ཕན་ཀྲུའུ་ན་ཡོད་པའི་རྡོ་རྗེ་གདན་གྱི་མཆོད་རྟེན་དང་བཞེངས་ཚུལ་འདྲ་བའི་ངོ་མཚར་བའི་མཆོད་རྟེན་དང་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་ཕྱག་བྲིས། དེའི་ཁོར་ཡུག་བཅས་སོ།།
ལོ་འདི་གར་བོད་པ་མང་པོ་གནས་འདིར་འགྲོ་བ་མཐོང་།

མཁྱེན་པ་ཆེན་པོས་སྲིད་ཞི་མཉམ་པར་གཟིགས། ། བརྩེ་བ་ཆེན་པོས་འགྲོ་ཁམས་རྗེས་སུ་འཛིན། །ནུས་པ་ཆེན་པོས་འཁོར་བ་དོངས་ནས་སྤྲུགས། ། དཔལ་མགོན་བླ་མའི་ཞབས་ལ་ཕྱག་གིས་འདུད། །

དགེ་འདུན་ཆོས་འཕེལ་ལ་ཉེས་པ་ཅི་ཡང་མེད་པར་བཙོན་དུ་བཟུང་སོང་བ་ཞིག་མིན།

དགེ་འདུན་ཆོས་འཕེལ་གྱིས་རབ་དགའ་དང་།ལྕང་ལོ་ཅན། ཀུན་འཕེལ་ལགས་བཅས་ཀ་ལོན་སྦུག་ཏུ་མཇལ་ནས་ཁོང་རང་དང་མཐུན་པའི་ཆ་མང་པོ་ཞིག་ཡོད་པ་དང་ཁོང་ཚོ་སྔོན་སྐྱོད་ཅན་གྱི་བོད་རིགས་ཤེས་ཡོན་ཅན་ཡིན་པར་གཟིགས་ནས་རྒྱ་གར་ནས་དབྱིན་ཇི་འབུད་རྒྱུ་དང་བོད་ལ་བཅོས་སྒྱུར་གཏོང་བའི་དགོས་པའི་སྐོར་གྲོས་སྡུར་གནང་། ཕྱི་ལོ་༡༩༤༥་ལོར་དགེ་འདུན་ཆོས་འཕེལ་བོད་ལེགས་བཅོས་ཚོགས་པའི་ནང་ཚུད་ནས་རབ་དགས་ཁོང་གྲྭ་པ་སྤྲང་པོ་གནས་སྐོར་བ་ཞིག་ལ་བརྫུས་ནས་འབྲུག་ཡུལ་བརྒྱུད་རྟ་དབང་དང་བོད་དུ་ཕེབས་ནས་དོན་དངོས་ཐོག་རྒྱལ་ཁབ་ཀྱི་ས་ཁྲ་འབྲི་རྒྱུ་དང་ལྷག་པར་དུ་བོད་མི་སྡོད་ཁུལ་གྱི་བྱང་ཕྱོགས་མཐའ་མཚམས་ཀྱི་ས་ཁྲ་འབྲི་དགོས་པའི་རེ་འདུན་ཞུས། ཁོང་གིས་ལས་འགན་འདི་བསྒྲུབས་ནས་ཕྱི་ལོ་༡༩༤༦་ལོར་ལྷ་སར་འབྱོར། ཡིན་རིང་མ་འགོར་བ་བཙོན་དུ་བཅུག རྒྱ་མཚན་ཁོང་བོད་ལེགས་བཅོས་ཚོགས་པའི་ནང་དུ་ཞུགས་ནས་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ཆར་ཡོད་པ་སོགས་སྲིད་གཞུང་གིས་ཤེས་རྟོགས་བྱུང་ནས་བཙོན་དུ་བཟུང་སོང་བ་ཡིན་པ་བདེན་ཤས་ཆེ།
{བོད་ལེགས་བཅོས་ཚོགས་པ་ནི།
རྭ་སྟག་བར་གྱི་དགྲ་འཛིན་ཇེ་ཆེར་འགྲོ་བའི་སྐབས་དེར་བཙུགས་པ་ཡིན་ཞིང་ཚོགས་པ་འདིས་སྲིད་སྐྱོང་རྣམས་ལ་འགྱུར་བ་གཏོང་རྒྱུ་ཙམ་གྱིས་མ་ཚད་པར་བོད་འདི་ད་ཡོད་སྒེར་གཅོད་སྲིད་གཞུང་གི་འོག་ནས་བཅིངས་འགྲོལ་གཏོང་རྒྱུ་དང་ཡར་ཐོན་གྱི་རྒྱལ་ཁབ་གཞན་དག་དང་འདྲ་བ་དམངས་གཙོའི་ལམ་ལུགས་ལྟར་དེང་རབས་འཛམ་གླིང་དང་མཐུན་པ། བོད་གཞུང་དང་སྤྱི་ཚོགས་གསར་བརྗེའི་སྒོ་ནས་བསྐྱར་འཛུགས་བྱ་རྒྱ་དེ་ཡིན།
ཚོགས་པ་དེའི་གནས་ཡུལ་ནི་རྒྱ་གར་གྱི་མཐའ་མཚམས་གྲོང་བརྡལ་ཀ་ལོན་སྦུག་དང་རྡོ་རྗེ་གླིང་དུ་ཡིན་ཞིང་།
ཚོགས་པ་འཛུགས་མཁན་དང་འགོ་ཁྲིད་མཁན་ནི། ཁམས་པ་སྤོམ་མདའ་རབ་དགའ་དང་ལྕང་ལོ་ཅན་གུང་དང་ཀུན་འཕེལ་ལགས། མཁས་དབང་དགེ་འདུན་ཆོས་འཕེལ་ཡང་དེའི་ནང་ཧུར་བརྩོན་དེ་ཙམ་མེད་པའི་ངང་ནས་ཚུད་ཡོད།
རབ་དགའ་ནི། སྐད་གྲགས་ཡོད་པའི་ལྷ་སའི་སྲིད་གཞུང་གི་གཞུང་ཞབས་ཡིན་པའི་ཡར་འཕེལ་གྱི་གཅུང་པོ་ཡིན།
ཀུན་འཕེལ་ལགས་ནི། རྒྱལ་དབང་བཅུ་གསུམ་པ་བཞུགས་སྐབས་གང་ཉིད་ཀྱི་སྲས་ལྟར་ཐུགས་ཉེ་ཆགས་ཤོས་གནང་སའི་མཁས་མཛངས་གཉིས་ལྡན་གྱི་སྐུ་བཅར་ཞིག་ཡིན་མ་ཟད་ཆབ་སྲིད་ཀྱི་བཀའ་སློབ་འབུལ་མཁན། གྲྭ་བཞི་གློག་འཕྲུལ་ལས་ཁུངས་ཀྱི་དབུ་ཁྲིད།གྲོང་དྲག་དམག་སྒར་ལ་བཀོད་འདོམས་གནང་མཁན་བཅས་དབང་ཤུགས་ཆེ་བའི་མི་སྣ་དམིགས་བ་ཞིག་ཡིན།
ལྕང་ལོ་ཅན་ནི། གྲགས་ཅན་སྙན་ངག་པ་ཞིག་ཡིན།
རྒྱལ་དབང་སྐུ་ཕྲེང་༡༣་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་གཤེགས་རྗེས་ཀུན་འཕེལ་ལགས་དང་ལྕང་ལོ་ཅན་གཉིས་ཀ་བཙོན་དུ་བཞུགས་མྱོང་ཡོད་ཅིང་ཀོང་པོར་རྒྱང་འབུད་དུ་བཏང་། རྒྱང་འབུད་དུ་བཞུགས་རིང་ཕན་ཚུན་མཇལ་འཕྲད་གནང་ཞིང་གྲོགས་པོ་ཆགས་ཤིང་ཁོང་གཉིས་ནས་དེ་སྔོན་རྒྱང་འབུད་དང་ཕྱིར་འབུད་བྱས་ནས་ལྷ་སར་ཕྱིར་ལོག་བྱ་མི་ཆོག་པའི་དེ་མིན་གྱི་ཆབ་སྲིད་ཀྱི་མི་སྣ་མང་པོ་སྲིད་གཞུང་ནང་ཞུགས་ཆོག་པ་བྱུང་བ་གཟིགས་དུས་དེ་བས་ཞེ་ཁོན་ཆེ་རུ་སོང་ཕྱི་ལོ་ཟ༡༩༣༧ལོར་ཁོང་གཉིས་རྒྱ་གར་དུ་ཕེབས་བྱོལ་གནང་། ཕྱི་ལོ་༡༩༣༩་ལོར་བོད་ལེགས་བཅོས་ཚོགས་པ་བཙུགས་པ་ཡིན།


发布     👍 0 举报 写留言 🖊   
✋热门推荐
  • 叮咚~欢迎收听MCTS潮玩电台-今日官宣品牌:莉菈Liila❤参展产品:①莉菈 x ACLC 囤囤系列-蒜头②莉菈-时之音③莉菈-小画家-和莉菈一起,享受慢慢变
  • what⁉️沟通了十分钟还是一脸不耐烦的表情丢了句:那你说怎么办吧,我已经抄了忍住怒火背包出门出门发现学生父母趴在门口听今天这课先不上了,让她好好调整调整吧下了
  • #汇源果汁品牌代言人易烊千玺# [月亮代表我的心]#易烊千玺代言波司登# [玉兔搗藥]玊尔是短袖到羽绒服的礼物,后座剧场是初春到深秋的礼物@TFBOYS-易烊
  • ”“当然有,哪天带你去我们青崖公司看看,也好让他们认认人”“?”“阿絮,明天再让阿姨给你做午餐怎么样?
  • #Build道歉#看到这个姐妹说的,感觉挺正确的,八年可以改变一个人很多,我们也不知道现在的他变得怎么样,如果我们真的很喜欢他,那我们还是要仔细了解他再考虑要不
  • 彭博社11月2日报道称,这是一场持续数十年的灾难,时尚产业每年生产超1000亿件服装,其中许多被扔进所谓的回收箱,再被运到加纳这样的二手衣服进口大国。据英国非营
  • #宋亚轩[超话]#记忆是座荒岛日记里的爱无解爱是愚者的国度我的love对你打烊填不满的黑色情绪伤心不是我的风格在爱与失落中坚持都怕扑空都在衡量雨还在下像在说话烫
  • Dakota Zoo在2020年也曾出生5只小兔狲,同样是发了一次通报后,就再没后续消息了。而今年Dakota Zoo自家四胞胎的妈妈Laura,也很可能是当时
  • #无线便携投影##明基gs50##亲子三防投影##露营好物##户外投影#《大学咸鱼起身计划》 day8俺回来了时隔多日俺终于想起来要记录一下子了今天有个开心的事
  • 怪我不够爱你,怪我执念太深,怪我不该选择建筑这行,希望你也能遇到一个真正爱你的男生,就像你说的那样,我们的故事就到此为止啦!#最喜欢的一张照片# 小飏,和你分
  • 大饼策略:16600区域直接多,目标17000-17100附近以太策略:1200区域直接多,目标1230-1250附近还是那句话,信任永远大于成功,因为信任,没
  • 好喜欢妹妹阿德里亚娜,天使一样的存在[心]你是很喜欢你的小窝吧,到最后都要在里面,慢慢感受自己的一生,在这个家,有被温暖过,被冷落过,被嫌弃过,被遗忘过。朱韵一
  • #部落冲突[超话]##2200PGVVJ部落里有奶号,设置兵种会自动捐,常规气球大龙雷龙雪怪冰人武神工程车,有任务兵种都会开的,到时候群里直接喊就是了,看到会直
  • #世界杯# #卡塔尔世界杯# #预测# #塔罗牌占卜# 此次世界杯比赛,亚洲塔罗协会选取了优秀的塔罗师陪大家看球,每天中午12点,预测当日比赛,喜欢足球的朋友可
  • 2020年,月满大江商场模型——万象城店正式开门营业,让消费者“坐在茶馆里吃火锅,享受地道成都味”的愿景得以实现,门店以成都传统茶馆为原型进行设计,藤椅、竹编、
  • 比它魔性的直播间多了现在“ 魔幻 ” 直播间里,早就没人靠嘴来介绍产品了。最近 T97 咖啡直播就是,一位大嘴妹妹,在喊着魔性的话语。
  • 记起之前读(一切镜)安说:赏花之事,不必在盛期力求尽兴,也可以在想象意趣之中与其心心相印。这里苏思弦 熟一点可以随便叫我 我不介意的还在上学 只不过因为生病不经
  • ”在叶有福看来,螃蟹价格卖上去,蟹农收益才能有保证,近年来,他们也在逐渐转变方式,利用电商网络平台,把高品质成蟹销往全国各地,现如今他家蟹塘的亩均利润都能达到7
  • 11岁到现在,喜欢他们的时间早就超过了我人生得一半,我还记得当初他们刚全身心进军jpop的时候在那种商场大厅拉着有线话筒对着人来人往的商场中庭唱歌,然后从liv
  • 我自己是社保+商保全都配齐了,而商保我是重点配置了健康+养老因为不婚不育,没有谁对我负责,未来能指望的只有自己,所以我给自己买了两套房,如果没能在上海扎根,可以