དམ་པའི་གསུང་རབ་མཐའ་ཡས་ལ། །
གཞོན་པའི་དུས་ནས་སྤྱངས་བྱས་ན། །
དཔྱིད་ལ་བཏབ་པའི་ས་བོན་བཞིན། །
སྟོན་ལ་འབྲས་བུའི་ལོངས་སྤྱོད་འབྱུང་། །
ལོག་སྤྱོད་ཅན་གྱི་གཞུང་ལུགས་ནི། །
དཀའ་བའི་ཚེགས་ཀྱིས་བླངས་བྱས་ཀྱང་། །
སྙིང་པོ་མེད་པའི་ཆུ་ཤིང་བཞིན། །
ཕྱི་ཚུལ་རྒྱས་པས་ཅི་ལ་ཕན། །
ཚིགས་སུ་བཅད་པ་འདི་གཉིས་ནི་རང་ཉིད་ཀྱིས་དམ་པ་ཁོང་གི་ལེགས་བཤད་ལ་ལད་མོ་བྱས་ནས་བྲིས་པ་ཡིན།

ཐོ་རངས་ཐུན་དུང་དལ་གྱིས་རྣ་བ་ལ་སིམ་དུས།།
སེམས་ཀྱི་རྣམ་རྟོག་འདུལ་བའི་སྟ་གོན་དུ་གཞོལ་ཞིང་།
འདི་སྣང་སྒྱུ་མའི་ཆངས་བུ་ཐལ་བ་བཞིན་བོར་ནས།།
གྲྭ་གཞོན་ང་ཡང་མི་འདུག་དབེན་རི་ལ་ཆས་འགྲོ།།
2023. 11. 26
སེམས་ཀྱི་རྣམ་རྟོག་འདུལ་བའི་སྟ་གོན་དུ་གཞོལ་ཞིང་།
འདི་སྣང་སྒྱུ་མའི་ཆངས་བུ་ཐལ་བ་བཞིན་བོར་ནས།།
གྲྭ་གཞོན་ང་ཡང་མི་འདུག་དབེན་རི་ལ་ཆས་འགྲོ།།
2023. 11. 26
གང་གིས་མཐོང་ཐོས་དྲན་དང་རེག།
ཀུན་ཀྱང་བྱང་ཆུབ་རྒྱུར་འགྱུར་བའི།།
བླ་མ་དམ་པའི་གསང་གསུམ་ཉིད།།
ལྷ་སྔགས་ཆོས་ཉིད་དཀྱིལ་འཁོར་དུ།།
འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཤོག།
གུ་རུ་ཉི་མས། 2023 11 27
ཀུན་ཀྱང་བྱང་ཆུབ་རྒྱུར་འགྱུར་བའི།།
བླ་མ་དམ་པའི་གསང་གསུམ་ཉིད།།
ལྷ་སྔགས་ཆོས་ཉིད་དཀྱིལ་འཁོར་དུ།།
འཕོ་མེད་རྡོ་རྗེའི་སྐུ་འགྲུབ་ཤོག།
གུ་རུ་ཉི་མས། 2023 11 27
✋热门推荐