་རེད།

ཁྲི་གོང་།-ཨུ་རུ་སུའི་གསང་མྱུལ།

ཨ་མདོ་བྱམས་པ།-རེད། དེ་དུས་ཚང་མ་ཨུ་རུ་སུར་ཞེན་སྣང་སྐྱེས་ཀི་ཡོད་པ་རེད།

ཁྲི་གོང་།-དགེ་འདུན་ཆོས་འཕེལ་ལགས་བོད་གཞུང་གིས་འཛིན་བཟུང་བྱས་པ་རེད་པས།

ཨ་མདོ་བྱམས་པ།-བོད་གཞུང་རེད། བོད་གཞུང་མ་གཏོགས་གཞན་ཡོད་པ་མ་རེད། བོད་གཞུང་ནང་གི་བཀའ་ཤག་རེད།དེ་དབྱིན་ཇིའི་ལན་དེས་ལད་པ་རེད།

ཁྲི་གོང་།-དབྱིན་ཇིས་དགེ་འདུན་ཆོས་འཕེལ་ལགས་ལ་ཐེ་གཏོགས་དེ་འདྲ་བྱ་དགོས་དོན་ག་རེ་ཡིན་ན།

ཨ་མདོ་བྱམས་པ།-དགེ་འདུན་ཆོས་འཕེལ་ལ་རྩད་གཅོད་དོན་ཡོད་དེ།སྐབས་དེར་འཛམ་གླིང་ལ་ཆགས་འཇིག་ཆེ་བའི་སྒང་རེད། དགེ་འདུན་ཆོས་འཕེལ་ཁོ་རང་རྒྱ་གར་ལ་བསླེབས་ནས་ཟླ་བ་གཅིག་གཉིས་མ་འགོར་བར། ཁོའི་རྗེས་ལ་དབྱིན་ཇིས་ཁོ་རང་གིས་ལས་ཀ་ཅི་ཞིག་སྒྲུབ་བཞིན་པ་དང་། གང་ལ་འགྲོ་མིན་ལྟ་རྟོག་བྱེད་པའི་གསང་མྱུལ་བ་བཏང་འདུག་ཟེར། དེ་ནས་ངས་ཁོ་ཚོས་ཁྱོད་རང་བཟུང་མ་བྱུང་ངམ་ཞེས་པར། ཁོ་ཚོས་ངས་ལས་ཀ་ག་རེ་བྱེད་མིན་ལ་བརྟག་ཞིབ་བྱེད་པ་མ་གཏོགས། དཔང་རྟགས་མེད་པར་རང་ཚོད་ཀྱིས་འཛིན་གི་མ་རེད་ཟེར། ཁོ་རང་རྒྱ་གར་ལ་བོད་ཀྱི་ལོ་རྒྱུས་བཟོ་བར་ཕྱིན་པ་རེད། བོད་བཙན་པོའི་རིང་ལ། བོད་ཀྱིས་རྒྱ་གར་ལ་དམག་དྲངས་ནས་ཆུ་བོ་གངྒའི་ཚུར་འདབས་བོད་ཀྱིས་བླངས་པའི་རྟགས་ལ་རྡོ་རིང་མང་པོ་བཙུགས་ཡོད། ཁོ་རང་དེར་ཞིབ་འཇུག་བྱེད་པར་ཕྱིན་པ་དབྱིན་ཇིས་ཧ་གོ་པ་དང་། ངྷི་ལེ་གསར་པ་དང་བཅས་ཆུ་བོ་གངྒའི་ཚུར་འདབས་བོད་ཀྱིས་ཟིན་པ་དངོས་གནས་བདེན་དཔང་ཞུས་ཚེ། སྐབས་དེར་རྒྱ་གར་དབྱིན་ཇིས་བཟུང་བསྡད་ཡོད་པས། དབྱིན་ཇི་ལའང་ལན་ཡོད་པ་མ་རེད།དེས་རྐྱེན་གྱིས་དགེ་འདུན་ཆོས་འཕེལ་འཛིན་བཅུག་པ་རེད། དབྱིན་ཇིས་ཀྱང་རྒྱ་གར་ཡུན་རོང་པོར་འཛིན་ཐུབ་ན་བསམས་ཡོད་རྒྱུ་རེད། འོན་ཀྱང་། སྐབས་དེར་དམག་ཆེན་གཉིས་པ་བརྒྱབ་ནས་རྒྱ་གར་ལམ་སེང་མིའི་ལག་ནས་ཚུར་བླངས་པ་རེད།[干杯][浪]

࿐གྲོཊ་བཟང་ཞེས་པ་ནི།



རང་དང་ལྟ་སྤྱོད་མཐུན་པའི་གྲོཊ་གཅིག་དགོས་པ་དེ་ཡིན།

དེ་མཐུན་པོ་གང་འདྲ་ཞིག་དགོས་སམ་ཞེ་ན། དགེ་བའི་ཕྱོགས་ལ་ལྟ་བ་དང་སྤྱོད་པ་མཐུན་པོ་ཞིག་དགོས་པ་ཡིན། དེ་ནི་རང་ལ་དགེ་རྒན་ཡག་པོ་ཞིག་དང་གྲོཊ་བཟང་པོ་ཞིག་དགོས་ཤིང་།

གྲོཊ་བཟང་པོ་དེ་ཡང་རང་གི་མིག་ཟུར་དུ་འཇིགས་པ་ཆེ་ཙམ་ཡོད་པ་ཞིག་དང་རང་གིས་ཁོ་ལ་འཚེར་སྣང་དང་ངོ་ཚ་སྐྱེ་དགོས་པ་ཞིག་དགོས་པ་ལས།

ལས་ཀ་སྡུག་ཅག་བྱེད་ཡས་ཐོག་ལ་རང་དང་ལྟ་སྤྱོད་མཐུན་པ་ཡིན་ན་དེ་གྲོཊ་བཟང་པོ་མིན་ཞེས་གསུངས་སོ།

———————————————ལྷ་རམས་པ་རྒན་རིག་འཛིན་རྡོ་རྗེ་ནས།


发布     👍 0 举报 写留言 🖊   
✋热门推荐
  • 下面是我试着向你简述的心是如何创造我们的世界,或说是心创造世界的原理及心的条件下的一切存在的真理。前者——“本来的存在”心不可知、不可说,是真正的上帝创造的;后
  • XSY)盈利美甲美睫0租金白菜价转让面积:10平米 租金:0/月 转让费:0.8万老板本人:‭136 8845 8427‬地址:温江区两河路西段287艺境造型内
  • [心]#时代少年团蜕变三周年#时间的参照物是什么呢,或许是令人惊叹的身高,亦或是让人安心的陪伴,或许是看着你们每个人生日吹蜡烛时的感慨和祝福,或许是和你们相约顶
  • hio980#晚安##你好,老铁##拾音之铺# \n\n斯卡布罗(Scarborough)最早在大约一千年前由Viking(维京)人在英格兰的西北部North
  • 這一年對我來說真的是發生了很多很多事,家人入院、移居海外、考研、工作…本以為我可以很快處理好,卻沒想到我完全是高估來自己中途有好幾次想回歸,卻好像在無形之中給了
  • 虽说影像是各大品牌必争之地,但拍星星这些始终是小众玩法,真要折腾这些的朋友大概也会优先使用专业设备?至于全面屏,各家的差距已经不大,即便谁谁谁的黑边更窄,谁谁谁
  • 唉,这年头,博士太多了,实在分配不出去了,那就拉郎配吧!他哥哥还感慨,多好的单位啊。
  • 每年过年都是和奶奶姑姑一起吃年夜饭的今年吃完不知道怎么就聊起我养猫的事情了然后大姑姑小姑姑就说要看看我的猫就给她们看了四只的拼图然后我奶奶还说她小时候家里有猫的
  • 一位女子分享视频:自己和老公去湄洲岛玩,旅途中看到一对小猪玩偶觉得很可爱,就买了带回家。一位年龄漂亮的辣妈带着儿女到故宫游玩,拍出了复古的美感,拍出了穿越的感觉
  • 7.乌龙桃桃连衣裙既少女俏皮又日常的一款,跟之前挂脖裙不同的是这件刻意做的无鱼骨的舒适款,后背打揽设计,弹性大可拉伸8-10cm,所以相比较于鱼骨款的挂脖就没有
  • #刘宇宁加盟818全球汽车夜# [给你小心心]#刘宇宁舒肤佳品牌大使# [给你小心心]#摩登兄弟[超话]# 今晚现场超级酷刘宇宁机械手太酷了我也要牵手[可爱][
  • !!
  • 惊喜在线:或拨打400-100-1110#举个栗子-盘盟推广优质案例分享# 旺移是一家专注于移动互联的高科技公司。#举个栗子-盘盟推广优质案例分享# 舍普里斯是
  • 我也不记得了……#时空中的绘旅人[超话]#嗯……我喜欢谁?我不知道,我没有朋友没有爱过一个人,但在他说想我了的时候,我会感到开心,在他难过的时候我会想哭,可能这
  • 回来时听到他在客厅玩得正欢,谁知道一听到我的声音马上哭下来,我跟他讲我得先去洗把脸才能抱他,他以为我回来了还不理他,哭声变大,嘴巴扁着,眼泪都流到腮帮子,别提有
  • #时代少年团周边中转站[超话]# 出 26睡衣 1应援棒卡 57休闲 57睡衣 5应援棒卡 26睡衣 ✖️2 56正装 26休闲 25正装 25休闲 甜蜜蜜➕恶
  • #常州新闻# 【金坛区直溪光采小镇通过省级考核】以光伏新能源、盐穴采储两大产业为特色的直溪光采小镇,顺利通过省发改委2021年度考核。峰会上,中国药科大学中药学
  • #晶采透雾唇膏# 极佳的亲肤色泽,属于质地清透的透雾型唇膏,春天推出独有的甜美色彩,具有独特薄膜质感,能发挥轻盈的舒适肤触。实现绝妙的清透感,还有纯淨的发色,以
  • 昂~~(表示很遗憾)(翔同学不会记得去年在绘本馆我就拿出过这套书给他看,当时他撇了一眼就把目光挪开了,所以说推动一本书的阅读动力也需要一些契机啊!另外,这是我第
  • 品茶时,将尘世浮华冲泡成一杯茶,任汤色一点点淡去,以闲适、虚静、空灵、舒畅的心境,慢慢读懂茶的品格与韵味。莫把真[心]空计较,情缘深时无对错。