—ཐོག་མའི་བློས་བསླངས་དང་འཆར་འགོད། བར་གྱི་དཀའ་སྤྱད་དང་འབད་བརྩོན། མཐའ་མའི་གྲུབ་འབྲས་བཅས་གང་འཚམ་ཞིག་གྲུབ་ཟིན།

བྱ་བ་འདིའི་བརྒྱུད་རིམ་ནང་ཕྲན་ལ་རོགས་རམ་གནང་མཁན་ཚང་མར་ཁ་མིན་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། སྤྱིར་ན་མི་ནི་མི་རྟག་པའི་རང་བཞིན་ཡིན་པས་སང་ཉིན་རྩམ་པ་བཟའ་མིན་སུས་ཀྱང་ཚོད་མི་ཐེག རེད་དེ། བཟའ་རྒྱུའི་འཆར་གཞི་འཇོག་ནས་འཚོ་བ་རོལ་དགོས་པ་ལོས་ཡིན། དེས་ན་མ་འོངས་པའི་ལོ་ཟླ་ནང་ཁང་མིག་འདི་ནས་འཚོ་བ་སྟབས་བདེ་ཞིག་རོལ་ཞོར་དཔེ་ཀློག་དང་རྩོམ་འབྲི་ལ་ཡང་ཡང་འཇུག་ཐུབ་པར་སྨོན།[百事干杯][咖啡]

ཇོ་ནང་ཀུན་མཁྱེན་གྱི་བསོད་ནམས་རྩེ་མོའི་གཏོར་ཆེན་གྱི་ལོ་རྒྱུས་ལས། བླ་མ་བ་རི་བས་བལ་ཡུལ་དུ་བྱོན་ནས། པཎྜི་ཏ་ཞིག་སྤྱན་དྲངས་ནས་བྱོན་པ་དང༌། གསེར་མེད་ནས་པུ་ཧྲངས་སུ་ཕྱིན་ནས་བཙད་པོ་རྩེ་སྡེ་དང་མཇལ་ནས། རྒྱལ་པོ་ལ་དབང་བསྐུར་བྱས། ཆོས་བཤད་པས་རྒྱལ་པོས་གསེར་སྲང་བརྒྱ་ཕུལ་སྐད། དེ་རྣམས་པཎྜི་ཏས་ཚགས་བྱས་ནས་བླ་མས་བདག་ལ་བག་ཙམ་ཞིག་གནང་བ་ཞུ་བྱས་པས། མ་ཕྱིན་པར་སླར་ཡང་རྒོལ་བ་དང་ཁྲོ་བ་ལ་སོགས་པ་བྱེད་དུ་བྱུང་བས། ཤིན་ཏུ་སུན་ཏེ་པཎྜི་ཏ་བལ་ཡུལ་དུ་སྐྱེལ་དུ་ཕྱིན་སྐད། [笑cry][笑cry][笑cry]

མི་ཁོམ་རྒྱུགས་འདུར་ལས་ཀྱི་བྲེལ་བའི་བར།།
སོས་བདེར་བག་ཙམ་བསྡད་པའི་ཇ་ཡུན་ལ།།
གང་བསམ་ཡི་གེར་བཀོད་ནས་དབུགས་བླང་བ།།
སྐྱོ་སྣང་ངལ་བ་སེལ་བའི་གྲོགས་སུ་བྱུང་།།

མཐུན་པའི་གྲོགས་ལ་གཏམ་གླེང་བྱེད་པ་དང་།།
མཛེས་པའི་ཡུལ་ལ་ལྗོགས་རྒྱུ་བྱེད་པ་སོགས།།
རང་གི་ཁམས་ལ་འཕྲོད་པའི་བྱ་བྱེད་འདི།།
རང་སྣང་སྐྱིད་ལ་བསྐུར་བའི་ཐབས་ཀྱི་མཆོག།

མཐོ་བཤད་དཔོན་པོའི་ཁྲིམས་སྲོལ་སྐྱོང་ལུགས་དང་།།
དམའ་བཤད་ཁྱིམ་མཚེས་མེ་ཁ་གསོ་ཚུལ་སོགས།།
འགྲིག་མིན་བརྡར་ཤ་གཅོད་པའི་ཁུར་བཟུང་ནས།།
རང་གི་ཚོགས་པ་འུར་ལ་བསྐུར་འདི་སྐྱིད།


发布     👍 0 举报 写留言 🖊   
✋热门推荐
  • 我一直都不敢靠你太近,怕只能看的到你,而失去作为粉丝个人的自我。我心中最好的距离是,我为你鼓掌,也能为我自己鼓掌。
  • via:高快快 ✨红豆薏米芡实茶祛湿茶30包【6.9】史低价,之前都要9.9了[跪了]到手一盒30小袋[怒骂] 都是独立茶包!!!!!!霍思燕曾再电视上说过,她
  • 后来渐渐懂得温柔 上进 对人好的时候,在也遇不到了那些年真真切切的好了记录今天今天暑伏,我妈晚上包饺子,我看天气挺凉快的,就去打篮球了,最近基本都是我在家做饭,
  • 假漆挺多的,建议大家买墙漆的时候还是去官网上有地址的品牌店,或者天猫官方旗舰店买(但是色号容易不准)。 加盟的本爱品牌店,培训免费,进货渠道都是现成的,目前营业
  • 大部分人看似的努力,不过是愚蠢导致的。大部分人看似的努力,不过是愚蠢导致的。
  • 《心经》:全称般若波罗蜜多心经,般若 bō rě 是洞悉世间一切实相的无上智慧,现在通行的是玄奘大师的译本,那是在王舍城的灵鹫山,佛陀进入甚深禅定之中,舍利弗便
  • 我不追星,不混圈,不搞活动巍澜圈都不太关注,更别说朱白圈了我这个人比较无聊,写写东西自娱自乐没有人看也没关系,有人看我就乐呵呵你们的评论我都会仔细瞧,但有些梗真
  • 门票剩余5张,不接受口头预定,需要的直接给我转5️⃣0️⃣元,备注展会门票一张❗️和氏乳业独家总冠名2019金装群婴会 我们不见不散春回大地、万物复苏这里行业名
  • !!
  • 也辛苦线下的仪圆们了,希望大家可以与之共勉,一起变得更好来保护/守护我们爱的女孩 #安利吴宣仪从我做起# 爱她就要体谅一下她的感受,好吗可能会有很难熬的时候,但
  • 【天猫正品】小达人点读笔可点读海尼曼分级阅读 [心]【2小时排行榜】戳这里 [心]【聚划算折上折】戳这里 [心]【搜券网页版】戳这里 [心]【安卓App】戳这里
  • 如同煲仔饭的Shew Bo Casserole一定要点,想多试几种小吃不妨可以来一份Asian Flavours,味道有些奇妙的绿茶沙拉也是每桌必备的 ​​​​
  • 对生活丧失希望的女孩在一次吃霸王餐的经历中认识了深夜食堂的店长,善良的店长收留了女孩。小菜一直问我是不是已经有家庭了好吧,纸包不住火,该来的总是要来我的真正身份
  • 忘ཽ༾̥⃑我ཽ༾̥⃑一ཽ༾̥⃑日ཽ༾̥⃑,可ཽ༾̥⃑得ཽ༾̥⃑一ཽ༾̥⃑日ཽ༾̥⃑淡ཽ༾̥⃑定ཽ༾̥⃑。助ཽ༾̥⃑人ཽ༾̥⃑一ཽ༾̥⃑日ཽ༾̥⃑,可ཽ༾̥⃑得ཽ
  • #西南交通大学希望学院[超话]##青春心向党·建功新时代##西希志愿者# 「[带着微博去旅行]支教进行时Day.2✨」青·心小队(2队):下午:图1️⃣:趣味英
  • 第一次听他唱“亲爱的”的时候我便觉得那不是妈妈对于孩子的鼓励,更像是对自我的坚定和真挚的呼唤,一边告诉自己一边告诉每一个迷惘受伤的人,以一个同样经历着、同样有痛
  • #马嘉祺# 今天得故事是关于家族得宝藏男孩儿大概从快放假开始我就开始补之前得综艺啦日常啦目前为止我知道了也了解了更多关于你、你们得故事知道了台风十子 台风得由来
  • 美国原装进口,家喻户晓的天然美妆护肤品牌❤不含石油化合物、邻苯二甲酸酯、化学防腐剂Parabens或SLS,用的都是食品级原料[并不简单]而且完全拒绝猪油嘴!我
  • 摩羯座摩羯座可以说是咱们身边的宝藏男孩/女孩:他们是表里不一的典型,往往属于外冷内热的代表。大家看到的,摩羯座在人前的潇潇洒洒,其实是因为他们知道自己在情感表达
  • 从小时候迷恋各种日漫,身上五块钱的零花钱都要花三块钱去买一本哆啦A梦,更别说柯南迷恋各国各地的寻宝探险记(现在很多历史地理知识的来源[doge])之后还爱看知音