༢༠༡༧ལོའི་སྤྱི་ཟླ་༤བའི་ཚེས་༢༠ཉིན་མཚོ་ལྷོ་ཁུལ་མང་རྫོང་ཁ་ཀྱཱ་སྡེ་བའི་སེར་སྐྱ་ཐུན་མོང་གིས་ཡང་ཡང་གསོལ་བ་བཏབ་པ་བཞིན་ཀླུ་ཚང་དགོན་པའི་༧རྙེ་མཆོག་སྤྲུལ་ཚང་དང་ཨ་ལགས་འཇམ་མོ་ཚང་། ཨ་ལགས་ཕྱག་ཤུལ་ཚང་། ཨ་ལགས་རུ་སྔུན་ཚང་། དགེ་བཤེས་སྤྲུལ་སྐུ་ཚང་། སྤྲུལ་སྐུ་སྐྱི་ཚང་། སྤྲུལ་སྐུ་རྒྱ་མཚོ་ཚང་། དགེ་བཤེས་ཡེ་ཤེས་ཟླ་བ། རུ་མང་བསམ་གཏན། འབའ་བརྩོན་འགྲུས། རྒྱས་བཟའི་བསྟན་འཛིན། བློ་བཟང་བསྟན་དར། འབའ་བསམ་གཏན། རུ་མང་ཐབས་མཁས་སོགས་གྲྭ་བཙུན་བརྒྱ་ཕྲག་ལྷག་ཆེད་ཕེབས་ཀྱིས་དམ་པ་ཁོང་གི་ཐུགས་བཀོད་ལྟར་ཁ་ཀྱཱ་རྟ་ལྗང་གཞུང་གི་ན་སེར་བྱེ་ཐང་དུ་༢༠༡༥ ལོར་གསར་བཞེངས་མཛད་པའི་དཔལ་ལྡན་ལྷ་མོའི་ལབ་ཙེ་ལ་གཟིགས་རྟོགས་གནང་ཞིང་བསང་གསོལ་བཏང་ཏེ་འཕྲིན་བཅོལ་གནང་བ་དང་རབ་གནས་ཀྱི་ཆོ་ག་སྤེལ་བར་མ་ཟད། ཁ་ཀྱཱ་དགོན་དུ་ཕེབས་ནས་ས་གནས་དད་ལྡན་ཆོས་ཞུ་བ་རྣམས་ལ་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ་སོགས་ཀྱི་ལྗགས་ལུང་བསྩལ་ཏེ་དེར་བཞུགས་སེར་སྐྱ་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་།[玫瑰][玫瑰][玫瑰] https://t.cn/R2WxDcG

ཁེར་རྐྱང་གི་རྣམ་ཤེས་འཁྱམ་པོ།

ཁོ་རང་ནི་ཁེར་རྐྱང་གི་འཁྱམ་པོ་ཞིག་སྟེ། གངས་རི་དང་རྩྭ་ཐང་། དུར་ཁྲོད་སོགས་གནས་ངེས་མེད་དུ་ཉུལ། ཁེར་རྐྱང་གི་རྣམ་ཤེས་མང་པོར་འཐམ་འཁྱུད་བྱས། སྐབས་དེར་ཁོ་ནི་བྱིས་པ་ཞིག་དང་ཧ་ཅང་འདྲ། སྐབས་རེར་ཨུ་ཚུགས་ཀྱིས་མི་ཚོགས་གསེང་དུ་མཆོངས་ཏེ་གད་མོ་དགོད་མོད། མུན་རུབ་པ་དང་སླར་ཡང་ཁེར་རྐྱང་གི་འཇིག་རྟེན་དུ་ལོག ཁོས་བརྩེ་དུངས་རྣམ་དག་ཅིག་ལ་རེ་སྨོན་བྱེད་མོད། སུ་ཞིག་ལ་ཡང་གཏན་གྱི་འདུན་མ་བྱེད་པའི་སྤོབས་པ་མེད་པར་གྱུར། ཁོས་རང་ཉིད་ཀྱི་རིན་ཐང་ལྟ་ཚུལ་སྤྱད་ནས་འཇིག་རྟེན་འདིར་འཚོ་བཞིན་ཡོད། ཁོ་ནི་འཁྲབ་སྟོན་ལ་མི་དགའ་བར་སྒེར་གྱི་ལྟ་ཚུལ་སྲོང་པོར་སྨྲ་ཐུབ་མཁན་ཞིག་ཡིན། ནམ་ཞིག་ཁོ་རང་རང་ཉིད་ཀྱིས་བློས་བསླངས་པའི་འཇིག་རྟེན་དེར་ལོག་ཐུབ་པར་སྨོན། འཇིག་རྟེན་དེ་ནས་ང་ཚོ་ལྷན་དུ་འཛོམས་ཏེ་དགོད་སྒྲ་དང་བཅས་སྙན་ངག་དང་དྲན་གདུང་སྐྱོ་བ་ཐམས་ཅད་ཞབས་རྟགས་རྒྱག་ཆོག་པར་སྨོན། གནས་དེ་ནས་ཁྱེད་ཀྱིས་ཁེར་རྐྱང་གི་ལྭ་བ་མཐུག་པོ་དེ་ཕུད་ནས་གཉིད་སྐྱིད་པོ་ཞིག་རོལ་ཐུབ་པར་སྨོན། བདག་གི་སྙིང་ཉེ་བའི་གྲོགས་པོ་ལགས།


༢༠༢༣-༡༢-༡༣།

༈ མི་ཚོགས་བསམ་བློ་སྤང་གི་མེ་ཏོག་འདྲ།།
མེ་ཏོག་ལ་ལ་དཀར་ཞིང་ལ་ལ་སྔོ།།
དཀར་པོ་དཀར་རྐྱང་སྨོན་པས་ཅི་བྱ་སྟེ།།
མེ་ཏོག་ཇི་ལྟར་བཞད་ན་དེ་ལྟར་ཞོག།

རིན་ཐང་ལྟ་བ་དགུང་གི་སྐར་ཚོགས་འདྲ།།
སྐར་མ་ལ་ལ་འཚེར་ཞིང་ལ་ལ་མོག།
སྤྲིན་པའི་ཞལ་ཁེབས་ཡང་དང་ཡང་དུ་འཁྱུད།།
སྐར་ཚོགས་ཇི་ལྟར་བཀྲ་ན་དེ་ལྟར་ཞོག།

ཚེ་ཡི་མྱུར་འགྲོས་རྦབ་ཆུའི་རྒྱུན་དང་འདྲ།།
ལོ་དང་ཟླ་བ་སྐད་ཅིག་སྐད་ཅིག་འཁོར།།
ཡུན་ཐུང་ཤོམས་ར་མང་བས་ཅི་བྱ་སྟེ།།
རང་སེམས་ཇི་ལྟར་ལྷོད་ན་དེ་ལྟར་ཞོག།

ལས་དབང་དྭངས་གསལ་ཤེལ་གྱི་མེ་ལོང་འདྲ།།
དགེ་སྡིག་གཟུགས་བརྙན་མ་འདྲེས་ས་ལེར་གསལ།།
རང་ཉམས་རོགས་ལ་གཤེ་བས་ཅི་བྱ་སྟེ།།
བཏང་སྙོམས་ཆེན་པོའི་ངང་ལ་ད་དུང་ཞོག།

ཆགས་སྡང་འཁོར་ལོ་བསྐོར་བའི་གྲོང་ཁྱེར་ནས།།
ཉ་ཉོག་རྩོད་པའི་ལས་ལ་བྲེལ་བས་ཅི།།
གང་ན་ལུས་དབེན་སེམས་དབེན་ངག་ཀྱང་དབེན།།
དབེན་པའི་བདེ་ཆེན་ངང་དུ་ལྷོད་དེ་ཞོག། https://t.cn/R2Wx150


发布     👍 0 举报 写留言 🖊   
✋热门推荐
  • 取消保供资格】丹东市市场监管局关于辽宁仙露芳食品有限公司涉嫌违法生产经营食品案的案情通报:6月2日,振安区市场监管局接到群众投诉举报反映,辽宁仙露芳食品有限公司
  • !!
  • 这位小朋友男命,别说大部分易友不敢评论,就连大师们恐怕也不敢妄言命主的出身家庭层次,因为组合太复杂,大家看看我是怎么分析判断层次的在复杂的八字命理组合中,体验在
  • 母亲节到了,您的恩情我无以言表,只能默默得在心中祝福:祝您身体健康,没有烦恼!23.我开心所以你开心,我快乐所以你快乐,我平安所以你平安,我幸福所以你幸福,我今
  • 12、纵使天大的事,当你用顺其自然的心态去面对时,就会发现其实没什么,事如风,不过一阵子,无论是繁是简都会过去!人生哲理20句:信与不信,做与不做,怎么选择,都
  • #金州勇士[超话]#这周五就开打了,和室友唠了半宿勇士能不能突破绿军防守哈哈哈哈哈,还有啥好说的勇士加油!顺便推一下我自己建的勇士➕篮球➕2k(ol2/22)群
  • 但身世可怜归可怜,美国公众却受够了这类少年犯,面对警方的延后起诉(成年后追诉)舆论就认为这个孩子既然干了成人年才能干的事情,就应该承受成年人的结果。这样的做法明
  • 同时,兰山区的各类商城、仓库,不仅规模大、种类全,物流周转快、交易成本低、辐射带动强,而且在实现经营模式由“线下”向“电商+直播+网红”转变上具有得天独厚的优势
  • 同时,上汽奥迪推出了“3年不限量免费公桩充电”服务,并为用户提供免费的奥迪品牌充电墙盒和专业勘测及60米内免费基础安装服务,旨在让用户获得更便捷、自在的城际出行
  • 2、八字中最大喜用神在日、时;或者中、壮年时期行第一喜用神大运的人八字原局中日主能够得用,就说明你具有了获得成就的基本资格,但是光有这个资格不行,还要看运势是否
  • #尼罗河上的惨案# “你永遠無法理解人們會為愛做什麼”#尼罗河上的惨案(2022)[电影]# Kenneth Branagh 肯尼思·布拉納Gal Gadot
  • 【走县域 看发展丨​集安市:“特色产业+乡村旅游”赋能乡村振兴】善取势者可为人先,能谋势者必有所成。6月1日,历时24天,南湖家园南区提升改造工程样板区顺利收官
  • 王春英称,指引的适用范围包括银行间市场和对客户柜台市场,规范的对象包括外汇市场参与各方,将从事外汇交易的机构、中国外汇交易中心、上海清算所、货币经纪公司等机构统
  • Trưa nay ham hố, á nhầm ham tiền, giao xe cho khách thuê luôn, thế là "thử thách
  • #佛教[超话]#天律聖典卷一:第四明德首基章(不履邪径,不欺暗室。) 玉清聖境第五宮上元赤子上帝   第四明德首基章 不履邪径,不欺暗室。   太上曰:「
  • 翻到了初中时候的日记本,单词听写得了100分还激动地贴在日记本上了,在现在看来都是最简单的单词和词组,当时也是这样一个一个学的。(毕竟初中的时候真情实感地在清华
  • 第一次我加了,他也不理我,关键是我拿到快递发现那个盒子还真他妈破了一个洞,因此我就半信半疑的;前两天又收到短信了,我又加了,第二天起来发现把我拉进了一个群,满群
  • 晚上:我们希望大家不只是白,而且是白里透红,让肌肤红润,可以改善肝脏受损的情形,夜晚原料:我们使用了刺梨萃取,它可以有效降低眼周细纹,可以促进肌肤的一个弹力;枸
  • ▲田卓鹏这一点,在酒业全域新零售首席专家、卓鹏战略咨询董事长田卓鹏带来《中国酱酒大消费时代八大趋势及真实年份酱酒价值解读》的主题演讲中,得到淋漓尽致的体现。正
  • 喜爱的原因有三,一是本书提供了许多富有意趣的视角,比如丰的世界充满韵律如诗如画,沈的视角下满是淳朴乡土气息,徐的天真的浪漫主义......得过他们的指点再去观察