ཟས་གཙང་སྲས་ཀྱི་མཆོག་གྱུར་དོན་ཀུན་གྲུབ། །
སྐྱབས་གནས་ཀུན་འདུས་གུ་རུ་པདྨ་འབྱུང་། །
གངས་ཅན་མགོན་གཅིག་རྗེ་བཙུན་བློ་བཟང་གྲགས། །
སྐུ་གསུམ་མངོན་གྱུར་སྤྲུལ་བའི་གར་ལ་འདུད། །

རེ་སྐོང་གྲུབ་པའི་རིག་འཛིན་མང་པོའི་གཙོ། །
ཕུར་ཐོགས་སྟོང་དང་དགུ་བརྒྱའི་གཙུག་གི་ནོར། །
ཕྱོགས་ལྷུང་རིས་བྲལ་སྙིང་རྗེ་སྙོམས་པའི་མགོན། །
བླ་མ་རིག་འཛིན་དཔལ་བར་སྙིང་ནས་འདུད། །

རེ་སྐོང་རིག་འབྱུང་འཛིན་མའི་ཁྱོན་ཡངས་པོར། །
གསང་སྔགས་བསྐྱེད་རྫོགས་ཉིན་བྱེད་ཟེར་གྱིས་ཁྱབ། །
རིག་འཛིན་བུ་སློབ་པད་མའི་འདབ་སྟོང་གྲོལ། །
ཁྱེད་ཀྱི་མཛད་འཕྲིན་གཞལ་མེད་ནམ་མཁའི་མཐའ། །

དགུ་འདུས་ཆུ་ཀླུང་ཆེན་མོའི་ཕྱོགས་སོ་སོར། །
ཡར་ངོའི་དུས་སུ་ལེགས་བཟང་ཚེས་བཅུ་དང་། །
མར་ངོའི་དུས་སུ་གནོད་ཟློག་བཀའ་བརྒྱད་སོགས། །
འགྲོ་ཕན་ཆོས་ཐོག་མང་པོའི་སྲོལ་ཡང་བཙུགས། །

ཆོ་ག་རྒྱས་བསྡུས་གོ་རིམ་ཚགས་ཚུད་བཅོས། །
སྒྲིག་ལམ་སྲུང་ཕྱིར་བཅའ་ཡིག་དམ་པོ་མཛད། །
བསྟན་སྲུང་རྣམས་ལ་བཀའ་བསྒོ་གཉེར་གཏད་བྱས། །
སེམས་ཅན་རྣམས་ལ་ཕན་པར་བྱིན་གྱིས་རླབས། །

དུག་གསུམ་ནད་ཀྱིས་འཆང་བའི་ནད་པ་འགས། །
ཆོས་བའི་ཆོས་ཚུལ་སྐྱོང་བར་མ་རངས་པར། །
ཟབ་མོ་ཆོས་ལ་ལོག་འདྲེན་ཚིག་ལོག་སྨྲས། །
བྱང་ཆུབ་སེམས་དཔའ་ཁྱེད་ལ་སྐུར་བ་བཏབ། །

ཕྲག་དོག་དུག་གི་མདའ་མོ་ཁྱེད་ལ་འཕངས། །
སྒྲོ་འདོགས་གཏམ་གྱི་མེ་ལྕེ་ཡང་ཡང་སྦར། །
ཡིན་ཡང་ཁྱེད་ནི་བྱང་ཆུབ་སེམས་དཔའ་ཉིད། །
རྒོལ་ལན་ཕར་ཞོག་སྙིང་རྗེ་ཡུལ་དུ་བསྒོམས། །

བློ་གྲོས་དམན་པའི་སོ་སྐྱེས་ཕལ་བ་ངས། །
སྔར་ཐོས་གཏམ་གྱི་བདེན་རྫུན་དེ་རིང་བཀར། །
སེམས་ལ་ངེས་ཤེས་སྐྱེས་པས་གདེང་ཞིག་ཐོབ། །
བརྗོད་འདོད་ཚིགས་སུ་བཅད་དེ་ཐོལ་གྱིས་བྲིས། །

༢༠༢༤-༡-༥

དུས་ད་ནི་བསྐལ་ངན་སྙིགས་མའི་མཐའ།།
རྟ་ཅང་ཤེས་ཀྱི་སྒ་སྲབ་བོང་བུས་སྤྲད།།
སྟོང་འཁོར་བསྒྱུར་གྱི་ཅོད་པན་ཁྱི་ལ་བཅང་།།
འབྲོང་ཁྱུ་མཆོག་གི་ལྤགས་པ་མཛོ་ལ་གཡོགས།།
མགོན་སངས་རྒྱས་ཀྱི་ཆ་ལུགས་ཁྱིམ་པས་གོན།།
མཁས་གྲུབ་ཀྱི་གདན་ས་བླུན་པོས་འཛིན།།

རྩ་མི་ལོ་ཙ་བས་མཛད་པའི་དཔལ་ཡེ་ཤེས་མགོན་པོའི་སྤྱན་འདྲེན་གྱེར་དབྱངས་ཀུན་ཁྱབ་ལྷའི་རྔ་ཆེན་སོགས་ནི་ལོ་རྒྱུས་རིང་ཞིང་བྱིན་རླབས་ཀྱི་ཚན་ཁ་འབར་བའི་གདངས་དབྱངས་སྙན་མོ་འགའ་ཞིག་མཆིས་སོ།།


发布     👍 0 举报 写留言 🖊   
✋热门推荐
  • 我想,等桃花开了,我便是那万千桃花中的一朵,一样地绚烂,一样地短暂,一样地等待着有人将自己的心事书成诗笺。我让娘亲将我的骨灰埋在了门前的桃花树下,那是他曾长身玉
  • ”秋兰惊讶地点点头,清风松开她,随即说:“眼下最重要的不是念经,你赶紧将家里的钥匙给我,要不然就来不及了。二人进店后,环顾四周,而后在一个角落的位置落座,之后点
  • 因为穿线的过程其实是对眼和手的一个考验,尤其埋多了以后,手就开始抖,眼也开始花,所以这是我不愿意加号的原因,因为加号加到后面做起来实际上是有些困难 而且后面的埋
  • 据统计,日本晚期胃癌的化疗,有80%以上的病例使用替吉奥,治疗有效率(CR+PR)可达44.6%。7月12日,杜爹爹在家人陪同在超声科行乳腺彩超检查,经超声探查
  • 人心是“我”因缘是镜子里的“我”就是疑心变现的恶鬼,都是假的,所以,化解因缘不是修行,只是一个暂时的过度,奔向镜中花,水中月,最终你能找到什么?对红尘人我们常讲
  • #山东轻工职业学院[超话]# 【报考代码E079 2022招生政策一文通读了解TA!学校现有国际时尚学院、嘉环ICT 产业学院、纺织工程系、艺术设计系、健康管理
  • 当我们在某一个瞬间从现实世界中短暂抽离,游走于山水画卷之中,徜徉于浓淡笔墨的字里行间……当我们活在当下,却分明跨越了时空,看见了无数的世界,拥有了不同的人生……
  • 观无量寿经直指疏 2015-01-14  △三结。   是名上辈生想名第十四观。   发大道心具二利行。故名上辈。复开三者。胜劣殊故。相对拣显之。上上品则
  •  湛江市气象台7月1日下午发布 #“暹芭”将正面袭击雷州半岛# #湛江首个台风#、#今年第3号台风暹芭#、 #广东防御台风工作要提上日程了#、 #广东首个台风
  • 地铁的准时、准点,大大便捷了市民的日常工作和生活。而且现在大多数软件都是采用手机号加这个短信验证码登录的策略,对很多网友来说,这样的做法不仅侵犯了我们用户的隐私
  • 阿甘对珍妮坚定不移的爱是理所应当,是珍妮在无人问津的时候给了他希望,而珍妮知道两人的人生态度不合,所以他没有耽误阿甘,去追逐自己梦想,即使失败,但他依旧要去尝试
  • 人生如果可以存档读档那多是一件美事,but life is not game,把生活当game,最后只有badending。不如就这么安时处顺,像庄子讲的那样“
  • 关于男人来说《周易五行免费算命婚姻 - 算命婚姻 - 算命婚姻》五行有什么说法   五行学说,不管在什么时分都是中国古人认识世界的根本方式,普遍用于中医、堪舆、
  • ”  没有接触过脱贫攻坚的读者说:“被这本书感动得热泪盈框,没想到贫困村脱贫的背后会有这么多精彩故事!”  阜阳市委宣传部副部长、全国基层理论宣讲先进个人燕少红
  • #恋与制作人白起[超话]# 太太们我想请问下次复刻大概会是什么时候,会在阿起生日之前还是之后捏[衰]南风吹和余音还会复刻吗,好喜欢民国卡[泪]退坑好久了最近又滚
  • (陳樹人)[通治方]  岳美中:治此病, 可仅用玉米须一味,药方; 玉米须60克,洗净煎水服,连服六月,即能痊愈。  [辨证方]  1、寒 证  岳美中:罗氏
  • 记忆中上个世纪的七十年代、六十年代、八十年代.。九十年代、全部经历过了,但是哥想说的就是:如今的网络平台上的这些胡造乱编,真的让我大声笑出来[哈哈][嘻嘻][笑
  • 他同时还是个文学爱好者,培养了写诗的爱好,并将一些中国古诗翻译成英文,其中包括赵孟頫之妻管氏所作的《我侬词》。他同时还是个文学爱好者,培养了写诗的爱好,并将一些
  • 日光菩萨陀罗尼,月光菩萨陀罗尼助《 大悲咒 》更大神力。 日光菩萨与月光菩萨,梵语Surya - prabha 与Candra - prabha,即日光遍照、月
  • 虽然…但是…还是…就是,如果大家都说错了你快带着所有确凿的证据出来反驳他们好不好,看到这个图觉得好虐啊,还有就是我的小北娃在你持续顶在热搜的第三天到的,我想如果