འབྲས་ལྡན་དུས་ལ་སླར་ཡང་འཇང་ཡུལ་སླེབས།།
གནའ་བོའི་ཁྲོམ་གཞུང་མེ་ཏོག་ཐང་མར་བརྡལ།།
ཆར་ཟིམ་ཉག་མ་ཉིན་གང་ལྷོད་ཀྱིས་འབབ།།
སུ་ཞིག་དྲན་ཏེ་གདུངས་བས་མནར་རམ་ཅི།།
༢༠༢༣ལོའི་ཟླ༨པའི་ཚེས༢༣ཉིན་ལེ་ཅིང་ནས།
གནའ་བོའི་ཁྲོམ་གཞུང་མེ་ཏོག་ཐང་མར་བརྡལ།།
ཆར་ཟིམ་ཉག་མ་ཉིན་གང་ལྷོད་ཀྱིས་འབབ།།
སུ་ཞིག་དྲན་ཏེ་གདུངས་བས་མནར་རམ་ཅི།།
༢༠༢༣ལོའི་ཟླ༨པའི་ཚེས༢༣ཉིན་ལེ་ཅིང་ནས།
གོས་འབྲུག་མའི་གསེར་སྐུད་བརྡོལ་རག་ལ།།
རྟ་འདོ་བའི་གོང་ནས་གློག་བཞིན་སོང་།།
གློག་དཀར་ཚུབ་རྒྱུན་དང་དམར་ཚུབ་རྒྱུན།།
མི་རང་སྣང་ཅན་ཞིག་རེད་ཀྱང་ཟེར།།
བསམ་མི་ཤེས་སྟག་ཤར་སྙིང་མ་རྗེ།།
ལུས་ཡང་ཟོར་སྨྱུག་ཕྲན་སྒུར་རག་ལ།།
རྟགས་སྟོན་མོའི་དབུས་ནས་མེ་བཞིན་འབར།།
མེ་ལྷོག་ལྷོག་འབར་དང་ལྷང་ལྷང་འབར།།
ཁ་དབང་འདུལ་ཅན་ཞིག་རེད་ཀྱང་ཟེར།།
སྡུག་མི་དྲན་སྟག་ཤར་སྙིང་མ་རྗེ།།
སྐྲ་ཆུན་འཕྱང་རྒྱ་ལྕང་འཛིང་རག་ལ།།
སྨན་དྭངས་རྒུའི་དཀྱིལ་ནས་ལྷ་བཞིན་བརྩེས།།
ཟས་ཇ་ཆང་དབུས་ནས་རྗེ་བཞིན་འཁོར།།
རྒྱུ་ཆ་རྐྱེན་ཅན་ཞིག་རེད་ཀྱང་ཟེར།།
འདང་མི་ཕོག་སྟག་ཤར་སྙིང་མ་རྗེ།།
གཞན་བཤུས།
རྟ་འདོ་བའི་གོང་ནས་གློག་བཞིན་སོང་།།
གློག་དཀར་ཚུབ་རྒྱུན་དང་དམར་ཚུབ་རྒྱུན།།
མི་རང་སྣང་ཅན་ཞིག་རེད་ཀྱང་ཟེར།།
བསམ་མི་ཤེས་སྟག་ཤར་སྙིང་མ་རྗེ།།
ལུས་ཡང་ཟོར་སྨྱུག་ཕྲན་སྒུར་རག་ལ།།
རྟགས་སྟོན་མོའི་དབུས་ནས་མེ་བཞིན་འབར།།
མེ་ལྷོག་ལྷོག་འབར་དང་ལྷང་ལྷང་འབར།།
ཁ་དབང་འདུལ་ཅན་ཞིག་རེད་ཀྱང་ཟེར།།
སྡུག་མི་དྲན་སྟག་ཤར་སྙིང་མ་རྗེ།།
སྐྲ་ཆུན་འཕྱང་རྒྱ་ལྕང་འཛིང་རག་ལ།།
སྨན་དྭངས་རྒུའི་དཀྱིལ་ནས་ལྷ་བཞིན་བརྩེས།།
ཟས་ཇ་ཆང་དབུས་ནས་རྗེ་བཞིན་འཁོར།།
རྒྱུ་ཆ་རྐྱེན་ཅན་ཞིག་རེད་ཀྱང་ཟེར།།
འདང་མི་ཕོག་སྟག་ཤར་སྙིང་མ་རྗེ།།
གཞན་བཤུས།
འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ།། སྟོང་གསུམ་ཁྱབ་པར་སྒྲོཊ་པར་བྱེད་ན་ཡང་།། བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི།། ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན།། #༧རྒྱལ་སྲས་ཐོགས་མེད་བཟང་པོས།# [蜡烛][蜡烛][蜡烛] https://t.cn/A6aozMVM
✋热门推荐