ཡང་དག་ལྟ་བ་འོད་སྟོང་ལྡན་པ་ནུབ།།
གནས་ལུགས་འདོམས་པའི་མཁས་རྣམས་ཕལ་ཆེར་གཤེགས།།
ལོག་པའི་ལམ་སྟོན་རྨོངས་པ་ཀུན་གྱིས་བཀུར།།
ཀྱེ་མའོ་ཐུབ་བསྟན་སུ་ཡིས་གནས་པར་ནུས།།
ཡིན་ཚུལ་བཤད་ན་མཁས་འདོད་ཅན་དུ་མཐོང་།།
ལོག་པར་བསྟན་ན་ལྟ་ངན་ཕྱི་ཕྱིར་འཕེལ།།
མི་སྨྲའི་བརྟུལ་ཞུགས་བཟུང་ན་དོན་མི་འགྲུབ།།
ཀྱེ་མའོ་ཐུབ་བསྟན་ཇི་ལྟར་གཟུང་བར་བྱ།།

དཔལ་ལྷ་སྒང་དགོན་ཆེན།圣地塔公寺
དམིགས་བསལ་གྱི་ཉིན་མོ་ལ།

དད་མོས་ཁྱེར་ནས་མཇལ་དུ་སོང་།#塔公寺#
མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་གནས་སྐབས་ལྷ་མིའི་གོ་འཕང་འཐོབ་པར་སྨོན།

ཕྱི་ལོ༡༩༧༢ལོར་བཱུ་རེ་ཡིས་སྔར་ཡོད་བོད་ཀྱི་འདབ་ཆགས་ཞིབ་འཇུག་པའི་དཔྱད་འབྲས་ཟུར་བལྟ་གནང་ནས༼བོད་དང་དེའི་འདབ་ཆགས༽ཞེས་པའི་དཔྱད་འབྲས་ཤིག་དབྱིན་ཇུའི་སྐད་ཡིག་སྟེང་སྤེལ་བས་གྲགས་ཆེ་བ་ཙམ་བྱུང་། དེ་སོགས་ལ་དམིགས་ནས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་དཔྱོད་རུ་ཁག་གིས་ཐེངས་བཅུ་གསུམ་ལ་ཡུལ་དངོས་བརྟག་དཔྱད་བརྒྱུད་ནས་བོད་ཀྱི་བྱ་རིགས་བཞི་བརྒྱ་དོན་གསུམ་ཙམ་ལ་དཀར་ཆག་བཀོད་ཡོད་ནས། ཕྱི་ལོ༡༩༨༣ལོར༼བོད་ཀྱི་བྱ་རིགས་དཀར་ཆག༽ཅེས་པ་སྤར་སྐྲུན་གནང་ཡོད། ཁོ་ཚོས་ནུབ་གླིང་ཞིབ་འཇུག་པས་བོད་ཀྱི་འདབ་ཆགས་ལ་ཞིབ་འཇུག་བྱས་པ་ནི། ཡུལ་དངོས་བརྟག་དཔྱད་མེད་པའི་གྲུབ་འབྲས་ཤིག་རེད་ཅེས་དགག་པ་བསྐྱོན་ཡོད། ངས་ཕྱོགས་དེ་གཉིས་ལ་ཞུ་རྒྱུ་ནི། ཁྱེད་ཚོས་རྣམ་ཀུན་དུས་རབས་དགུ་བ་ནས་ཉི་ཤུའི་བར་བོད་ཀྱི་གསུང་རབ་དང་ཡིག་ཚང་དུ་བཀོད་པའི་འདབ་ཆགས་ཀྱི་ལོ་རྒྱུས་ཡོངས་སུ་སྤངས་ནས། མིག་གི་ཟིན་ཚོད་ཙམ་ཞིག་ཡུལ་དངོས་བརྟག་དཔྱད་དུ་བཟུང་ནས་དཀར་ཆག་བཏབ་པ་དང་ཞིབ་འཇུག་བྱས་པ་ཤིན་ཏུ་བདེན་མོད། དེའི་རིག་གནས་དང་གནས་བབ་ནི་བོད་ཀྱི་ཞིང་འབྲོག་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་ཕྱིར། བོད་ཀྱི་འདབ་ཆགས་ཤེས་དགོས་ན། བོད་ཀྱི་ས་ཁམས་དང་གནམ་གཤིས། ལོ་རྒྱུས། ཞིང་འབྲོག་གི་གནས་ཚུལ་ཤེས་དགོས་པ་སྔོན་འགྲོའི་ཆ་རྐྱེན་རེད་ཅེས་ཤོད་འདོད་པ་བྱུང་། ཆ་རྐྱེན་དེའི་འོག་ནས་གཟོད་བོད་ཀྱི་འདབ་ཆགས་ལ་ཞིབ་འཇུག་བྱས་ན་འོས་ཤིང་འཚམ་པ་ཞིག་སྟེ། གུས་པས་ཉེ་ཆར་དེའི་ནང་བྱེ་བྲག་པ་ཕོ་རོག་ནག་ཆུང་མཚན་གཞིར་བཟུང་ནས། བོད་ཀྱི་འདབ་ཆགས་ལོ་རྒྱུས་ནི་བོད་ཀྱི་མིའི་ལོ་རྒྱུས་ཀྱི་ཆ་ཤས་སུ་བརྩིས་ནས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན། — འདི་ཡང་བན་ཤུལ་པས་བོད་སྐད་སྨྲ་བ་རྣམས་ཀྱི་སྙན་ལམ་དུ་མཐོ་རིས་ཐར་བའི་དངོས་རྒྱུར་མི་འགྲོ་ཡང་མགོ་ནག་མི་ཡི་སྣང་ཁམས་སུ་རན་པར་སྙམ་ནས་གྲོང་ཁྱེར་ས་རྡུལ་ཅན་ལན་གྲུའི་ཟུར་ཞིག་ནས་དཔེ་ཀློག་ཇ་ཞོར་ལ་ཤར་མར་བྲིས་པ་མངྒཾ།


发布     👍 0 举报 写留言 🖊   
✋热门推荐
  • 她是徐州市三八红旗手,社区成立了以她名字命名的黄元三八红旗手工作室,她工作精细,善于发挥社会组织的作用,以妇女需求为导向开展工作,得到社区群众的高度认可。从害怕
  • #正义之道[超话]# 无论我们想要过什么样的人生,在历经过世事浮沉之后,都会选择接纳平凡。让每一天充满善良,让每一刻保持智慧,人生只有好好觉知,活在当下,才不会
  • 我看到大牙笑着抱他起来给我,一路忍不住的笑,嘴里还念叨"就给你放个水,不用磕头"[笑cry]晚上睡觉,皮皮拿了个沙包,说那是他的乐宝,刷牙的
  • 其实,最好的境界就是花未开全,月未圆。其实,最好的境界就是花未开全,月未圆。
  • 又如何拿捏才是最重要,也在有情世界对人类物种,皆以自己作主体,又他人为客体;能了知一切心法所应用,正是以:万法唯心、万殊唯物,又「心、物」两者所平衡,该如何作建
  • 近年来,包头市保持力度、延伸深度、拓展广度,突出精准、科学、依法治污,深入打好污染防治攻坚战,以蓝天、碧水、净土保卫战为抓手,推进减污降碳协同增效。2021年,
  • 更多#身份证[超话]# 遗失挂失声明:  6.1下午:大饼、以太做单简析;  大饼#比特币# 昨日正午自34150附近起涨,下午及晚盘一路飙高;  震荡上破35
  • 这款全新一代“金刚炮 ”是针对年轻人 打造的一款车型,特别是在外观的设计上, 更是赢得了年轻人的喜爱。这款全新一代“金刚炮 ”是针对年轻人 打造的一款车型,特别
  • 对此,袁丽表示,明明有那么直观的沙盘和销售承诺,业主没法从合同这句提醒来判断是有遮挡,而且合同没有标注遮挡,和具体高度,属于格式合同,开发商的上述说法,她不认可
  •   和麋鹿先生一起放学回家的黑熊转过身来笑着调侃:“小花兔,你不会是喜欢麋鹿先生吧,看你脸都红了。 “我……”看着那种冷漠的表情,小花兔突然从心底涌上委屈的感
  • ”“两年后,我带着守护我生命的最伟大天使走进了AT&T中#博鱼品牌##锦鲤跃浪,奔赴梦想#体育快讯【唐斯发推:母亲在2年前的昨天因新冠住院 这场比赛是献
  • 她想象着,未来有一天一定要到他的身边去”“那个时候的桑稚一定没有想过,七年后,她所想象的这么一天真的到来了”“如她所愿 桑稚真的成了段嘉许身边的那个人”这些天我
  • 贤惠的王惠郭德纲跟王惠结婚接近20年,两个人共同经历了德云社初期,也就是从北京相声大会的艰难困苦,艰辛维持,为了相声小剧场的生计,王惠还把父亲给她买的夏利车给卖
  • 唱歌的农农还是一样用脸唱歌,但是帅哥还是很帅啊,还有啊在农唱千万星火的时候迪士尼放烟花了,天空中还亮着星火好浪漫,在唱最后章节和早该知道的时候表白我们说是对我们
  • 我骂人了嘛?送上两张崽崽美照清醒一下[抱一抱][抱一抱]#鞠婧祎into you唇部彩妆代言人#不错,我对复联这事已经看开了,其实从根本上来说鸟就控制不住,有些
  • 是一篇专属于2021.12.31没有发出去的说说[伤心]在一个普通的星期五结束2021的最后一天好了…是浑浑噩噩的一年又一年…[裂开]好事一件没有…破事一堆又一
  • [哇]五月天Day来啦假期有好多事情可太好玩啦[心]#plog博主日记# 夏天的小区也太适合和朋友散步了年糕有一些新的撒娇方式,比如模仿海豹‍♀️好多地方都关门
  • 如果你本着“花小钱办大事”的态度选车,想以zui低的价格就能入手这款高功率车型的话,毫无疑问,11.58万元的280T 1.5T 自动尊贵型就值得选择,虽然它的
  • 针对此问题,最高人民法院正积极加强与有关部门沟通协调,共同研究解决收押难、送监难问题,确保被判处实刑且不符合监外执行条件的罪犯及时交付刑罚执行机关执行刑罚,从源
  • WEEKLY 7 远离消耗自我的人和事P1 拥有超好朋友的我是世界上最最幸福的小孩P2 那天fhy看着学校墙上匿名挂渣女的帖子和我说 如果你遇到渣男 我直接大号