རྒྱུན་པར་ངལ་གསོའི་སྐབས་སུ་ནང་བསྟན་རིགས་གཞུང་ལས་གཞན་པའི་བསྒྱུར་རྩོམ་སོགས་དཔེ་དེབ་གྲགས་ཅན་རེ་འགའ་བཀླགས་པའི་གོམས་བཤིས་ཆགས་སུ་འབད།
ཞལ་རས་ལ་ཧ་ཅང་གཟབ་ནན་བཏོད་པའི་ཁོ་མོས་མི་ཚེ་གང་བོར་རྩན་རིག་བྱ་བར་བློ་རྩེ་བསྒྲིམས་པ་དེ་ནི་མཉམ་ལེན་པ་ཞིག་དང་ཀུན་ནས་མཚུངས་སྙམ། ནོ་བྷེར་བྱ་དགའ་ཐེངས་གཉིས་ལ་ཐོབ་པའི་བུད་མེད་ཐོག་མ་འདིས། འཁྲུག་ཆེན་དང་པོའི་སྐབས་ཧྤ་རིན་སི་ལྟ་བའི་སྟོབས་ལྡན་རྒྱལ་ཁབ་ཞིག་ཀྱང་གསར་བཏོད་ཀྱི་ལམ་བུར་ཁྲིད་ཅིང་། དམག་མི་རྨས་མ་མང་པོར་ཁོ་མོ་གཟའ་ཟླ་གཉིས་ཀྱིས་གསར་བཏོད་མཛད་པའི་ཨེམ་གཞི་རྒྱུ་སྤྱད་ནས་སྨན་བཅོས་བྱས་པའི་སྙིང་སྟོབས་དེའང་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། ལྷག་ཏུ་གཟབ་འཕྱོར་དང་སྙན་གྲགས། དཔལ་འབྱོར་ཐམས་ཅད་ལ་ཁོ་མོ་གཡོལ་ཅི་ཐབས་བྱས་པ་དེས་ཨ་རིའི་བུད་མེད་ཚོར་དགའ་བ་མེ་ལྟར་འབར་དུ་བཅུགས།

ང་དང་བོད་ཀྱི་ནད་པ།19967-1-18——。 2015-2023-_________
2023-10-1 ཨ་ཀྲོང་།
ངས་དང་ཐོག་གླུ་ལ་ཉན་དུས་ང་ལ་སྒེར་གྱི་བསམ་ཚུལ་གང་ཡང་མེད་པས་གླུའི་ཡག་བཙོག་སྐད་ཡག་མིན་ལ་བལྟས།
སྐད་ཀྱི་ཡག་བཙོག་ནི་སྐད་མཐོ་མིན་ན་བལྟས་པ་ཡིན།
དེ་ནས་རིམ་གྱིས་གཞས་ལ་ཉན་མོས་བྱུང་།
དུས་ཤིག་ན་ང་ལ་བསམ་བློ་ཡོད་ཀྱང་ངས་གཞས་དེ་སྙན་མིན་གཞས་པའི་སྐད་གྲགས་ལ་བསྟུན་དྲག་པས།
མཐར་ལུང་པ་ཆུང་ངུའི་ནང་གི་གླུ་རྒྱལ་ཞེས་པའི་མྱི་འགའ་རེ་ལས་མི་སྙན་པར་གྱུར།
དེ་ནས་ངས་ནན་གྱིས་གཞས་ཚིག་དང་གཞས་དབྱངས་གཉིས་ཀ་ལ་ཉམས་རོལ་བྱས་པ་ཡིན།
ནམ་ཞིག་དང་ག་དུས་ཤིག་ལ་ཡིན་མིན་གསལ་ཁ་མེད་ས་ཞིག་ནས་གཞས་ལ་ཉན་རྒྱུ་ནི་ང་ལ་མཚོན་ན་འཚོ་བ་ཞིག་ཏུ་ཆགས།
བདག་གི་སེམས་ཁམས་སུ་བག་ཆགས་ཤིག་ཇེ་འཐུག་ལ་སོང་།
ནད་པའི་གཞས་དང་གཞས་ཀྱི་ཚིག་དག།
(དེ་དུས་ཀྱི་འུ་གཉིས)ལྟ་བུ།
དུས་དེ་ནས་བཟུང་ང་ཡི་གཞས་སྒམ་དུ་གླུ་རྒྱལ་སོགས་ཀྱི་གཞས་དྲི་ཙམ་ཡང་མི་བྲོ་བར་གྱུར།
དེ་ནས་རིམ་གྱིས་ཁོ་ཚོའི་གླུ་གཞས་དག་ང་དང་བར་ཐག་ཡོད་པ་ནས་འབྲེལ་མེད་དུ་གྱུར་སོང་།
དེ་ལྟར་རྒྱུད་རིམ་སྣ་ཚོགས་པ་དེ་དག་དང་བྲལ་རྗེས་ངས་བོད་ཀྱི་ནད་པའི་གཞས་ལ་ཉན་པ་ཡིན། 
ཉན་པར་མ་ཟད་རོལ་མྱོང་བྱས་པ་ཡིན། དཔེར་ན་ནང་སེམས་སྐྱོ་དགོས་བྱུང་དུས་སུ་( སྐྱོ་སྐྱོ་) ལ་ཉན་ཏེ།
ནང་སེམས་སྐྱོ་བའི་མི་རང་ཉིད་གཅིག་པུ་མིན་པའི་གོ་སྐབས་བཙལ་བ་ཡིན། བདུད་བྷེའི་གླུ་ཡི་ཚབ་ཏུ་( བདུད་འདུལ་རྡོ་རྗེ་) ལ་ཉན་པ་ཡིན།
དྲན་པ་རེ་སྐྱེ་དུས་སུ་( སྟོན་མཇུག་གི་མཇུག་ཏུ་) ལ་ཉན་པ་ཡིན།
( སེ་ལན་དང་རྨ་ཆུ་གཉིད་མི་ཡོང་བའི་དབྱར་ཁ་སོགས་)ནི་དུས་རྒྱུན་ཉན་རྒྱུའི་གཞས་སུ་གྱུར། 
དེ་ལྟར་བོད་ཀྱི་ནད་པ་ནི་ང་ལ་མཚོན་ན་སྨན་པ་ལྟ་བུ་གྱུར་ནས་ཡོད།
ངས་བསམ་ན་འདི་ནི་གཞས་དང་འཚོ་བའི་དོན་དངོས་རེད་ལ་མཛའ་འབྲེལ་ཡང་རེད་སྙམ།
རོང་འབྲོག་དག་གིས་གླུ་གཞས་ཟེར་དུས་འུར་རྒྱག་བྱེད་ཅིག་དང་བྲོ་རྡུང་བྱེད་ཅིག་ཏུ་ངོས་འཛིན་གྱིན་ཡོད་མོད།
དེ་ནི་ཅི་ཁག་སྟེ་ཁོ་ཚོས་ཉན་རྒྱུའི་གླུ་གཞས་དག་ནི་འུར་ཁོ་ནས་མཇུག་ཕུད་ཡོད་པ་དང་བསྐྱར་ལེན་དང་སྒྲ་ལོག་ཁོ་ནས་བླངས་ཡོད་པས་རེད།
ང་དང་ནད་པ་ནི་དེ་ལས་ལྡོག་པ་སྟེ་ལྷིང་འཇགས་ཤིང་ལོ་རྒྱུས་ལྡན།

ཕན་ཚུན་གྱི་ངོ་མ་མཐོང་བའི་སྒྲུང་།

སྟོན་ཁ་ཞིག་ལ་ངའི་ཕ་ཡུལ་དུ་མཚེའུ་ཡིད་དུ་འོང་ཞིང་ཁོར་ཡུག་ཀུན་ལྷིང་འཇགས་ཀྱིས་བལྟམས་པ་ཞིག་ཡོད། དེར་ད་དུང་རྒན་པ་དག་ངལ་གསོ་སའི་ཤིང་གི་སྐུབ་སྟེགས་ནར་མོ་ཞིག་ཀྱང་ཡོད། ཉིན་ཞིག་གཞོན་ནུ་ཞིག་གིས་དུ་བ་འཐེན་ཞོར་དུ་གནས་འདིར་སླེབས། ཉིན་དེ་གནམ་ངོའང་ཤིན་ཏུ་སྡིབས། ཡིན་ནའང་གཞོན་ནུ་དེའི་ཡིད་སེམས་སྐྱོ་བས་ཁེངས་ཏེ་གནས་འདིར་སེམས་ངལ་ཞིག་ཅི་ལ་མི་གསོ། ཁོ་ཤིང་སྟེགས་སྟེང་བསྡད་དེ་གནས་འདིའི་ཁོར་ཡུག་ཀུན་ལ་ཞིབ་ལྟ་ཞིག་བྱེད་ཞོར་ལུས་སེམས་ལྷིང་འཇགས་སུ་བསྲེས། ཅུང་ཙམ་ནས་གཞོན་ནུ་མ་ཞིག་ཀྱང་གནས་འདིར་སླེབ་བྱུང་། མོའང་གཞོན་ནུ་དེ་དང་འདྲ་བར་ཡིད་སེམས་སྐྱོ་ཐག་ཆོད་ཀྱིས་གཞོན་ནུ་དེའི་འཁྲིས་སུ་བསྡད། སྐར་མ་ལྔ་དྲུག་ཙམ་གྱི་རིང་ལ་སུས་སུ་ལའང་སྐད་ཆ་ཚིག་གཅིག་ཀྱང་མ་ལབ། མཚེའུ་ཆུང་ཆུང་དེ་སྟོན་ལོ་སེར་པོས་མི་གཙང་བར་བཟོས་ཤིང་། འགྲམ་རྩྭ་ནི་ཅི་དགར་རྒྱས་དེ་ཡུག་ས་མ་ཞིག་གི་མགོའི་ལན་བུ་དང་གཉིས་སུ་མེད། དེར་གཞོན་ནུ་དེའི་སེམས་སུ་མི་ལོ་ལྔའི་གོང་གི་གཏམ་རྒྱུད་དེ་དང་ཅི་འདྲིས་མཚུངས་སྙམ་པ་དང་། ཁོས་གཞི་ནས་སྐད་ཆ་བཤད་མགོ་བརྩམ། མགྲིན་པ་ཅུང་ཙམ་གཙང་སེལ་བྱས་ཏེ། “ངའི་སྐྱོ་བའི་འདས་དོན་ཞིག་དྲན་བཞིན་ཡོད། མི་སུ་ལའང་བཤད་མ་མྱོང་།” ཞེས་ཟེར། གཞོན་མ་ནུ་དེའི་རྣམ་ཤེས་ལུས་ཕུང་དུ་འགུག་པ་བཞིན་མགོ་ཅུང་ཙམ་གློ་བུར་དུ་བཀྱགས་ཙམ་བྱས་ནས། “ངས་ཀྱང་འདས་དོན་ཞིག་ཕྱིར་དྲན་བྱས་པ་ཡིན། མི་སུ་ལའང་བཤད་མ་མྱོང་། ཟེར། གཞོན་ནུ་དེས་དུ་བ་གསར་བ་ཞིག་ལ་མེ་བསྒོས་ཏེ། “ཏག་ཏག་མི་ལོ་ལྔ་རེད། མིག་སྡེབ་དབང་ཙམ་གྱིས་བཞུད་སོང་བ་འདྲ། ཡིན་ནའང་ཕྱིར་དྲན་ཞིག་བྱེད་ན།……དཔེར་ཞིག་བླང་ན་ངའི་ལུས་སེམས་གཉིས་མཚེའུ་འདི་དང་གཉིས་སུ་མེད།” ཅེས་ལབ། གཞོན་ནུ་མ་དེས་ཀྱང་དེ་མཚུངས་ཀྱི་སྐད་ཆ་ཁ་ཤས་བཤད་དེ་ཁོ་གཉིས་ཧ་ཅིང་གཏམ་མཐུན་པོ་འདྲ་ཆགས་སོང་། གཞོན་ནུ་དེས་མུ་མཐུད་དུ་བཤད་རྒྱུར། “ང་ལ་མཛའ་གྲོགས་ཤིག་ཡོད། བུ་མོ་ཡ་རབས་གཤིས་འཇམ་ཞིག་ཡིན་མོད། ངས་མོ་ལ་རྒྱུས་ལོན་བྱ་ཐུབ་མི་འདུག ཉིན་ཞིག་ངས་མོ་ལ་གསང་གཏམ་ཁ་ཤས་བཤད་པ་ཡིན། འོན་ཀྱང་མོས་ང་ལ་ལན་གང་ཡང་མ་བཏབ་པར་བུད་སོང་། མོ་ང་ལ་དགའ་མ་མྱོང་བ་འདྲ་བས་རྗེས་སུ་ངས་ཀྱང་མོ་ལ་བར་ཆད་མི་བྱེད་ཅེས་དམ་བཅས་པ་ཡིན། ངེད་གཉིས་སློབ་གྲྭ་གཅིག་ན་ཡོད་པས་ཉིན་རྒྱུན་ངོ་ཐུག་བཞིན་ཡོད། ང་རྟག་པར་མོ་ལ་བཟུར་དེ་འགྲོ་བཞིན་ཡོད་མོད། ཉིན་ཞིག་མོས་འཛེམས་དོགས་ཅི་ཡང་མེད་པར་ངའི་འགྲོ་ལམ་བཀག་བྱུང་། ངའང་ཅི་བྱེད་འདི་བྱེད་མེད་པར་གཡོལ་ཙམ་འགའ་བྱས་མོད་མོས་ཀྱང་དེ་ལྟར་བཀག་གིན་འདུག དེ་ནས་ངས་མགོ་ཡར་བཀྱགས་ནས་མོ་ལ་བལྟས་པ་ན་མོས་ཀྱང་གཞི་ནས་འགྲོ་ལམ་བྱས་ཏེ་བུད་སོང་། ངའི་སེམས་སུ་ཐེ་ཚོམ་དང་ན་ཟུག་ལྷན་ཅིག་འཕར། ང་བསམ་གཞིག་གི་འཇིངས་སུ་བཙུད། ངས་ཡང་སྐྱར་མོ་རང་འཚོལ་བ་སེམས་སུ་བཅིངས། ཕྱིར་ཉིན་ངས་མོ་ལ་འཛུམ་ཙམ་འཛུམ་ཙམ་བྱས་ཏེ་བརྩེ་བ་སྟོན། མོས་ཀྱང་ཅུང་མི་བདེ་བའི་ཚུལ་གྱིས་བརྩེ་བ་སྟོན་གྱིན་འདུག ངེད་གཉིས་ཀྱི་བར་དུ་སྔར་ལས་ལྷག་པའི་བརྩེ་བ་ཞིག་རིམ་གྱིས་ཆགས། ༼མཇུག་སྐྱོང་བར་འོས་ཚེ་རྟགས་ཤིག་ཞོར།༽


发布     👍 0 举报 写留言 🖊   
✋热门推荐
  • 这一个小罐罐也就200多毫升,炫个几口就没了[单身狗]天天买不同的饮料,然后疯狂踩雷的我真的是大冤种啊⊂彡☆))д`)我宣布以后再也不买没喝过的饮料了,像我这种
  • 然后深哥唱两首,他慢慢适应这个环境,适应大家的热情,他也不把我们当外人了,就逐渐展示出他最真实的样子,没有一点保留地都给你看,搞怪的,可爱的,温柔的,牛逼的,蛊
  • 刘维也真的是要抑郁了,换做是谁,也很难接受了,上半年的时候,妈妈离世,这还半年不到的时间,父亲也走了,着实对他的打击不小,偏偏他还是一个“谐星”要参加各种综
  • 事态回到了三年前 甚至更严重不同的是 这次一起围困在家的 不是狗而是娃再也没有了余闲可以专研厨艺第一天享受了有家属带娃的福利后接下来都是噩梦了… 家属上班去了随
  • 小伙伴们,赶紧去体验一下吧~ #遇见运河 秋天旅行心愿清单##遇见运河 游通州 赢运盒#属牛的和属羊的婚姻怎么样 性格特点属牛人往往给人一种很高傲的感觉,而外
  • 27.如果你在表演或者是讲演的时候,如果只要有一个人在听也要用心的继续下去,即使没有人喝采也要演,因为这是你成功的道路,是你成功的摇篮,你不是让观众成功,而是要
  • 非常不喜欢一切随缘顺其自然这几个字,如果没有缘,就不会邂逅和相交,既然遇见,为什么不去好好的努力和珍惜!人生真的很短,年轻时迷茫,忙碌却没有方向,现在终于可以随
  • #每日一善[超话]#[鲜花]#阳光信用# [心]#每日一善# 真正的生活品质,是回到自我,清楚衡量自己的能力与条件,在这有限的条件下追求最好的事物与生活。再进一
  • 他说,你拿我的玩具必须要经过我的同意才行,你问问我,我玩一下这个可以吗大概是这么说的吧,我心想你这是哪里学的,好熟悉的话[并不简单]这样是不是有点婆婆妈妈[黑线
  • 然后就觉得哇哦,还有这种类型的广播剧嘛,然后呢,就追啦,然后我又是那种听广播剧不管类型怎么样,只要有我喜欢的CV就会追的人,就开始了买买买[开学季]印象最深刻的
  • 在邻居们眼中,老人生活简朴但不简单,是一个热爱生活的“趣老头”。与李延顺一样,今年102岁的束维英和100岁的汤正英也是该小区有名的“长寿之星”3位百岁老人比邻
  • 长篇大论也好,现在以后未来,今年明年年年都是朱志鑫阿志,下次有机会我们一起去看海吧,我把思念告诉了海风,却唯独告诉不了你我也想早睡可是一闭眼满脑子都是朱志鑫.把
  • “今年1k-2k价位的手机会是你换机的理由吗?Realme真我Q5 Pro 1599元真我Q系列搭载骁龙870 5G 旗舰处理器,CPU 和GPU 性能都提升
  • #KPL[超话]#LGD大鹅零封RW,保级成功,有望冲S组,江城的表现配得上顶级射手KPL精彩赛事依旧在火热进行中,关注赛程的都清楚,第三周的比赛已经开始了,这
  • 武汉亲子鉴定费用:今天就详细介绍各种类型的亲子鉴定的价格: 武汉亲子鉴定的价格是2000-5000元左右,其中:武汉无创移民亲子鉴定价格是4000-5000元
  • 戈贝尔19+14法国男篮加时以93-85淘汰意大利男篮,看看谁是最大的功臣:1.戈贝尔,11投8中,砍下19分2.富尼耶,17投6中,砍下17分3.赫特尔,14
  • 水利厅抽查20个山洪灾害危险区、30个小型水库相关责任人,均在岗值守,截至9日8时,省内水库运行正常。水利厅抽查20个山洪灾害危险区、30个小型水库相关责任人,
  • #刘宇宁没那么难# #刘宇宁代言露华浓# #刘宇宁[超话]# ღ ⁵²⁰摩登兄弟♡mdxd刘宇宁♡lyn₁₃₁₄⑅︎◡̈︎写你名字可真难,倒不是笔画繁琐只是
  • 比如他会觉得,我这一辈子,能力这么大,福报这么大,但还是有那么多的事情没有完成......当我们在临终的时候,内心中充满了各种各样的挂碍,我们会怎么办?比如他会
  • 人生路上我们常会看见自己的梦想破碎了,渴望落空了,但我们仍需做梦,否则心灵就会枯死,博爱便无法渗入心田。人生路上我们常会看见自己的梦想破碎了,渴望落空了,但我们