ང་ཚོས་ཅི་ཙམ་ཤེས་ནུས།

མཁའ་ལ་རྟོད་པའི་སྐར་ཚོམས་བྱེ་བའི་ཚོམ།།
རླུང་གིས་བཏེག་ཅིང་རླུང་གིས་དེད་པ་ཡིས།།
ཕན་ཚུན་མ་འདྲེས་གཅིག་ལ་གཅིག་སྐོར་ངང་།།
གནས་ལ་བློ་ལྡན་སུ་ཞིག་མཚར་མི་འཛིན།།

ལ་ལས་བྱེད་པོས་བསམ་བཞིན་བཟོས་སོང་ཟེར།།
འགའ་རེས་སྤྱི་མཐུན་ལས་ཀྱིས་བསྐྱེད་དོ་ཟེར།།
ཁ་ཅིག་འབར་གས་ཆེན་མོ་ལས་བྱུང་ཟེར།།
ཀྱེ་མ་གང་གི་གཏམ་ལ་ཉན་པར་རིགས།།

རྒྱུ་མེད་བྱེད་པོས་འབྲས་བུ་བསྐྱེད་ཚུལ་དཀའ།།
སྤྱི་མཐུན་ལས་ནི་བསོག་ཚུལ་དྲིས་ཚེ་དཀའ།།
འབར་གས་སྟེས་དབང་ཡིན་པར་སྨྲ་ན་དཀའ།།
དཀའ་གནད་མདུད་པ་དེ་དག་སུ་ཡིས་དགྲོལ།།

ཁྱོད་དང་ང་ཡི་ཁྱིམ་གཞིས་ཟླུམ་པོ་ཡང་།།
གྲངས་མེད་སྐར་ཚོགས་གྲས་ཀྱི་གཅིག་ཡིན་ཟེར།།
སུས་བཟོས་མ་ཤེས་རྒྱུས་མེད་ཁྱིམ་འདི་རུ།།
གར་ཡོང་མ་ངེས་འུ་ཅག་འཛོམས་པ་མཚར།།

མཁས་པས་དཔྱད་དོན་ཅི་ཙམ་མི་མཐུན་པ།།
དེ་ཙམ་ཆོས་དེ་ཟབ་པའི་རྟགས་ཡིན་ཚེ།།
རང་ཅག་འཚོ་ཞིང་གནས་པའི་འཇིག་རྟེན་ལ།།
དཔྱད་པས་ཞུགས་ན་རྩོད་གླེང་རྫོགས་མཐའ་མེད།།

ཇི་ལྟར་སྣོད་ཀྱི་ངོ་བོ་མི་རྟོགས་བཞིན།།
བཅུད་ཀྱི་ཁུངས་ནི་ལྷག་ཏུ་མི་ཤེས་པས།།
ཆ་མེད་ཡུལ་འདིའི་རྒྱུས་མེད་མགྲོན་པོའི་ཚོགས།།
ཕན་ཚུལ་ཆགས་ཤིང་སྡང་བའི་རྩ་བ་ཅི།།

སྐྱེ་བོ་རེ་རེ་ཕ་མ་ལས་བྱུང་མོད།།
ཕ་མར་བུ་བཟོའི་ནུས་པ་ཇི་ལྟར་བྱུང་།།
ནུས་པ་དེ་ཡི་ཐོག་མ་མ་རྙེད་ན།།
བཟོ་བོ་སུ་ཡིན་དོགས་པའི་མཐའ་མི་ཆོད།།

མ་ཡི་མངལ་ནི་བཟོ་གྲྭ་རྩེ་གྲས་ཤིག།
ཕ་མ་གཉིས་ནི་བཟོ་བོ་ཁྱད་འཕགས་ཤིག།
བུ་ཕྲུག་དག་ནི་ཐོན་རྫས་ཡ་མཚན་ཞིག།
ཁོ་ཚོའི་འབྲེལ་བ་དེ་ཙམ་ཡིན་སྲིད་དམ།།

ཚད་བཅས་ལུས་ལ་ཚད་མེད་སེམས་ལྡན་ཞིང་།།
མྱོང་བ་མི་མཐོང་མྱོང་མཁན་མཐོང་བ་འདི།།
རང་ལ་གཅེས་རུང་རང་ངོ་མི་ཤེས་པ།།
འདི་ཚོས་རང་རེ་རྩེད་སྤྱད་བྱས་པ་འདྲ།།

འགྲོ་མིས་ཁ་གཡང་རྫིགས་པོ་བསྒྲོག་ཀྱང་ཆོག།
ཚན་རིག་ལག་རྩལ་ཟེར་བ་བསྐྲུན་ཀྱང་རུང་།།
བཟློག་མེད་ཆོས་ཉིད་བཙན་པོའི་ལག་མཐིལ་ན།།
མི་ནི་གྲོག་མ་ལས་ཀྱང་གྲོག་མར་མཐོང་།།

མགོ་ལ་ཆག་སྒོ་ནམ་ཡོང་མི་ཤེས་སོ།།
གསོན་ལ་རེ་ཡང་མི་འཆི་ཐབས་མེད་དོ།།
སྐྱིད་ལ་འཁྲེང་བཞིན་སྡུག་གིས་མི་གཏོང་ངོ་།།
ལས་དབང་བསྒྱུར་དགོས་ཟེར་བ་དགོད་གཏམ་མོ།།

འགྱུར་ལྡོག་བྱ་བཞག་ཁ་དོག་མ་ངེས་པ།།
སེམས་ཀྱི་མེ་ལོང་ངོས་ལ་འཆར་ཐེངས་རེས།།
དགའ་སྐྱོའི་ཚོར་བས་དགོད་ཅིང་ངུ་བས་ཀྱང་།།
འུ་ཅག་བྱིས་པ་མིན་ཞེས་སྨྲ་ནུས་སམ།།

མི་དོན་རྩེད་མོ་འདྲ་དེ་རྩེས་རྩེས་ནས།།
མི་ཚེ་ཕྲེང་ཐག་འདྲ་དེ་ཟད་པ་ན།།
རྒྱུས་མེད་འཆི་བའི་སྒོ་ཐེམ་བརྒལ་དགོས་པས།།
སྒོ་དེའི་རྒྱབ་ན་གསང་བ་ཅི་ཡོད་དམ།།

མངོན་གྱུར་སྒྱུ་མའི་ཕོ་བྲང་ཡར་མ་ཡོར།།
ལྐོག་གྱུར་རྡོ་ཡིས་རྩིག་པས་བཏེག་ཡོད་འདྲ།།
རྩིག་པའི་སྲབ་མཐུག་ཙམ་ཡང་མི་དཔྱོད་པར།།
ཕོ་བྲང་བསྐྱར་བཟོ་འདོད་ན་ལོས་རེ་འཁྲུལ།།

ཐོག་མ་མི་ཤེས་མཐའ་མ་མི་དཔོག་པའི།།
རྒྱ་ཁྱོན་རྣམ་པར་ཡངས་པའི་འཇིག་རྟེན་ན།།
མི་ནི་གྲོག་མ་ལྟ་བུའི་སྲོག་ཆགས་སྟེ།།
ཕར་འདུར་ཚུར་འདུར་ཙམ་གྱིས་རྫོགས་འགྲོའོ།།

ང་རང་
རྫ་ཆུ་ཤག་ཤག་བཞུར་བའི་ཁུག་སོ་དེ་ལ་ཆས་འདོད་
དེ་ན་
ང་དང་ངའི་ནུ་བོའི་དགོད་སྒྲ་ཡོད
ང་རང་
སྤང་རི་མཐོན་པོ་དེའི་འདབས་རོལ་ཆས་ལ་འདོད་
དེ་ན
ང་དང་ངའི་ནུ་བོའི་རྩེ་ར་ཡོད།

རི་དྭགས་རྒྱལ་བོའི་རྔམས་བརྗིད་དཀར་པོ་དེའི། །
དར་གཅིག་འགྱུར་བ་སྟོན་པའི་ངང་ཚུལ་འདི། །
བྱམས་བརྩེའི་འབབ་རྒྱུན་ཡིན་པ་མ་ཤེས་པའི། །
ད་རུང་ལོག་འཚོའི་སྒེག་ལ་གཡེང་གྱིན་འདུག །


发布     👍 0 举报 写留言 🖊   
✋热门推荐
  • 理想不抛弃苦心追求的人,只要不停止追求,你们会沐浴在理想的光辉之中。#熊猫守护者[超话]# #阳光信用# #每日一善# 理想不抛弃苦心追求的人,只要不停止追
  • 【专注聚焦:做自己最擅长的事】10年前,当我踏上企业管理教育行业的时候,恩师给我分享一个重要的做事法则:聚焦战略!妈妈昨晚和我说,每个人都觉得我这种条件可以找到
  • 2021-11-03—-最近科里有一个重病人,非常非常重,每天很多路液体维持生命,我想感慨的是他生命力之顽强,上一次住院整整103天,回家呆了两天,急诊又上来,
  • 作为欧洲最古老的电影节之一,格丁尼亚电影节是电影作品与观众、电影人以及记者的交流圣地。#波兰#“金狮奖”颁奖典礼 与意大利威尼斯电影节、法国戛纳电影节一样,格丁
  • 途观L车主与爱车合影外观上引发我关注的亮点:第一眼看ID.4 X就感觉到它超脱除出大众车系以往较为沉稳的设计,前脸更加的时尚洋气,这势必能够符合更多年轻人群的喜
  • 今天新面孔、新地点、新理念将会给你带来刺激和触动,可能有人向你透露一些不寻常的东西,可能是一个秘密会泄露出去,可能是媒体上的惊人消息可能会让你震惊或措手不及,可
  • 一大早就倍受刺激…[衰]一起学画的同学已经是老师了,他问我现在还在画吗?问得我真是好羞愧…因为没有自信,15年都没有拿起画笔[伤心]…他还在叫我小师傅,[泪]说
  • 8. 希望你今天的心情是彩色的,猫宁。 8. 希望你今天的心情是彩色的,猫宁。
  • 那么温柔的你,那么共情的你,那么俏皮的你,那么俊朗的你,那么爱笑的你,那么有爱的你,在那短短的一个多小时尽数展现,动人心弦,难怪大家会这么喜欢你。最近事情也蛮多
  • 大部分人挽回的时候都说对方不愿意跟自己沟通,或者沟通不了,这就叫无效沟通。真正有效的沟通并不是闲谈,更不是死缠烂打不断的拿之前的感情说事,而是学会在合适的时间说
  • 有些话无需说明,就让它成为秘密;有些人无需点破,就让自己糊涂而过。!
  • 85号顶峰相见 努力成为更好的自己,守护彼此 My sweet ‖#王一博不可阻挡remix# ‖#王一博S11总决赛特别舞台##王一博[超话]##王一博
  • 高一的时候是真情实感磕过慌张CP也是那档恋综我粉上了乔任梁 (后来才知道太傻了还嗑那么深 徐白莲真的没有心唉但自己确实是真心粉过kimi 完完全全就是我理想型男
  • 孩子昨天破天荒可以跟爸爸同睡 并且半夜没有醒来找我 [打call][打call][打call] 难得睡个整觉 真是值得放个礼花 我说了那么久男孩子需要爸爸陪伴
  • ”不管是诗歌书法,还是文学字画,其实都是一个人的较为淡雅的乐趣。可以说,这些人活得真实且优雅,是值得交往的人。
  • 其实,原因很简单,第一,眼睛是心灵的窗户,心里到底怎么想的,很难伪装成其他的样子;第二,男女之间性别的差异,也就决定着眼神的对视存在着荷尔蒙的流动,若本就有感情
  • 正能量的人就像太阳一样自带光芒,和他们在一起,仿佛在暖阳下行走,既温暖舒适,又能让人精力充沛,时间久了自己也会学着发光。从今天起,去靠近正能量的人吧,也要努力让
  • 这些司机没想当的是,他们5分钟后没能等来消防队,反而等来了高达1200°的“烈焰风暴”……其实货车刚刚起火,控制室就通过监控发现了这一情况,并立即关闭入口,禁止
  • (二)结婚后 1、一方父母全额出资 ⅰ房子落在出资方子女名下,根据《民法典婚姻家庭编司法解释(一)》除明确约定为对夫妻一方的赠与外,认为是夫妻共同财产。如果双
  • 我第一次知道这本书是在几年前,看到了一篇截取本书(《让我留在你身边》)的最后以作者视角来写金毛狗子的短文,作者所写的文字中流露出来的对梅茜的深厚的感情真的是很轻