སྦྱིན་པ་ལ་དྲུག་ཏུ་དབྱེ་བ་ནི།
ཆོས་ཀྱི་ཚིག་དོན་སྟོན་པ་དང་གླེགས་བམ་བྲིས་ཏེ་སྟེར་བ་ལ་སོགས་པའི་ཆོས་ཀྱི་སྦྱིན་པ་དང་། སྲོག་གི་བར་ཆད་དུ་འགྱུར་བ་སོགས་ཀྱི་འཇིགས་པ་ལས་སྐྱོབ་པའི་མི་འཇིགས་པའི་སྦྱིན་པ་དང་། ནོར་འབྲུ་ལ་སོགས་པའི་བདོག་པ་རྣམས་འཁོར་གསུམ་དག་པར་གཏོང་བའི་ཟང་ཟིང་གི་སྦྱིན་པ་སྟེ། དེ་གསུམ་གང་རུང་སྦྱིན་པར་བྱེད་པའི་སྦྱིན་པས་གོ་ཆ་ལ་གནས་པ་ན་ཉན་ཐོས་ཀྱི་ཡིད་བྱེད་རང་གཅིག་པུ་དུལ་བར་བྱའོ་སྙམ་པ་དང་སོགས་པས་རང་རྒྱལ་གྱི་དེ་སྤོང་བའི་ཚུལ་ཁྲིམས་དང་། སློང་མོ་བ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བའི་གཤེ་བ་ལ་ཁོང་མི་ཁྲོ་བའི་བཟོད་པ་དང་། དགེ་བ་འདོད་པའི་འདུན་པ་དྲག་པོ་བསྐྱེད་པའི་བརྩོན་འགྲུས་དང་། ཐེག་པ་གཞན་ཉན་རང་གི་ཐེག་པ་དང་མ་འདྲེས་པའི་རྣམ་མཁྱེན་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང་། དགེ་རྩ་རྫོགས་བྱང་དུ་མི་དམིགས་པར་བསྔོ་བའི་ཤེས་རབ་རྣམས་དང་ལྡན་ལ་དེའི་ཚེ་སྦྱིན་བྱ་དང་སོགས་་་་བས་ལེན་པོ་གཏོང་པོ་གསུམ་མི་དམིགས་པར་རྟོགས་པའི་གོ་ཆ་ཉིད་ཀྱིས་ཉམས་སུ་ལེན་པར་བྱེད་དོ། གོ་རིམས་བཞིན་ནི་རེ་རེའི་མཐར་འཁོར་གསུམ་མི་དམིགས་པ་སྦྱོར་བའོ།
ལེགས་བཤད་གསེར་ཕྲེང་ལས་བརྗེད་ཐོར་བཤུས་པའོ།
ལན་རེེར་གྲོགས་པོ་གཞན་དང་གླེང་མོལ་བྱེད་པའི་སྐབས་སུ་གློ་བུར་གྱི་དྲི་བ་འགའ་རེ་རང་གི་བློས་མ་དཔོག་པ་དང་། ཡང་ན་དངོས་སུ་འཕྲད་པའི་དོན་རྐྱེན་འགའ་རེར་ཅི་བྱ་གཏོལ་མེད་དུ་གྱུར་བ་སོགས་ཀྱི་དབང་གིས། དཔེ་ཀློག་ཅུང་ཙམ་རེ་བྱེད་པའི་སྐབས་སུ་རང་གི་བརྗེད་ཐོ་ཉུང་ཉུང་ཞིག་ཡིག་ཐོག་ཏུ་ཕབ་ནས་ཉར་ཚགས་བྱས་ན། ད་བཟོད་སྐབས་སྐབས་སུ་ཡིད་ངོས་ལ་འཆར་བདེ་བ་སོགས་ཕན་པ་རྒྱ་ཆེན་པོ་ཡོད་པར་འདུག་བསམ།

སྒོར་མོ་ཉིན་རེ་བཞིན་ཉུང་འགྲོ་བ་ལ་སེམས་ཁུར་བྱེད་ལ། ཚེ་སྲོག་ཉིན་རེ་བཞིན་ཉུང་འགྲོ་བ་ལ་ཡིད་འཇོག་མེད་པ་ཅི་ཡིན་ནམ།
———རྫོང་སར་མཁྱེན་བརྩེ་རིན་པོ་ཆེས།
担心钱一天比一天少,为何不在意生命一天比一天减少呢?
———宗萨钦哲仁波切

མི་གཞི་འདི་ཤིན་ཏུ་གལ་ཆེ།

བློ་རིག་དང་འཇོན་ནུས་སོགས་ཡོད་ན་བཟང་མོད། འོན་ཀྱང་དེ་ལ་མི་གཞི་བཟང་བོའི་རྩ་བ་མེད་ན། སེམས་གཏིང་ནས་བསྟོད་སྨོན་བྱེད་ཡུལ་དུ་འགྱུར་དཀའ་འོ།།ཡིན་ན་ཡང་མི་གཞི་བཟང་ཟེར་བ་དེ་ཤིན་ཏུ་བཤད་དཀའ་མོ་ཞིག་རེད། དཔོན་པོས་བལྟས་ན་མི་གཞི་བཟང་ཡང་འབངས་མིས་བལྟས་ན་མི་གཞི་ངན་པ་ཡང་ཧ་ཅང་མང་། ཕྱུག་པོས་བལྟས་ན་མི་གཞི་བཟང་ཡང་དབུལ་བོས་བལྟས་ན་མི་གཞི་ངན་པ་ཡང་ཤིན་ཏུ་མང་། བླ་མའི་མདུན་ནས་མི་གཞི་བཟང་ཡང་བླ་མ་དང་ཁ་ཅུང་ཟད་བྲལ་ན་མི་གཞི་ངན་པ་ཡང་ཧ་ཅང་མང་། རང་ཉིད་མཐོ་བར་རློམ་ནས་ཉམ་ཆུང་ལ་ཡ་མ་བྱས་ན་མི་གཞི་ངན་པར་མ་ཟད། མཐོན་པོས་བརྩེ་བས་བསྐྱངས་པ་རང་ཉིད་ཅུང་ཟད་དར་དུས་དེ་དེ་ཉིད་བརྗེད་འགྲོ་བ་ཡང་མི་གཞི་ངན་པའི་རྟགས་ཡིན། དེས་ན་མི་གཞི་བཟང་བོ་ནི་ཐམས་ཅད་ཀྱི་རྩ་བ་ཡིན་པས་དཀའ་ཡང་འབད་དགོས། ལམ་གྱི་རིམ་པ་ཞེས་པའང་གོ་སླ་བར་བཤད་ན། མི་གཞི་རིམ་གྱིས་ཇེ་བཟང་དང་། སེམས་རྒྱུད་རིམ་གྱིས་ཇེ་ལེགས་སུ་བཏང་ནས་མཐར་མི་གཞི་དང་སེམས་རྒྱུད་གང་གི་ཆ་ལའང་སྐྱོན་ཅུང་ཟད་ཀྱང་མེད་པར་གྱུར་བ་ན་སངས་རྒྱས་ཞེས་པ་རེད།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།


发布     👍 0 举报 写留言 🖊   
✋热门推荐
  • 遇到事情可以及时沟通,不要轻易放弃,在一起了大家都要有一定的责任心~ #sky光遇[超话]#蹲个崽子,我常驻耳坠巫师,时而高冷时而发疯?我可以自由自在地做自己,
  • 盖为一扁嘴长颈禽,禽颈反折,巧成半环形盖钮,羽翎以孔雀石铺填。援狭长,前锋峻削,近援末处下沿延展成长胡,有三个长方形穿孔。
  • 相遇本就不易,请牵紧我的手,就让时间证明,我们的爱不是一时兴起,而是奉陪到底,只要有你的日子,永远都是我想过的日子!亲爱的谢谢你出现在我生命中,你是我今生最美的
  • 已念7遍不空摩尼供养咒,如果没有来到今日的度如母平台,没有遇到师兄您,我可能还在人流中翻腾,随波逐流,各种修法,让我忙的不可开交,再也没时间逛街,逛某宝,聚会,
  • 」在争论“纯血标准”的时候想表达的是“这样子也应该算作女同”“这么爱女还不算女同”各种各样的诉诸主观情感为挤进不属于自己的地方。 我受到的教育和生活的环境里,没
  • 我:知道星爷有爱心,在各种慈善和赈灾中都捐了上千万周星驰:钱多了总要积点福,那只是你们平时的香油钱我:那你以后的钱有什么打算吗,比如分点给我周星驰:再有钱不是乱
  • 100条高质量日常简短文案~ 1.原地长胖。 2.阳光果然是最好的浪漫‎。 3.日杂图。 4.被食物治愈的周末。 5.平平无奇的日子‎。 6.喜欢这
  • 不被理解的感受真是太不好了,他当时也是一肚子苦水和委屈吧~跟老公如何处理好工作上的交集,如何把工作和家庭生活分开,是我要学的功课。犹记得席慕容在《写给幸福》中写
  • 第二種用處是,即使在共修結束,回家之後的幾天之內,共修的力量還能夠維繫著,若遇到一些心理上、生活上的障礙、波折,這時,全體共修的力量就能替你疏導。共修的功能就在
  • 那么新的格局就是喝酒,吃药,吹空调和开车,这些板块中超跌的蓝筹股,滞涨的优质企业将会是引领上涨的主要方向。对于这种级别的权重股而言,我最不怕的就是它们的快速杀跌
  • ₊˚⟡꙳˖ ✦꙳.⭒ ˚˳⟡꙳˖ ✦꙳.⭒ ˚˳ ˙#刘宇宁帝林#ฅ՞••՞ฅ︎#刘宇宁开始推理吧#ʚ૮ •͈ᴗ•͈ აɞ#摩登兄弟[超话]#՞˶・֊・˶՞+
  • 可能很多人还不是很清楚,那么我就结合图文的方式将倍量过左峰的条件和细节放到文章的下方,如果你看完觉得适合你,可以点赞收藏起来,看看你自己能不能做到一招鲜吃遍天#
  • 在3月份内,情丝难断,还会和旧爱复合的四大星座,今生与你相爱 #十二星座运势# 或许我们从小就知道,谦虚能使人进步,傲慢会使人落后。这就是为什么大多数人都会
  • 这样那样一番后成功牵手,第一次do是在餐桌上,旁边就是餐具下面就是餐布,岩讲了一大堆蛋糕相关的荤话,看魈捂着脸不吭声觉得魈可能不喜欢,本想着之后不讲了。但是初来
  • fresh古源白钻松露眼精华非常贵妇的眼霜虽然是乳液状的质地,但滋润度还是很好的科颜氏高保湿霜除了含水杨酸白天得上防晒,别的都没毛病每年都必囤款,而且是125m
  • 生肖猪属猪人今年状态很好,不管是在工作还是生活当中,都有着一个明确的规划,做事前会经过缜密时刻,发展的过程当中也不会贸然行事。生肖兔属兔人今年是非多,要与人和谐
  • 销售说所谓的“服务费”是为了提供更好的服务,而自己公司对每种车型,都会附带一套增值服务之类的话,在王先生交定金之前不说,在交钱后又来说这一套,纯粹是前后矛盾!尽
  • #体育[超话]##篮球##体育##足球#给自己一点掌声,不只只是对空虚的灵魂的一种填充,更是在人生道路上经历的风雨多了而对于生活的一种从容,两份自信,三分欣赏以
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • @摩登兄弟刘宇宁━┉┉┉┉°ʚℐℒℰ ɞ°┉┉┉┉━❤️‍#刘宇宁帝林#꙳#刘宇宁开始推理吧##摩登兄弟[超话]#[送福][好运超崽][舞狮][挂灯笼]╭◜◝