༄༅།། ངས་མཐོང་བའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས།                                      

 རྟ་ནག་ལུང་རིགས།

ཕྲག་དོག་ཞུགས་ཆེན་ཤུགས་ཀྱིས་མཆེད་ཀྱང་བ་སྤུའི་རྩེ་ཙམ་སྲེག་མ་ནུས།།
ཞེ་སྡང་སྦྲུལ་གྱི་ལྕེ་ཞགས་འཁྱུགས་ཀྱང་སེན་མོའི་རྡུལ་ཙམ་གནོད་མ་ནུས།།
སྨད་པའི་རྡོ་ཆར་དྲག་ཏུ་ཕབས་ཀྱང་སྐྲ་ཉག་གཅིག་ཙམ་སྒུལ་མ་ནུས།།
ཨེ་མ་མི་ཡི་སེང་གེ་འདྲ་བ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས།།

དམོད་པའི་ཚིག་ལ་གསུང་ལན་མེད་པ་བཟོད་པའི་གོ་ཁྲབ་བཙན་པའི་རྟགས།།ག
ཤེ་བའི་ལན་དུ་ཁྲོ་བ་མེད་པ་ཆོས་བརྒྱད་དྲི་མ་སྤངས་པའི་རྟགས།།
ཁྲོས་པའི་གདོང་ལ་འཛུམ་མདངས་སྟོན་པ་བྱང་སེམས་རྒྱུད་ལ་འབྱོངས་པའི་རྟགས།།
གཞན་ཕན་སྒྲུབ་ལ་སྐྱོ་བ་མེད་པ་བདག་གཞན་མཉམ་བརྗེ་གྲུབ་པའི་རྟགས།།

མཁས་པའི་མདུན་སར་གཞུང་ལུགས་འཆད་དུས་སེང་གེ་གངས་ལ་འགྱིང་པའི་དཔེ།།
དཀའ་བའི་གནས་ལ་རྩོད་པས་འཇུག་ཚེ་རྒྱ་སྟག་ནགས་ལ་ཤོར་བའི་དཔེ།།
ཡང་དག་རྩོམ་པའི་གནས་ལ་འཇུག་ཚེ་ཆུ་ནང་ཉ་མོ་འཁྱུགས་པའི་དཔེ།།
འབངས་ལ་དུས་ཐོག་བསླབ་བྱ་སྩོལ་སྐབས་པད་ནང་བུང་བ་འཁོར་བའི་དཔེ།།

མཁས་པའི་སྙན་པ་གངས་ཀྱིས་མ་ཁོགས་ཡ་གླིང་ཤར་དང་ནུབ་ལ་བརྒལ།།
བཙུན་པའི་སྤྱོད་ལམ་མི་ཁས་མ་ཐུབ་མཛད་འཕྲིན་ལྷོ་ནས་ཤར་ལ་མཆེད།།
བཟང་བོའི་ཡོན་ཏན་དམོད་པས་མ་ཐུལ་ཐུགས་བསྐྱེད་ཤར་ནས་བྱང་ལ་རྒྱུ།།
ཁྱེད་ནི་མི་ཡི་ཉི་མ་ཡིན་ལ་ས་ཡི་ཟླ་བའང་ཁྱེད་ཉིད་ལགས།།

གོས་དཀར་མེད་ཀྱང་ལྷ་རྗེ་ཞིག་ཡིན་ཨེ་ཙིའི་ནད་ཡམས་བཀག་ཅིང་འགོག།
གོ་ས་མེད་ཀྱང་དཔོན་པོ་ཞིག་ཡིན་སློབ་གསོའི་བྱ་བ་བསྒྲུབས་ཤིང་སྒྲུབ།།
ཟླ་ཕོགས་མེད་ཀྱང་གཡོག་པོ་ཞིག་ཡིན་ལས་རིགས་ལག་རྩལ་བསྐྱངས་ཤིང་སྐྱོང་།།
ངོ་སོ་མེད་ཀྱང་ལྷག་བསམ་ཞིག་ཡིན་རང་རིགས་དོན་ལ་འབད་ཅིང་འབུངས།།

ཇི་ལྟར་བསྡིགས་ཀྱང་ཡ་ལན་མེད་པ་སྙན་གྱིས་མ་ཐོས་པའམ་ཅི།།
ག་འདྲ་གཤེ་ཡང་ཁྲོ་བ་མེད་པ་ཐུགས་ཀྱིས་མ་ཚོར་བ་འམ་ཅི།།
ཁྲམ་པའི་མིང་གིས་ཇི་ལྟར་རྒོལ་ཡང་བཞིན་ལ་འཛུམ་གྱིས་ཁེངས་དོན་ཅི།།
གྱོང་དང་ཕམ་ཁ་རང་གིས་ལེན་པ་ཁྱེད་ཀྱི་ཉམས་ལེན་ཡིན་ནམ་ཅི།།

སྐྱེ་བ་སྔ་ཕྱིའི་རྣམ་གཞག་བརྩམས་ཏེ་རྒྱུ་འབྲས་བསླུ་མེད་མངོན་སུམ་བསྟན།།
ལུག་རྫི་རྒན་པོའི་ཀི་སྒྲ་བྲིས་ཏེ་སྐད་ཡིག་མྱུར་སྐྱོབ་དགོས་ཚུལ་གསུངས།།
འཛམ་གླིང་བདེ་ཐབས་དཔེ་ཡིས་བསྟན་ནས་ཞི་བདེ་འགངས་ཆེན་ཡིན་ཚུལ་བསྒྲུབས།།
ལུགས་གཉིས་གསལ་བའི་མེ་ལོང་ངོས་ལ་ལུགས་གཉིས་དམར་དམར་རྗེན་རྗེན་བསྟན།།

བཤའ་ལུག་མཐོང་ན་སྤྱན་ཆབ་གཏོར་བ་འགྲོ་ལ་སྙིང་རྗེ་དམིགས་པའི་རྟགས།།
ཨེ་ཙི་གསུངས་ཚེ་མགྲིན་པ་བརྣངས་པ་མི་རིགས་སེམས་ལ་ན་བའི་རྟགས།།
སྐད་ཡིག་འཆད་ཚེ་བཞིན་མདངས་འགྱུར་བ་རིག་གཞུང་ཉམས་རྒུད་དྲན་པའི་རྟགས།།
ཁྱེད་ཀྱི་ཕྱག་སོར་འགུལ་བ་ཙམ་ཡང་གཞན་དོན་མིན་པ་ངས་མ་མཐོང་།།

ཁམས་དང་ཨ་མདོས་གྲི་འཛིང་མ་བྱས་ཁྱེད་ཀྱི་སློབ་གསོ་དྲིན་དུ་ཆེ།།
དགེ་དང་རྙིང་མར་གླིང་ལོག་མ་བྱུང་ཁྱེད་ཀྱི་ཐུགས་དགོངས་དྲིན་དུ་ཆེ།།
ལོ་རྒྱུས་ནད་རྙིང་འཕར་དུ་མ་བཅུག་ཁྱེད་ཀྱི་དམིགས་རྒྱང་དྲིན་དུ་ཆེ།།
ཇི་ལྟར་དམོད་ཀྱང་ཡ་ལན་མི་སྟེར་ཁྱེད་ཀྱི་བཟོད་སྒོམ་དྲིན་དུ་ཆེ།།

དཔལ་སྤྲུལ་རྣམ་ཐར་ཞིབ་ཏུ་བལྟས་ན་སྲོག་གཅོད་བཀག་པའི་ལོ་རྒྱུས་མཐོང་།།
ཞབས་དཀར་མགུར་འབུམ་གླུ་རུ་བླངས་ན་ཚེ་སྲོག་བསྐྱབས་པའི་རྣམ་ཐར་རིག།
གོང་ས་ཆེན་མོའི་གསུངས་ལ་ཉན་ན་དཀར་ཟས་བྱས་པའི་མཛད་རྣམ་གོ།
ཚེ་སྲོག་སྐྱོབ་པའི་མཛད་འཕྲིན་འདི་ལ་དད་ཅིང་དད་ལ་དགའ་ཡང་དགའ།།

ཁྱེད་ལ་དད་དང་དུང་བ་དག་ནི་བདག་ནོར་མ་བསྩལ་དངུལ་མ་བྱིན།།
ཡང་ན་དམོད་དང་སྤྱོ་བ་དག་གིས་བདག་ནོར་མ་འཕྲོག་ངན་མ་བྱས།།
འོན་ཏེ་འགྲོ་ལ་གཅིག་ཏུ་ཕན་མཛད་ཡང་དག་ལམ་བཟང་སྟོན་པ་ཡི།།
མཁན་ཆེན་ཁྱེད་ཀྱི་མཛད་པའི་ཚུལ་ལ་དད་དང་དགའ་བ་མཉམ་དུ་བྱུང་།།

དགྲ་རུ་བཟུང་ནས་སྡིག་ཀྱང་རུང་ལ་གཉེན་དུ་བརྩིས་ནས་འཛུམ་ཡང་རུང་།།
རྫུན་དུ་བརྩིས་ནས་འཁོན་ཡང་ཆོག་ལ་བདེན་དུ་བཟུང་ནས་དགའ་ཡང་ཆོག།
མཁན་ཆེན་གང་གི་གསུང་ཐོས་ཙམ་ལས་དངོས་སུ་མཇལ་སྐལ་མ་བྱུང་བའི།།
རྟ་ནག་ལུང་རིགས་ཞེས་སུ་འབོད་པས་རང་ཤག་དཔེ་མང་སྤུངས་པར་སྦྱར།།

ཞེས་པ་འདི་ནི་ཟླ་ངོ་འགའི་རིང་དུ་མཁན་ཆེན་གང་ཉིད་ཀྱིས་མཛད་པའི་བརྩམས་ཆོས་ཕལ་ཆེ་བ་ཞིག་འཕྲུལ་དེབ་དང་ཡང་ན་དཔེ་ཆའི་ལམ་དུ་མཇལ་བ་དང་། སྒྲ་གཟུགས་གཉིས་ལྡན་གྱི་དཔེ་ཁྲིད་ཕལ་ཆེ་བ་ཞིག་ལ་ཉན་པས། མཁན་ཆེན་གང་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་མང་བོ་ཞིག་གིས་ཡིད་རབ་ཏུ་ཤིན་ཏུ་དྲངས་པའི་རྐྱེན་བྱས་ཏེ་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་རིག་གཞུང་སློབ་གཉེར་བ་རྟ་ནག་ལུང་རིགས་སུ་འབོད་པས་དད་གུས་དང་བཅས་སྦྱར་བ་དགེ་གྱུར་ཅིག།

#阿波罗计划#ཨ་ཕོ་ལོ་འཆར་གཞི། མི་རྣམས་ཟླ་བའི་གོ་ལའི་སྟེང་དུ་བསྐྱལ་ཏེ་བདེ་འཇགས་ཀྱི་ངང་ནས་ཕྱིར་ལོག་པ་སོགས་ནང་དུ་གཏོགས་པའི་ཨ་རིའི་ཚན་རིག་ལག་རྩལ་གྱི་འཆར་གཞིའི་རྣམ་གྲངས་ཤིག་གོ །

༄༅།།ལྷ་མོ་འོད་ཟེར་ཅན་མའི་སྒྲུབ་ཐབས་བཞུགས་སོ།།

【 光 明 佛 母 修 持 仪 轨 】

༄༅།།གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང་།།

康剋灿赞增禁禅呗降    孰之名号仅持或忆念

འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་བྱེད་ཅིང་།།

吉巴衮勒柔渡玖切禁    即从一切怖畏作救护

དྲི་མེད་བདེ་ཆེན་ཉེ་བར་མཆོག་སྩོལ་མ།།

赤米叠钦尼哇丘最玛    且复赐予无垢大安乐

ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།།

拉姆奥赛见啦香擦啰    摩利支天女前恭敬礼

ཨོཾ་མཱ་རི་ཙྱེེ་མཾ་སྭཱ་ཧཱ།

嗡  玛日以  即亚以  芒  丝瓦哈

ཞེས་ཅི་ནུས་བཟླའོ།如 是 尽 力 持 诵

རྒྱལ་ཀུན་ཕྲིན་ལས་ལྷ་མོའི་སྐུ་ཤར་མ།།

给衮赤勒拉姆咕夏玛    一切胜者事业天女身

བཅོམ་ལྡན་འོད་ཟེར་ཅན་མའི་ནུས་མཐུ་ཡིས།།

炯颠奥赛见美钕突耶    现者世尊摩利支威力

མི་ཁ་བྲ་མཆུ་འཐབ་རྩོད་འཁྲུག་ལོང་བཟློག།

米咔查邱透最除龙朵    回遮流言口舌诤战乱

ནད་ཡམས་དལ་ཡམས་དགྲ་ཇག་ཆོམ་རྐུན་བཟློག།

內央贴央咋洽琼衮朵    回遮瘟疫慢疫敌盗贼

མདོར་ན་མི་མཐུན་རྐྱེན་ངན་བར་ཆད་བཟློག།

脱呐米吞给俺帕切朵    总之回遮违恶缘中断

འདོད་པའི་དོན་ཀུན་འགྲུབ་པའི་འཕྲིན་ལས་མཛོད།།

堆呗脱衮珠呗赤列最    成办欲求悉成之事业

ཁེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།།

剋拉对禁随哇都貝推    祈由称赞启请于尊力

བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།།

達梭康突內貝薩邱素    我等任住何处于彼方

ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།།

內倘吾朋透最息哇倘    疾病贫穷斗诤皆息灭

ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།།

卻倘札希佩哇則度梭    法与吉祥悉令得增长

译跋:妙音胜慧(Sherab Chen)恭敬由藏译汉,美国俄亥俄州希利亚德市,2016年11月23日(藏历九月廿五日)。翻译中疑难之处就教与赛仓仁波切和哈尔哇仁波切而作抉择。译文亦得到安多普华杰先生审读。特此致谢!


发布     👍 0 举报 写留言 🖊   
✋热门推荐
  • 想看更细节的图片或视频可联系我~ #瀚宝[超话]#一些能用来形容生活里微妙体验的词语,它们拥有着诗歌一般的细腻和浪漫:◎boketto在日语中指“茫然地凝望远方
  • 吾十人身着重甲,口覆N95,须臾,声嘶力竭,汗透重衣,此中辛苦,非亲历不得知也。针对“客人”中高龄肺癌患者、孕妇等有特殊需求的群体,工作人员每日健康巡检时总会多
  • 12.5超级开心的一天晚上考完英语模拟等蛋糕 等待着室友给我过的生日小福同学凌晨十二点给的香水惊喜,超级开心 从外面赶回来的星星子的准备的小蛋糕,水果感谢呀最后
  • 人生如一粒尘埃,时而飞扬,时而沉落,每一天都在辛劳和匆忙中度过,想要活得开心,过得快乐,就应设法取悦自己。努力用微笑去面对失意,用浅淡去诠释深情,于人不苛求,遇
  • 走哪儿跟到哪儿的我的可乐,今天跟在我脚边我扔垃圾,结果不知道怎么回事儿她的一个腿儿就卡到垃圾桶脚踩的地方里面了,她嚎的叫的真的把我吓到了,而且吓得还嘘嘘了[泪]
  • 这颗脉冲星已被确认为位于星云几何中心附近的两颗近距离恒星的右下角,位于小弧形特征的正左侧,在ESO Press Photo eso9948中可以看到,R(657
  • 【实时好物[打call]】免爬楼合集来啦,如果有刚需商品也可自助搜券: 【299】妖精的口袋 白鸭绒女长款羽绒服 【140】兰蔻 小黑瓶眼霜5ml*3 【
  • 【上海】诊断试剂部主管(146904)13薪保底「魅力」日资大型药品集团公司,极强的产品和口碑优势,安定性高,离职率非常低,工作氛围轻松自由,公司福利待遇较好;
  • 妞:哪有那么巧,刚好有个车在那出意外~然后,鬼使神差的,我今天错过了去小路的出口,只能一路向前(非故意)~看着她着急得如热锅上的蚂蚁,最后不得不早早上车,自己步
  • 停了一下,刘成说:“同事一场,你们也真是太小气了,本来我还打算等我在新公司站稳脚跟了,带你们去赚大钱,谁知道你们居然一点格局都没有,既然这样,以后大家就别联系
  • 目前甲辰大运,偏财运,他不缺女人,但不易再婚(婚姻宫逢冲,且天干妻星逢争合)。你37岁到47岁行戊辰大运,辰辰相刑,刑伤婚姻宫,内心矛盾纠结多,感情易受折磨,好
  • 不接哪些人:1.内心觉得自己没救了,嘴上一直喊“大师救救我”的摆烂人;2.过度畏惧鬼神的封建迷信人;3.讨价还价爱贪小便宜的白嫖人;4.觉得做一次就一劳永逸,不
  • 或许也是因为被人说了太多外貌的问题,提起他的长相他也没有那么在意了,因为他知道一个演员,必须经得起塑造,老天给他这张脸可能也是有意义的,让他能天生吃演员这碗饭,
  • 看到一对儿神仙眷侣,分享一段我过去写的文字—— 电影中,青蛇说:“我来到世间,为世人所误。你们说人间有情,但情为何物,可笑,连你们人都不知道。等你们哪天弄明白
  • 那天 我看见他头像换成别的 微信名改为柯 我以为他谈恋爱了 不敢相信 发给我朋友 我朋友也说肯定谈了 我也觉得 我还是很难过 难过是因为他会不会真的在那边找了
  • 千万别说没有征兆,只能说明你压根没读懂分手信号,又或者你还是那个仗着对方爱你,肆无忌惮挥霍的人,你在自己的思维中,认为对方是不会离开你的,从而忽略了分手的信号。
  • 2020年他参加《我就是演员》节目录制时,连一向挑剔的李诚儒老师都忍不住赞美:“形象真好”女友马泽涵虽然知名度不及郭品超,但出生于1996年的她2009年就已经
  • 2022.11.20双十一过去了 但是压力还是一直存在 反而比双十一更大一些 因为业绩一直拉不上来[苦涩]每天的吃吃喝喝 螺蛳粉没有炸蛋就没有了灵魂 罗森意面和
  • 今晚20点抢购——先加车 解酒,呵护小心肝,加班熬夜爱喝酒的必备哦~[虎爪比心]swisse护肝片奶蓟草120粒¥99 于自己~熬夜加班,刷剧,喝酒应酬,高盐高
  • 此时,菩萨告诉众商人:『这些珍宝难逢难遇,你们是因为过去世广行布施,才能得到这些稀世珍宝;但过去行布施时,仍有悋惜不舍之心,因为这个原因,所以今世遇此恶风之险。