བཀྲེས་པས་ཉེན་པའི་སྙན་ངག
~གཉན་ཆེན་སྲས་བུ།
སྐར་མས་མིག་ཟུང་འདར་ཙམ་དང་ལྷན
རླུང་བུ་འཁྱམ་པོ་འགས་ཁོ་བོའི་ངོ་གདོང་བརླན
ཧེ་བག་གིས་ཆོད་པའི་མཁའ་དབྱིངས་ཀྱི་ཟླ་བའི་ངོ་གདོང
ཟས་ཀྱིས་མ་ཟིན་པའི་ཁོ་བོའི་ལྟོ་བར་སེམས་སྟེ
གཏིང་ནས་ཁོ་ཆད་པར་གྱུར
གནམ་མཁར་སྤྲིན་པའི་ལོ་མ་ལེགས་པའི་དོ་ནུབ
ཁུག་སྟོང་རྒྱབ་ཏུ་ཁུར་བའི་ཟླ་བའི་འོད་ཟེར
འདུ་ཁང་གི་སྐོར་ལམ་དུ་ཉུལ་བའི་ཁོ་བོ
དེ་དག་གི་འདྲ་ཆོས་དག་ཡིད་ངོར་བྲིས་སྟེ
གཏིང་ནས་དགོད་རྒྱུ་ཞིག་ཀྱང་བྱུང
༢༠༢༣/༡༢/༢༤/
~གཉན་ཆེན་སྲས་བུ།
སྐར་མས་མིག་ཟུང་འདར་ཙམ་དང་ལྷན
རླུང་བུ་འཁྱམ་པོ་འགས་ཁོ་བོའི་ངོ་གདོང་བརླན
ཧེ་བག་གིས་ཆོད་པའི་མཁའ་དབྱིངས་ཀྱི་ཟླ་བའི་ངོ་གདོང
ཟས་ཀྱིས་མ་ཟིན་པའི་ཁོ་བོའི་ལྟོ་བར་སེམས་སྟེ
གཏིང་ནས་ཁོ་ཆད་པར་གྱུར
གནམ་མཁར་སྤྲིན་པའི་ལོ་མ་ལེགས་པའི་དོ་ནུབ
ཁུག་སྟོང་རྒྱབ་ཏུ་ཁུར་བའི་ཟླ་བའི་འོད་ཟེར
འདུ་ཁང་གི་སྐོར་ལམ་དུ་ཉུལ་བའི་ཁོ་བོ
དེ་དག་གི་འདྲ་ཆོས་དག་ཡིད་ངོར་བྲིས་སྟེ
གཏིང་ནས་དགོད་རྒྱུ་ཞིག་ཀྱང་བྱུང
༢༠༢༣/༡༢/༢༤/
འཇིགས་རུང་བདུད་ཀྱི་རླུང་འཚུབ་ཡོལ་བྱེད་དེ།།
ཚིག་འཇམ་ངག་གི་མེ་ཏོག་ཀུན་གཏོར་ནས།།
ཕ་སྐད་གཡང་གི་ཀ་བའི་རྨང་རྡོ་འདི།།
སྒུལ་བར་རྩོམ་པའི་དགྱ་ནག་པ་ལ་ཟོན།།
ཚིག་འཇམ་ངག་གི་མེ་ཏོག་ཀུན་གཏོར་ནས།།
ཕ་སྐད་གཡང་གི་ཀ་བའི་རྨང་རྡོ་འདི།།
སྒུལ་བར་རྩོམ་པའི་དགྱ་ནག་པ་ལ་ཟོན།།
ཁྱེད་རང་དྲན།
ཁ་བའི་དབྱངས་སྙན་དུ་འཚོ་བའི་འབྲོག་ཕྲུག་ཁྱོད།
ཅིའི་ཕྱིར་འཚོ་ལ་གང་ཆེད་ཆགས།
དེ་རིང་ཞོགས་པའི་ཁ་གསེབ་ནས་ཁྱེད་རང་དྲན།
ཁྱེད་ཀྱི་འཛུམ་མདངས་དང་སྐད་ངག་དྲན་ལ།
ཁྱེད་ཀྱི་འཚོ་བ་དང་འཇིག་རྟེན་ཀྱང་དྲན།
ཁ་བའི་དབྱངས་སྙན་དུ་འཚོ་བའི་འབྲོག་ཕྲུག་ཁྱོད།
ཅིའི་ཕྱིར་འཚོ་ལ་གང་ཆེད་ཆགས།
དེ་རིང་ཞོགས་པའི་ཁ་གསེབ་ནས་ཁྱེད་རང་དྲན།
ཁྱེད་ཀྱི་འཛུམ་མདངས་དང་སྐད་ངག་དྲན་ལ།
ཁྱེད་ཀྱི་འཚོ་བ་དང་འཇིག་རྟེན་ཀྱང་དྲན།
✋热门推荐