༧ དགའ་ལྡན་ལྔ་མཆོད་ཆེན་མོ།།

དཔལ་ལྡན་ས་གསུམ་འགྲོ་བའི་མིག་གཅིག་བུ།།
ཐར་འདོད་ཡོངས་ཀྱི་བླ་ན་མེད་པའི་མགོན།།
རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན།།
ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས།།

དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

ཚེ་རབས་ཀུན་ཏུ་རྒྱལ་བ་ཙོང་ཁ་བའི། །
ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །

རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །

སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །

ང་ཡི་བླ་མ་བློ་བཟང་གྲགས་པ་དེ། །
དགའ་ལྡན་གནས་སམ་བདེ་བ་ཅན་ལ་སོགས། །
དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང་། །
བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །


ཐོས་བསམ་སྒོམ་གསུམ་བསྟན་པའི་གཞི་རུ་དགོངས།།
ལྟ་སྒོམ་སྤྱོད་གསུམ་ལམ་གྱི་སྲོག་ཏུ་འཆེལ།།
བསླབ་གསུམ་ལུང་རྟོགས་ཉི་ལྟར་གསལ་མཛད་པ།།
རྒྱལ་བ་གཉིས་པས་དུས་ཀུན་འབྲལ་མེད་སྐྱོངས།།

རྒྱལ་བའི་དགོངས་པའི་གནད་ཀུན་ཐུགས་ལ་འཁྲུངས།།
ཤིང་རྟ་ཆེན་མོའི་སྲོལ་བཟང་ལེགས་པར་དགོངས།།
མདོ་སྔགས་ལམ་བཟང་འགལ་མེད་གྲོགས་འཁྱེར་བ།།
ང་ཡི་བླ་མ་བློ་བཟང་གྲགས་པར་ངེས།།

རྒྱལ་བའི་ཡབ་གཅིག་རྗེ་བཙུན་མཁྱེན་པའི་གཏེར།།
ངུར་སྨྲིག་གར་མཛད་བློ་བཟང་གྲགས་པའི་དཔལ།།
སྒོ་གསུམ་གུས་པས་མཆོད་དོ་བརྩེ་བས་སྐྱོངས།།
བྱང་ཆུབ་མ་ཐོབ་བར་དུ་འབྲལ་མེད་ཤོག།

[玫瑰][玫瑰][玫瑰][玫瑰][玫瑰][玫瑰][玫瑰][玫瑰][玫瑰][玫瑰]

[合十][合十][合十][合十][合十][合十][合十][合十][合十][合十]

#噶举祖庭一洛卓沃龙寺[超话]#
ཐ་ན་རྨི་ལམ་གཉིད་དུ་ཡོལ་ན་ཡང་།།
甚至游历沉睡梦境中
བླ་མའི་བྱིན་རླབས་མཆོག་གི་སྣང་བ་དང་།།
师尊殊胜加持亦显现
ནམ་ཡང་འབྲལ་བ་མེད་པས་རྗེས་བཟུང་ནས།།
永不分离慈悲而摄受
རྟག་ཏུ་མགོན་ཁྱོད་དགྱེས་པར་བྱེད་གྱུར་ཅིག །
祈愿永恒怙主汝生喜


གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།།
མདོ་སྔགས་བསྟན་པའི་ཉིན་བྱེད་ཙོང་ཁ་པ།།
སྐྱབས་གསུམ་ཀུན་འདུས་བླ་མ་ཙོང་ཁ་པ།།
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

བོད་ཟླ ༡༠.༢༥


发布     👍 0 举报 写留言 🖊   
✋热门推荐
  • 咪蒙微博永久关停,自媒体发展机遇与危机的博弈?
  • 号外!德前总理出任俄石油公司一把手,加拿大又挑衅中国,美古关系每况日下,三国围堵库尔德自治区!丨2017年10月2日(星期一)
  • 苹果降价约20天后 iPhone在中国销量猛增八成
  • 苹果为漏洞道歉 将在新版本的更新中完成修复
  • 出来混的,迟早要还!北爱尔兰就是英国殖民时代造成的恶果。
  • 张杰为双胞胎庆生 俩女儿背影出镜长的不像对方
  • 腊月二十八贴对联,迎大年
  • 美俄齐退《中导条约》欧洲恐变导弹竞赛“舞台”
  • 巴西矿坝决堤监控曝光 一整列火车被瞬间淹没
  • 广西象州发生命案致5死1伤,嫌疑人已被抓获,系由感情纠纷引起
  • 全明星替补名单公布 韦德入选!
  • 亚洲杯卡塔尔夺冠: 阿里让点仍创纪录拿金靴 卡塔尔胜日本首次夺冠
  • 陈坤调侃倪妮迟到
  • 生僻字回应抄袭:不做裁缝,绝不抄袭
  • 作曲家田歌去世,21岁时写出《草原之夜》
  • 刘德华补偿歌迷,歌迷直呼走心!
  • 张杰安慰路人小孩
  • 官方:武磊入选本轮西甲大名单,客战黄潜有望首秀登场!
  • 小学生寒假作业涉黄!疑似作业“被盗版”?
  • 为什么水果姐被奥兰多收了?还不是因为他的百变画风!