ཁྱོད་ལ་རྒྱབ་རོགས་དཔུང་དམག་ཡོད་དམ།


1

ཁ་བྱང་འདི་ནི་ནེ་ཁུ་ཝོ་ཆི་ཞི་ཁེས་(尼克沃奇西克)བརྩམས་གནང་བའི་དཔེ་དེབ་《STAND STRONG You Can Overcome Bullying》ཞེས་པའི་ལེའུ་གཅིག་གི་ཁ་བྱང་རེད། ལེའུ་འདིའི་ནང་དུ་དུས་རྒྱུན་འཚོ་བའི་ཁྲོད་ང་ཚོའི་ཉེ་འགྲམ་དུ་མི་མང་པོ་ཞིག་ཡོད་ནའང་དོན་དུ་ཞིབ་པར་སེམས་ན་མི་ག་ཚོད་ཞིག་གིས་མུན་ཁྲོད་ཀྱི་ཁྱོད་ལ་འོད་སྣང་བསྩོལ་ལམ་ཞེས་དང་ཡང་ན་ཁྱོད་ཀྱིས་རང་ཉིད་ལ་བཟང་ཕྱོགས་ཀྱི་ལམ་སྟོན་དང་བག་ཆགས་བཟང་པོ་འཇོག་མཁན་དག་དང་ཐག་ཇེ་ཉེར་འགྲོ་ཞིང་ངན་པ་དག་དང་རིང་དུ་གྱེས་དགོས་པའི་བསམ་བློའི་གྲ་སྒྲིག་ཡོད་དམ་ཞེས་པ་སོགས་ཀྱི་ལྡོག་འདྲི་མང་དག་ཅིག་འདུག་པ་ལ་ང་ཚོ་སོ་སོས་ཀྱང་རང་ཉིད་ཀྱི་བསམ་བློ་དང་ཉེ་འགྲམ་གྱི་དུ་མ་ཞིག་ལ་འདྲི་བ་འདི་དག་ལས་མགོ་བརྩམས་ཏེ་བྱི་དོར་བྱེད་དགོས་པ་ཤིན་ཏུ་གལ་ཆེ། ཡང་སྒོས་དཔེ་དེབ་འདིར་དངོས་བྱུང་གི་གཏམ་རྒྱུད་དྲངས་ཏེ་གྲོགས་བཟང་པོ་མཉམ་དུ་འགྲོགས་པའི་གལ་ཆེན་མང་དུ་བསྟན་འདུག་པ་དག་ནི་རང་རེ་ལ་ཡང་མཁོ་ཆེ་བར་སེམས།དེར་བརྟེན་ལེའུ་འདིའི་ནང་དོན་དག་ང་རང་ཉིད་ངོས་ནས་ཤིན་ཏུ་ལེགས་པར་སེམས་ལ་བཀླག་རྗེས་ཚོར་བ་དྲག་པོ་ཞིག་བྱུང་བས་འདིར་དེ་ལས་འཕྲོད་དེ་གཏམ་ཉུང་ངུ་ཞིག་གླེང་བར་བྱ།

2

དེང་སྐབས་དྲྭ་ལམ་ཐོག་སྐད་ཆ་འདི་འདྲ་ཞིག་ཁྱབ་ཡོད་དེ་“གྲོགས་ངན་གྲིབ་གཟུགས་དང་འདྲ་སྟེ་ཁྱོད་ལ་འོད་སྣང་ཡོད་ཚེ་ཉེ་བར་གནས་ནའང་ཁྱོད་མུན་ཁྲོད་དུ་གནས་སྐབས་ཡེ་མི་མངོན་”བྱ་བ་ཕལ་ཆེར་ཚང་མས་མཐོང་ཐོས་བྱུང་ཡོད་ཤག་རེད། དོན་དུའང་འདི་ལྟར་ལགས་ཏེ་ང་ཚོ་འཚོ་བའི་ཁྲོད་རྟག་པར་ཁ་ཡག་ངོ་བསྟོད་བྱེད་སའི་གྲོགས་པོ་མང་དུ་ཡོང་གིན་ཡོད་ལ་གྲོགས་མང་ན་རང་ལའང་སྤྲོ་སྣང་སྐྱེས་ཀྱིན་ཡོད་པ་མིའི་གཤིས་སུ་གྲུབ། ཡིན་ནའང་གྲོགས་བཟང་སྨན་གྱི་ལྗོན་ཤིང་ཡིན་གྲོགས་ངན་དུག་གི་སྡོང་པོ་ཡིན་བྱ་བ་ལྟར་གྲོགས་པོ་སྒྲིག་དུས་ངེས་པར་ཕ་རོལ་པོའི་རང་གཤིས་དང་བྱ་སྤྱོད་ཀུན་ལ་ཞིབ་བལྟ་བྱ་དགོས་པ་ཤིན་ཏུ་གལ་ཏེ་གྲོགས་བཟང་ངན་གྱིས་རང་ཉིད་ལའང་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་པས་སོ། དེ་སྔོན་ང་ལ་སྒྲུང་ཐུབ་ཞིག་མཐོང་བ་ལ་ནང་དོན་གཙོ་བོ་འདི་འདྲ་རེད་འདུག་སྟེ་སྒྲུང་འདིར་མི་སྣ་གཙོ་བོ་སློབ་ཆེན་མ་ཐོན་པའི་སློབ་མ་བཞི་བཀོད་འདུག་ཅིང་དེ་དག་ལས་ཀ་པ་ནི་ཡ་རབས་གུས་ཞབས་ལྡན་ཞིང་གཏམ་སྙན་པར་སྨྲ་བ།བྱ་བ་ཀུན་ལ་ཞིབ་ཚགས་ནན་ཏན་གྱི་འཇུག་མཁན་ཞིག་ཡིན།ལྡོག་ཏེ།ཁ་པ་ནི་སྤྱོད་ཚུལ་ངན་ཞིང་ལས་ངན་མང་དུ་སྒྲུབ་པ།མི་ཀུན་ལ་མཐུན་སྣང་མེད་པ་ཞིག་ཡོད་སྐད།ཁོ་གཉིས་པོ་ལ་རང་རང་གི་གྲོགས་པོ་རེ་ཡོད་ཅིང་ཁོ་ཚོ་དུས་རྟག་ཏུ་སློབ་གྲྭའི་ནང་མཉམ་ཟ་མཉམ་འཐུང་དང་གཅིག་རྩེད་གཅིག་རོགས་བྱ་གིན་ཡོད།སློབ་ཆེན་ཐོན་རྗེས་ཁོ་ཚོ་ཚང་མ་ལས་ཀ་འགྲོ་ས་ཁག་ཁག་ཡིན་ཏེ་ཀ་པའི་ཕྱོགས་ཀྱི་གྲོགས་གཉིས་པོ་ནི་བརྟན་ལྷིང་གི་ལས་ཀ་ཡོད་ཁར་གླ་ཆ་མཐོ་ལ་ཐ་ན་ཕ་མ་སྤུན་མཆེད་ལའང་རོགས་པ་གང་ཙམ་བྱེད་ཐུབ་ཀྱིན་ཡོད།རེད་དེ།ཏག་ཏག་ཁ་པའི་ཕྱོགས་ཀྱི་གྲོགས་གཉིས་པོ་ནི་ལས་ཀ་བརྟན་ལྷིང་ཕར་བཞག་རང་གི་གྲོད་ཁོག་རྒྱག་ཙམ་ཞིག་ཀྱང་འཚལ་ཐུབ་ཀྱིན་མེད་དེ་དེ་ནི་ཁ་པ་ཁོ་གཉིས་ལ་སྤྱོད་ཚུལ་སྔར་ནས་ངན་ཕྱོགས་སུ་ལང་ཤོར་ཕྱིན་ཟིན་པས་རེད་ཅེས་འཁོད་འདུག ། སྒྲུང་གཏམ་འདི་ལས་ང་ཚོས་གསལ་པོར་རྟོགས་ཐུབ་པ་ནི་གང་ཞིག་གསེར་གྱི་རི་ལ་གནས་བཅས་ན་དེ་ཡི་འདབ་ཆགས་ཐམས་ཅད་གསེར་ལ་འགྱུར།གང་ཞིག་དུག་གི་རི་ལ་གནས་བཅས་ན་དེ་ཡི་འདབ་ཆགས་ཐམས་ཅད་དུག་ལ་འགྱུར་བྱ་བའི་དོན་འདི་རང་རེད།དེར་བརྟེན། ང་ཚོས་དུས་རྒྱུན་འཚོ་བའི་ཁྲོད་ཐོག་མར་ལེགས་པར་བརྟག་དེ་རྗེས་ཞིབ་པར་འགྲིས་དགོས་པ་ནི་གལ་ཆེ། །

3

མདོར་ན་ང་ཚོས་གྲོགས་བཟང་ངན་གྱི་དབྱེ་འབྱེད་གསལ་པོ་ཕྱེ་སྟེ་གྲོགས་བཟང་དང་འགྲོགས་ནས་རང་གིས་རང་ལ་རྒྱབ་རྟེན་དཔུན་དམག་འཚོལ་རྒྱུ་ནི་འཚོ་བར་མཁོ་ཆེ་བའི་ཆ་ཤས་གལ་ཆེན་ཞིག་ཏུ་ཁོ་བོས་ཀྱང་མཐོང་།[给力]

24.12.23 མཚན་མོར་སེར་སྐྱས།[心]

པེ་ཅིང་གི་དུས་ཚོད་ཟླ་12ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་59ཐོག་ཀན་སུའུ་ལིན་ཞ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད། ཚེས་19ཉིན་གྱི་ཉིན་དགུང་ཆུ་ཚོད་12དང་སྐར་མ་24ཡི་བར། ས་ཡོམ་ཁྲོད་ཀན་སུའུ་ཡི་མི་105རྐྱེན་ལམ་དུ་ཤོར་བ་དང་། ཁང་པ་4782ཞིག་རལ་དུ་གྱུར་བ། གཞན་ཡང་མི་397ལ་རྨས་སྐྱོན་ཕོག་ཡོད།   མཚོ་སྔོན་གྱི་མི་13རྐྱེན་ལམ་དུ་ཤོར་བ་དང་། མི་182ལ་རྨས་སྐྱོན་ཕོག་པ། མི་20དང་འབྲེལ་བ་ཆད་ཡོད།  ས་ཡོམ་བརྒྱབ་སའི་ཆུ་དང་གློག འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཁག་ཅིག་ལ་ཆག་སྐྱོན་ཤོར་ཡོད།
   ཟླ་12ཚེས་18ཉིན་གྱི་ཆུ་ཚོད་23དང་སྐར་མ་59ཐོག ཀན་སུའུ་ཀ་ཆུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ་6.2བྱུང་བ་རེད། ཉེན་སེལ་སྐྱོབ་རོགས་ཀྱི་ལས་དོན་ཁག་རིམ་བཞིན་སྒྲུབ་བཞིན་ཡོད།    སྐྱེལ་འདྲེན་20རྟགས་ཅན་གྱིས་ནུབ་རྒྱུད་འཐབ་ཁུལ་གྱི་འཕྲལ་སྡོམ་བཀོད་འདོམས་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་སྐྱེལ་ཡོད།  

已关注

Follow

Replay

Share

Like

Close观看更多更多Loading...Loading...退出全屏切换到竖屏全屏退出全屏人民网藏文版已关注ShareLike1WowAdded to Top StoriesEnter commentShare Video,时长00:130/000:00/00:13 切换到横屏模式 继续播放进度条,百分之0Play00:00/00:1300:13无法发弹幕 弹幕 倍速全屏 倍速播放中 0.5倍 0.75倍 1.0倍 1.5倍 2.0倍 超清 流畅 Your browser does not support video tags 继续观看 སྐྱེལ་འདྲེན་20རྟགས་ཅན་ཀན་སུའུ་རུ་འབྱོར་འདུག 观看更多转载,སྐྱེལ་འདྲེན་20རྟགས་ཅན་ཀན་སུའུ་རུ་འབྱོར་འདུག人民网藏文版已关注ShareLike1WowAdded to Top StoriesEnter comment

Video Details

   དེ་རིང་སྔ་དྲོའི་ཆུ་ཚོད་9དང་སྐར་མ་50ཡས་མས་སུ། ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་གི་སྐྱེལ་འདྲེན་-20རྟགས་ཅན་གྱིས་ལྷོ་ནུབ་ཀྱི་དམག་སྤྱོད་གནམ་ཐང་ག་གེ་མོ་ཞིག་ནས་འཕུར་ཏེ། ནུབ་རྒྱུད་འཐབ་ཁུལ་གྱི་འཕྲལ་སྡོམ་བཀོད་འདོམས་ཚོགས་ཆུང་གེགས་ཁུལ་གྱི་འཐབ་ཕྱོགས་དང་པོར་སྐྱེལ་ནས། ཡོམ་འགོག་གེགས་སེལ་ལས་དོན་ལ་གཅིག་འདོམས་བྱ་རྒྱུ་རེད།  སྐྱེལ་འདྲེན་--20རྟགས་ཅན་ཆུ་ཚོད་11ཙམ་ལ་ལན་ཀྲོའུ་ཀྲུང་ཁྲོན་གནམ་ཐང་དུ་འབྱོར་ཡོད་པ་རེད།   ས་ཡོམ་བརྒྱབ་རྗེས། ནུབ་རྒྱུད་འཐབ་ཁུལ་གྱིས་དམག་ཨུད་མཉམ་འབྲེལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་རྒྱ་ལྟར་འཕྲལ་སྡོམ་དང་ལེན་ལམ་སྲོལ་མགྱོགས་མྱུར་ལག་ལེན་བསྟར་ཏེ། འཕྲལ་མར་ཉེན་སེལ་གེགས་སེལ་བཀོད་འདོམས་མ་ལག་བཙུགས་ནས་ས་ཡོམ་བྱུང་སར་མདུན་སྐྱོད་བཀོད་འདོམས་སུའོ་བཏང་ནས། གཅིག་གྱུར་བཀོད་འདོམས་རུ་ཁག་གི་གེགས་སེལ་བྱ་སྤྱོད་སྤེལ་བ་རེད།

已关注

Follow

Replay

Share

Like

Close观看更多更多Loading...Loading...退出全屏切换到竖屏全屏退出全屏人民网藏文版已关注ShareLike1WowAdded to Top StoriesEnter commentShare Video,时长00:390/000:00/00:39 切换到横屏模式 继续播放进度条,百分之0Play00:00/00:3900:39无法发弹幕 弹幕 倍速全屏 倍速播放中 0.5倍 0.75倍 1.0倍 1.5倍 2.0倍 超清 流畅 Your browser does not support video tags 继续观看 སྐྱེལ་འདྲེན་20རྟགས་ཅན་ཀན་སུའུ་རུ་འབྱོར་འདུག 观看更多转载,སྐྱེལ་འདྲེན་20རྟགས་ཅན་ཀན་སུའུ་རུ་འབྱོར་འདུག人民网藏文版已关注ShareLike1WowAdded to Top StoriesEnter comment

Video Details

   མིག་སྔར། ཤོག་སྒྲིག་དཔུང་ཚོགས་ཨང་76པའི་མཁའ་ཟོན་ལུའི་ག་གེ་མོ། ཀན་སུའུ་ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་ཀན་སུའུ་སྤྱི་ཁྱབ་རུ་ཁག་སོགས་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་ཡོམ་ཁུལ་དུ་མི་སྣ་འཚོལ་སྐྱོབ་དང་འགྲོ་ལམ་གཙང་བཤེར་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།   འཐབ་ཁུལ་གྱི་སྐམ་དམག་དང་། འཐབ་ཁུལ་གྱི་མཁའ་དམག ཟི་ལིང་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལྟེ་གནས། དྲག་ཆས་ཉེན་རྟོག་ཀན་སུའུ་སྤྱི་ཁྱབ་རུ་ཁག དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་སོགས་ཚན་པས་རྗེས་མཐུད་རོགས་སྐྱོར་གྲ་སྒྲིག་ཡག་པོ་བྱས་ནས། བཀའ་རྒྱ་ལྟར་གེགས་སེལ་བྱ་སྤྱོད་ནང་ཞུགས་པ་རེད།

ད་ནི་འདུག་རན་ཚང་དགོས།

____/གངས་དུང་སྲས།

དགའ་ཡང་རྟག་རྒྱུ་མེད་ཅིང་། །
སྡུག་ཀྱང་ཚར་རྒྱུ་མེད་པའི། །
མཐའ་མེད་འཁོར་བའི་གྲོང་འདིར། །
ད་ནི་འདུག་རན་ཚང་དགོས། །

སྐྱེས་ཀྱང་སྡོད་རྒྱུ་མེད་ཅིང་། །
ཤི་ཡང་རྫོགས་རྒྱུ་མེད་པའི། །
མ་དག་འཁོར་བའི་གྲོང་འདིར། །
ད་ནི་འདུག་རན་ཚང་དགོས། །

འདོད་ཀྱང་འགྲུབ་རྒྱུ་མེད་ཅིང་། །
སུན་ཡང་བྲལ་རྒྱུ་མེད་པའི། །
ཉོན་མོངས་འཁོར་བའི་གྲོང་འདིར། །
ད་ནི་འདུག་རན་ཚང་དགོས། །

ཞེན་ཡང་ཐོབ་རྒྱུ་མེད་ཅིང། །
འགལ་ཡང་བོར་རྒྱུ་མེད་པའི། །
སྒྱུ་མའི་འཁོར་བའི་གྲོང་འདིར། །
ད་ནི་འདུག་རན་ཚང་དགོས། །

ཁྲོལ་ཡང་གྲོལ་རྒྱུ་མེད་ཅིང། །
བཅད་ཀྱང་ཆོད་རྒྱུ་མེད་པའི། །
ལྕགས་སྒྲོག་འཁོར་བའི་ཀློང་འདིར། །
ད་ནི་འདུག་རན་ཚང་དགོས། །

བྲོས་ཀྱང་ཐར་རྒྱུ་མེད་ཅིང་། །
བསྡད་ཀྱང་ཡོང་རྒྱུ་མེད་པའི། །
བཙོན་ར་འཁོར་བའི་ཀློང་འདིར། །
ད་ནི་འདུག་རན་ཚང་དགོས། །

བཤད་ན་ཚར་རྒྱུ་མེད་ཅིང། །
དྲན་ན་རྫོགས་རྒྱུ་མེད་པའི། །
རྨི་ལམ་འཁོར་བའི་གྲོང་འདིར། །
ད་ནི་འདུག་རན་ཚང་དགོས། །

དགོད་ཀྱང་མཚར་རྒྱུ་མེད་ཅིང། །
ངུས་ཀྱང་ཡོང་རྒྱུ་མེད་པའི། །
སྡུག་གི་འཁོར་བའི་གྲོང་འདིར། །
ད་ནི་འདུག་རན་ཚང་དགོས། །

འབད་ཀྱང་སྙིང་པོ་མེད་ཅིང་། །
སྐྱུར་ཡང་ཕན་པ་མེད་པའི། །
ཆོ་མེད་འཁོར་བའི་གྲོང་འདིར། །
ད་ནི་འདུག་རན་ཚང་དགོས། །

23. 12. 15ཉིན་གྱི་མཚན་མོར་ཐོལ་བྱུང་དུ་བྲིས་སོ། །


发布     👍 0 举报 写留言 🖊   
✋热门推荐
  • #邢昭林[超话]##邢昭林一定邢线上运动会# 俺是农村嘞,村里人说俺精细,以前没钱配不上你。宝,俺没有文化,但是俺可稀罕你!
  • 【#当地政府回应老人冒雨用现金交医保被拒#:上门为老人办理了居民医保】11月24日,湖北省宜昌市秭归县茅坪镇人民政府发布#老人冒雨用现金交医保被拒#情况通报称,
  • 我推荐同城的小伙伴❤️老街油炸社、小黑板油炸社、薇薇小吃店、老奶奶油炸❤️,其实很多人家楼下的夜宵摊子才是最美味的[笑而不语][笑而不语]才把《妻子的浪漫旅行》
  • 何幸福在律所打工,一位男士带着一位外国友人上门,何幸福当时在打扫卫生,男士看办公室空荡荡就顺嘴说了句,这没人,何幸福像被打到一样缩了一下,又回嘴“清洁工也是人啊
  • 你只需要乖乖地喝,白了美了,市场自然就起来了,还有比做XKA更简单更赚钱的销售工作吗?7.15日梦大王微信收款3️⃣8️⃣7️⃣5️⃣4️⃣元‼️时间付出在哪里
  • 六祖坛经原文 顿渐品 第八卷 时祖师居曹溪宝林,神秀大师在荆南玉泉寺。于时两宗盛化,人皆称“南能北秀”,故有南北二宗顿渐之分,而学者莫知宗趣。师谓众曰:“法本
  • #古典诗词# 词十五阙•咏物抒怀 一 惜分飞•忆旧游 张子耀 水上桥楼堤边路。悦笑莲溪漫步。烟柳金丝缕。动摇轻抚。春波暮。 易散浮云难再聚。望断青山尽处。临夏
  • #桂林热门# 【今晚开始全市免费核酸检测活动】7月19日,桂林市新冠疫情防控指挥部发出最新通告,将于7月19日18时至21日24时对象山、秀峰、叠彩、七星、雁山
  • 所以,我们当真正理解什么是随缘、放下,当明白放纵、放逸的危害,当我们清楚这一点,就更要学会约束自己的不善行为,不论面对什么都要用积极的心态,勤奋精进,努力前行!
  • 3、好心境是自己创造的我们常常无法去改变别人的看法,能改变的恰恰只有我们自己。6、不要追逐世俗的荣誉终生寻找所谓别人认可的东西,会永远痛失自己的快乐和幸福。
  • 忠于自己内心才能有所成就我真的有好久没有听从自己的内心去做一件事了,我总是在追求忠于自己,但其实很多时候我都是在委屈自己,但是这一次我不想再委屈自己了,因为只有
  • 如应聘人员在考试测评环节有个人身份保密需求,贵阳广电传媒集团有限公司将酌情采取有关措施,尽可能避免信息泄露。二、招聘岗位及工作地点岗位:贵阳广电传媒集团有限公司
  • 【横山青青待梅雨】梅雨,是指在中国长江中下游地区、中国台湾地区、日本中南部以及韩国南部等地,每年6、7月份都会出现的持续天阴有雨的气候现象。诗中的“南京”是指现
  • △ 单霁翔:世界遗产是具有突出普遍价值的人类财富,需要全世界的认可,因此成为世界遗产的项目无不经历严格的程序和艰苦的努力,从申报到成功历时十几年,甚至几十年的项
  • ❤️小可爱们,快来挑战属于你的我的天空30天吧~她是辛家大小姐,突遭变故,一夜间,落毛的凤凰不如鸡。 五年后重逢他把她堵在电梯里:“辛甘,你是不是贱,好好的霍太
  • 今日看完《也许你该找个人聊聊》一本以心理治疗师为主角的书籍 整体节奏不快 加上生活中各种琐事 这本书看了有好几个月了 真的是很久没读书了 这本书讲 人要直面自
  • 又跨年了,这个冬天北京出门基本上都靠口罩了,一到节假日小区外就堵车了,家门口的影城再也不可能有包场的感觉了,超市也不是我家菜园子的感觉了,可能我真的老了,今年的
  • #Nan's 噗咯个# | 读研plog#024 : 2022 3.1-3.8 错拿成了巧克力瑞纳冰 | 周六还在上课 | 春天真的来啦 | 老虎岭常年
  • 总体而言,从体系内部发力、在产品层面体现、于销售服务维持、得销量终端收获,上汽大众的高质量战略将为其提供长远发展的源动力。值得一提的是,在消费者新能源汽车的质量
  • 每个色号都绝美有点眼花缭乱不知所措了都~直径是14.2mm的,度数最多可以戴到800,含水量有40%不用担心眼睛会干涩,带个6小时是没问题滴~而且它这个鹅蛋盒包