࿔ རབ་བྱུང་བཅུ་བདུན་པའི་ཆུ་མོ་ཡོས་ཀྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཞི་སྟེ་སྟོན་པ་ཐུགས་རྗེ་ཅན་གྱི་ཆོས་འཁོར་བསྐོར་བའི་དུས་ཚེས་དགེ་བ་ལ། དབུས་ལྷ་ལྡན་གྱི་ར་ས་འཕྲུལ་སྣང་དགའ་བཞི་གཙུག་ལག་ཁང་དུ་ལྷར་བཅས་འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་མཐོང་བ་རང་གྲོལ་དང་། ར་མོ་ཆེའི་གཙུག་ལག་ཁང་དུ་བཞུགས་པའི་ཇོ་བོ་མོ་བསྐྱོད་རྡོ་རྗེ་གཉིས་མཇལ་བའི་སྐལ་བ་ཤར་ཞིང་། ཚེ་རབས་རྗེས་འཛིན་གྱི་སྨོན་ལམ་དང་རྟེན་འབྲེལ་གྱིས་རྟིང་བསྐུལ་བ་ལགས། https://t.cn/z8A5pMV
ད་ནི་དགུན་ཟླ་རྫོགས་འགྱུར་བསིལ་རླུང་ལྡང་འོངས་ནས།།
ཉིན་བྱེད་པད་མའི་མཚམས་སྤྲིན་ལྷོད་ཀྱི་གང་བུ་བཞད།།
དཔྱིད་ཀྱི་སྙན་དབྱངས་ཐོས་པའི་རྣམ་རིགས་སྐར་ཚོགས་ཀྱི།།
མི་ཡུལ་སྣོད་བཅུད་བདུད་རྩི་ཟེགས་མ་མང་དུ་ཐོར།།
—————࿔
ཉིན་བྱེད་པད་མའི་མཚམས་སྤྲིན་ལྷོད་ཀྱི་གང་བུ་བཞད།།
དཔྱིད་ཀྱི་སྙན་དབྱངས་ཐོས་པའི་རྣམ་རིགས་སྐར་ཚོགས་ཀྱི།།
མི་ཡུལ་སྣོད་བཅུད་བདུད་རྩི་ཟེགས་མ་མང་དུ་ཐོར།།
—————࿔
སྡོད་ཡུལ་མེད་པའི་རླུང་བུ་ནང་བཞིན་འདར་ཡོམ་ཡོམ་གྱིས་ཇི་ཙམ་ཉེ་ནའང། ངས་ཡིད་དུ་འོང་བའི་སྨོན་འདུན་ཡོད་ཚད་ཀྱི་སྨྲེ་སྔགས་ལ་བཟོད་སྒོམ་བྱེད་ཆོག་པར་ཞུ།
__________࿔
__________࿔
✋热门推荐