ཆང་ཕོར་གང་དང་མཚན་མོའི་ན་ཟུག

དོ་ནུབ།

མུན་ནག་དང་སྤྲིན་དཀར་འདྲེས་མཚམས་ནས།

མཛའ་གཞས་དེ་ངག་ལ་འགུག་བཞིན།

དྲན་པ་ཐོར་བའི་བསམ་གཞིག་ཅིག་ཁྱེད་ལ་བརྗོད།

སྨྲ་མི་ཤེས་པའི་ནེ་ཙོ་ཇི་བཞིན།

དཀྲོག་གཏམ་ལས་བསླངས་པའི་དྲན་གཞས་ངོ་མ།

ཁྱེད་ལ་བརྗོད།

དོ་ནུབ།

ལྷིང་འཇགས་དང་ལྷོད་ཆགས་མཉམ་དུ།

ངག་སྒོ་ནས་ཐོན་པའི་སྙིང་གཏམ་གསོན་པོ།

ཆང་ཕོར་གང་གི་བཟི་གཏམ་དང་མཉམ་དུ་ཁྱེད་ལ་བརྗོད།

བཤད་མི་ཤེས་པའི་སྨྱོན་པ་ཇི་བཞིན།

གདངས་སྙན་གྱི་དཔལ་ལ་རོལ་བའི་ལ་གཞས་དེས།

ནང་མ་དང་འདྲ་བར་ཝུ་ཆང་གིས་གཉིད་ལས་དཀྲོགས།

དོ་ནུབ།

དྲན་པ་དང་དྲན་པ་ཤེས་བཞིན།

སྨྲེང་བ་དང་ལོ་ཟླ་མཉམ་དུ།

འདས་སོང་གི་དྲན་པ་ཕྲ་མོར།

འཁང་ར་དང་ལེ་བདའ་བྱེད་བཞིན།

ཕྱིར་དྲན་དང་ཕྱིར་མིག་བལྟས།

ཕ་ཡུལ    རྟ་ཁྱུ་མེད་པའི་ནགས་ལུང་།

ལུག་ཁྱུ་མེད་པའི་སྤང་ཐང་།

ནོར་ཁྱུ་མེད་པའི་རི་སྒང་།

ཕུ་ན་ཆུ་ཕྲན་མང་ཞིང་། མདའ་ན་ཆུ་སྣ་མང་བའི་རྒྱ་མཚོ།

ནམ་ཞིག   བདག་ཕ་ཡུལ་ལ་སླེབས་སྲིད།

དེ་ནི   ཁྱོད་དང་དྲན་པའི་ན་ཟིག་ཅིག་ཅི་ལ་མིན།

དོ་ནུབ།

འཕག་འཚག་དང་གཟུགས་རོ་ཆབས་ཅིག

སྙན་ལ་རོལ་བའི་བཞེད་གླུ་དང་།

གར་ལ་རྩེན་པའི་བྲོ་གཞས 

ཡང་ན   ངས་ཁྱོད་ལ་འཁྲབ་པའི་《འགྲོ་བ་བཟང་མོ》ས་ཟློས་གར་བཞིན།

གང་ལྟར    ལུས་ཀྱི་སྟངས་སྟབས་ཕུད་ནས།

དལ་ཞིང་རྒྱུ་བའི་ངང་ནས།

འཛུམ་མདངས་ལ་འགྲོགས་ཤིང་།

བྲོ་གཞས་དེ་རྩེད་འགོ་བརྩམས།

དེ་ནི    ད་དུང་ང་རང་གཉིད་ལས་སད་མེད་པས།

རྨི་ལམ་མ་གཏོགས་ཅི་ཡང་ལས་མ་འདས།

སྙིང་ཉེ།

ན་ཟུག་གི་ཚོར་བ་ཕྱི་རུ་བཏོན་ཐུབ་ན།

ངས་ཁྱོད་ལ་“དགའ”ཞེས་པའི་ཐ་སྙད་དེ་འཁྱར་འཁྱོར་ངང་བཤད།

དེ་དུས      ངོ་གནོང་དང་འགྱོད་གདུང་ཅི་ཡང་མེད་པར།

བདག་སེམས་ཀྱི་མར་མེ་དུམ་བུ་གཅིག་རླུང་གིས་བསྐྱོད།

“སྙིང་གཏམ་གསོན་པོ་དེ་དྲན་པའི་ཕྱིར་མིག ”ཡིན།

“སེམས་གཏམ་དག་མ་དེ་སྙིང་གི་འཕྲིན་པ”ཡིན།

“དཀར་གསལ་གྱི་དུང་ལ་འགྲན་ཕྱིར་བརྗེད་མེད་ཀྱི་བྱམས་པ”ཡིན།

ཡིད་ཆེས་དང་ཞེ་དགའ་ཡོད་ན།

དོན་ངོ་མར       

མི་ཚེ་འདི་ཁྱེད་དང་མཉམ་དུ་བསྐྱལ་ན་ཆོག་གམ།

བྱིས་དུས་ཀྱི་ང་ཚོར་བལྟས་པ།

ཀ་ར་བུ་རམ་རྔན་པ་སྟེར་བ་ན། །
ཁ་ནི་ཐེར་ཐེར་གད་མོ་དགོད་བཞིན་དུ། །
ག་བར་སུ་ཡིས་མངགས་ན་འགྲོ་ཤར་ཤར། །
ང་ཚོ་བྱིས་པ་ཡིན་དུས་གཡོ་ཁྲེབ་མེད། །

ཅ་ཅོ་ལབ་གླེང་ཅི་ཞིག་བྱེད་ན་ཡང་། །
ཆ་ཆ་ངང་པ་ལྟར་དུ་ཉིན་གང་པོར། །
ཇ་ཤིང་སྡོང་པོའི་འོག་དང་གྱང་གི་རྩར། །
ཉ་མོ་ཆུ་ལ་ཇི་བཞིན་འབྲལ་བ་མེད། །

ཏ་ཀུ་ཐོག་པའི་ཨ་མྱེའི་མ་མཐོང་སར། །
ཐ་མག་འཐེན་འཕྲོ་རྔུབ་པར་སྤྲོ་སྣང་ཅན། །
ད་ལྟ་ཕན་ལ་ཅི་ཡང་མི་སེམས་དུས། །
ན་ཟླ་ང་ཚོའི་ཡན་ལ་སྤུན་ཟླ་མེད། །

པ་ཕ་ཨ་མ་སོགས་ཀྱིས་མ་རིག་སར། །
ཕ་རོལ་གཞན་གྱི་ཁང་པའི་སྒེའུ་ཁུང་དང་། །
བ་ལང་མཛོ་མོ་སྒོ་ཟོག་རྡོ་རྡུང་བྱེད། །
མ་རབས་ཆེ་ལ་ང་ཚོར་ཚོད་ཅིག་མེད། །

ཙ་གེ་ཙིག་གེ་ཅི་ཡང་ཡོད་པ་ཡི། །
ཚ་ཚ་འུར་འུར་ཆེ་བའི་ཁྲོམ་ར་ན། །
ཛ་དྲག་ཆེ་བ་གཞན་རྒྱུ་རྐུ་བ་ལ། །
ཝ་ལེར་སེམས་ན་ང་ཚོའི་ཡན་ན་མེད། །

ཞྭ་གོས་ལྷམ་སོགས་ཐལ་བ་འཚུབ་འཚུབ་ཏུ། །
ཟ་ཁང་སྒོ་ནས་མཆིལ་མ་མིད་བཞིན་དུ། །
འ་ཆད་འུད་ལ་ཐུག་པའི་སྤྲང་པོ་བཞིན། །
ཡ་ཐེམ་འོག་ཏུ་འདུག་ལ་ངོ་ཚ་མེད། །

རྭ་ཅོ་སྐམ་པོ་མང་པོ་སྤུང་བ་ཡི། །
ལ་ལུང་སྟོད་ཀུན་གྱི་ཕྱག་ཁང་ནང་། །
ཤ་གཅུས་རྒྱབ་ཀྱིན་ངུ་ཞོར་དགོད་ཞོར་དུ། །
སཱཙྪ་ལྷ་སྐུ་གཉོག་ལ་འགྲན་ཟླ་མེད། །

ཧ་ལམ་ཉི་མ་ཤར་ནས་མུན་ཁའི་བར། །
ཨ་ཉོག་ཁྱུ་གཅིག་གྲོང་པའི་སྟོད་སྨད་ན། །
ཧ་ཧ་ཧེ་ཧེ་ཟེར་བཞིན་རྒྱུ་བ་དེར། །
ཨ་ཧོ་ད་ལྟར་སེམས་ན་སྐྱིད་པ་ལ། །
དེང་སྨྱུག།

རིག་འཛིན་འཇིགས་མེད་གླིང་པས།

པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། །
རེག་ན་བདེ་བའི་མཆོག་སྟེར་ཨུཏྤལ་མིག །
གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ། །
རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །

སྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང་། །
བལྟ་ན་སྡུག་པའི་གཟུགས་ཀྱིས་ཆར་མི་ཉེ། །
ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ། །
རྡོ་རྗེ་ཕྲེང་བ་མ་ཡིས་མཉེས་གྱུར་ཅིག །

འཇམ་མཉེན་པུཎྜ་རི་ཀའི་ལང་ཚོ་ལ། །
རེག་འཇམ་དབང་པོའི་གཞུ་ཡི་འཁྲི་ཤིང་ཅན། །
སྐད་སྙན་འགྱུར་ཁུགས་སྟོང་གི་གླུ་ལེན་མ། །
རྡོ་རྗེ་གླུ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །

བུང་བ་པདྨའི་ཚལ་ན་གཡོ་བ་བཞིན། །
ཕྱག་ཞབས་གསེར་གཡུའི་གདུ་བུས་མཛེས་པའི་གར། །
མིག་འཕྲུལ་ལྟ་བུར་སྒྱུར་བའི་གཡོ་ལྡན་མ། །
རྡོ་རྗེ་གར་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །

ཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ཀྱང་། །
ཤིན་ཏུ་མཛེས་པའི་ལང་ཚོས་བརྟན་པ་འཕྲོག །
ཨུ་དུམ་ཝཱ་རའི་ཆུན་འཕྱང་ཡིད་འཕྲོག་མ། །
རྡོ་རྗེ་མེ་ཏོག་མ་ཡིས་མཉེས་གྱུར་ཅིག །

བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེས། །
སྙིང་ལ་དགའ་བའི་ཡ་མཚན་ཅིར་ཡང་སྟེར། །
དྲི་ཞིམ་སྤོས་ཕོར་ཐོགས་པའི་སྨིན་ལེགས་མ། །
རྡོ་རྗེ་བདུག་སྤོས་མ་ཡིས་མཉེས་གྱུར་ཅིག །

ཡིད་འོང་ལྟ་ན་སྡུག་པའི་མཁུར་ཚོས་ལ། །
ལི་ཁྲིས་ཐིག་ལེས་བསྐུས་པའི་རི་དྭགས་མིག །
ཉི་ཟླའི་སྒྲོན་མེ་ཐོགས་པའི་བཞིན་བཟང་མ། །
རྡོ་རྗེ་སྣང་གསལ་མ་ཡིས་མཉེས་གྱུར་ཅིག །

འཆི་མེད་བུ་མོའི་དཔལ་འཛིན་སྨིན་ལེགས་གཟུགས། །
ཞལ་ནས་ཨུཏྤ་ལ་ཡི་དྲི་འཐུལ་ཞིང་། །
བཟང་དྲུག་སྨན་གྱིས་བྱུགས་པས་དགྱེས་པ་སྐོང་། །
རྡོ་རྗེ་དྲི་ཆབ་མ་ཡིས་མཉེས་གྱུར་ཅིག །


发布     👍 0 举报 写留言 🖊   
✋热门推荐
  • ”  供暖季开始后,刘传佳每天都在重复着这样的工作,不仅每个换热站的细节他都如数家珍,更是对这一台台悄无声息的设备有着特殊的感情。经过刘传佳介绍,为了更好地在春
  • 今天毒液的直播大家也看的到,我被骗,我承担自己的责任,我认了。我不知你身为-个孩子的父亲,晚上又去某平台开直播诋毁我, 我还在直播间安稳直播赚奶粉~我现在不解释
  • #临床手记#博士课题做的就是前列腺微创治疗的临床研究很有幸,10年前在学生时代就参与了经尿道前列腺剜除术的一些初步临床研究当时各种能量平台在TUERP中应用比较
  • 」大仔郑承悦将于明年读K1,嘉颖谓挑选幼稚园的重任交给太太,反而他计划将来为儿子报读其母校华仁小学:「他是第三代啦,我跟爸爸也就读这间,因为我想他学好中文,读几
  • 從歌聲誕生的許許多多的生命當中,「大大的人們」誕生了。因為「巨大的戰爭」的關係,許多的生命都被奪去了。
  • 而后去做了指甲,遇到了一位同行的老哥,老哥还是老客户,(没有歧视男同胞的意思,单纯震惊)晚上给小周做了来广州之后的第一顿饭,某人说一回家就有饭吃真幸福,闻的是自
  • 有时候我无法让自己像他们一样对疾病保持乐观的态度,我甚至害怕我喜欢的人就这样消失在这个世界里。于是男人传言说,人鱼会利用美丽的容貌和甜蜜的歌声引诱男人,没有人可
  • #威塑吸脂#原本是没有问题的,最有问题的是那些并不能真正有操作资质的医生。 #威塑吸脂#原本是没有问题的,最有问题的是那些并不能真正有操作资质的医
  • 因为你并没有了解有所谓相对的真理,你必须要依这个相对的真理修。有一个讲法,当你已经把相对的真理圆满了以后,你达到的境界就是绝对的境界。
  • 往后,许多事也可以试着放下[心]#新年更有新期待#这条不敢在朋友圈发怕亲人们一次次泪崩这个可爱又洋气的老太太还是没有等我回去看她,这也成为我最大的遗憾,我有了自
  • 舍利弗,南方世界有日月灯佛、名闻光佛、大焰肩佛、须弥灯佛、无量精进佛,如是等恒河沙数诸佛,各于其国,出广长舌相,遍复三千大千世界,说诚实言:汝等众生,当信是称赞
  • 检警协作开新篇,利剑护蕾成合力 为深入贯彻湖南省人民检察院“利剑护蕾”专项行动要求,提升未成年人司法保护质效,1月21日,洪江人民检察院以侦查监督与合作办公室为
  • 曾经总爱往韩国跑的我已经两年没去了五年签证的期限也已过半 感叹时间过得好快今天收到韩国朋友寄来的新年礼物 감동받았엉ㅠㅠ对方在信里告诉我很想我 希望可以早日见面
  • !”也因此,保持穿搭乐趣的诀窍之一在于,不拍照或没心情的日子,怎么随便/舒适怎么穿,该懒则懒[污]。
  • 新建成的展示中心带你全方位了解汽车】日前,中国·平湖汽车零部件制造基地创新中心(平湖汽车零部件技术创新公共服务平台)举行开业仪式,这标志着平湖市的汽车零部件产业
  • 史书上记载说,孙权为了巩固孙刘联盟,曾经派人向关羽的女儿求婚,关羽却对孙权前来的求婚使者大加羞辱,从而孙权怀恨在心。哈林和伊能静离婚后两不相欠,各自都寻找到自己
  • 没想到过年婆婆又给了大红包,开启“撕吧”模式了一会儿[允悲],说着过年呢喜庆[福气虎]。不是因为有好多红包,而是因为有很多人关心你这一年来是怎么度过的,是不是很
  • 这么想完全是自以为是了,在实践当中,我发现立刻挽回的人通常都会得到这样的反馈:你先冷静下来想想吧。#读书# ——《我不可能只是仰望你》#EmmaRaducanu
  • #断背山[电影]# “人人心中都有一座断背山,那是一个永远也无法抵达的梦。 看的过程中好多次怀疑ennis真的爱jack吗 但是越到后面(特别是jack死了之
  • 【摘存】佛教最高境界的话 (一) 十方如来,同一道故,出离生死,皆以直故。 (二) 生命中那些得不到的、握不住的,都要学会放下。 (三) 恰恰用心时,恰恰