དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ།།
གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན།།
ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ།།
མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབས།།
_________࿇རྫ་དཔལ་སྤྲུལ་གྱིས།།
གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན།།
ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ།།
མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབས།།
_________࿇རྫ་དཔལ་སྤྲུལ་གྱིས།།
࿇ སྐྱིད་ན་བྱམས་ལྡན་བླ་མའི་ཐུགས་རྗེ་ཡིན།།
སྡུག་ན་ཉམ་ཆུང་བདག་གི་ལས་དབང་ཡིན།།
སྐྱིད་སྡུག་གང་བྱུང་བླ་མ་བཀའ་དྲིན་ཅན།།
ཁྱེད་ལས་ལྷག་པའི་མགོན་ནི་ང་ལ་མེད།།
……………12/23 ~DeqingTso
སྡུག་ན་ཉམ་ཆུང་བདག་གི་ལས་དབང་ཡིན།།
སྐྱིད་སྡུག་གང་བྱུང་བླ་མ་བཀའ་དྲིན་ཅན།།
ཁྱེད་ལས་ལྷག་པའི་མགོན་ནི་ང་ལ་མེད།།
……………12/23 ~DeqingTso
࿇
མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང༌།།
ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།།
མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི།།
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།
ཕྲག་དོག་ཁྲག་གིས་མྱོས་པའི་ཨུ་ཚུགས་སྟག།
འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང་ན།།
གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་ལ།།
ཤེས་རབ་ཅན་གྱི་སྙིང་རྗེའི་ཡུལ་དུ་དགོངས།།
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང༌།།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།།
དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས།
—— མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང༌།།
ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།།
མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི།།
དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།
ཕྲག་དོག་ཁྲག་གིས་མྱོས་པའི་ཨུ་ཚུགས་སྟག།
འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང་ན།།
གཅིག་པུར་ལུས་པའི་བདེན་པའི་བུ་ཆུང་ལ།།
ཤེས་རབ་ཅན་གྱི་སྙིང་རྗེའི་ཡུལ་དུ་དགོངས།།
བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང༌།།
རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།།
དེ་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
སྲོག་ལ་བབས་ཀྱང་འབད་པས་སྲུང་བར་གྱིས།
—— མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
✋热门推荐