࿐སྔོན་ཐོན་གང་ལ་ཟེར།

འགྲོ་བ་མིའི་རིགས་ཞིག་ཡིན་ནས་བཟུང་རྒས་མི་འདོད་པ་དང་ན་མི་འདོད་པ། ལྟོ་གོས་གནས་མལ་གཉེར་བ། མཚན་སྙན་ཁེ་ཕན་ཐོབ་འདོད་སོགས་རེ་དོགས་མང་པོ་ཞིག་ལྷན་སྐྱེས་རང་ཆས་སུ་ཡོད། དེ་ལས་མི་ལ་ལ་ནི་ཆོས་རིག་དང་ལ་རྒྱལ་ལ་ཞེན། ལ་ལ་ནི་ལྟོ་གོས་ལོང་སྤྱོད་ལ་ཞེན། ལ་ལ་ནི་རང་བཞིན་གྱིས་ལྷོད་གཡེང་སོས་དལ་ཅན་ཞིག་ཡིན། འཛམ་གླིང་ནི་འདུ་ཤེས་སྣ་ཚོགས་སྤྲིན་ལྟར་གཡོ་བའི་ཁོར་ཡུག་ཆེན་པོ་ཅི་ལ་མིན།

འོན་ཀྱང་ཞིབ་ཏུ་བསམ་གཞིགས་ཤིག་གཏོང་ན། བདེན་དྲང་དང་གནས་ལུགས། དམངས་གཙོ་དང་འདྲ་མཉམ། བདེ་སྐྱིད་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཞིག་ནི་ཕན་ཚུན་བལྟོས་འཇོག་ཙམ་ལས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ཕུན་སུམ་ཚོགས་པ་ཞིག་སུས་ཀྱང་མཐོང་དཀའ། བོད་ནི་འཛམ་གླིང་ཐོག་མཐའ་མའི་ཞིང་ཁམས་ཞེས་ཀུན་གྱིས་འབོད་བཞིན་ཡོད། དོན་དངོས་བོད་ཡུལ་ལུང་པ་ལ་ཁྱད་ཆོས་གང་ཞིག་ཡོད་ཅེ་ན། དེ་ནི་ཞི་བསིལ་ལྷིང་ཆགས་པའི་རི་མཐོ་ཆུ་གཙང་གི་ཁོར་ཡུག་ནང་དུ་མི་རྣམས་ཆོས་དད་བླ་ལྷག་ལྡན་སའི་ལུང་པ་ཞིག་ཡིན། དེས་ན་བོད་མིའི་དེང་རབས་འཛམ་གླིང་གི་རྗེས་ཟིན་དགོས་སམ་མི་དགོས། འཛམ་གླིང་སྔོན་ཐོན་སྤྱི་ཚོགས་ལ་སློབ་དགོས་སམ་མི་དགོས། སྔོན་ཐོན་ཟེར་བ་དེ་ཅི་ཞིག་ལ་ངོས་འཛིན། བོད་རང་ལ་སྔོན་ཐོན་ཅི་ཞིག་ཡོད། སྤྱིའི་ཆ་ནས་སྔོན་ཐོན་ཡིན་མིན་དེ་གཙོ་བོ་དཔལ་འབྱོར་དང་ཚན་རིག་ཐད་ནས་བཤད་སུ་ཡོད་པ་འདྲ། བོད་དཔལ་འབྱོར་འཕེལ་རྒྱས་གཙོ་བོ་ཡིན་དང་ཆོས་རིག་གཙོ་བོ་ཡིན། དཔེར་ན། ང་ཚོའི་སྔོན་རྒྱ་གར་ནང་ཆོས་ལ་སློབ་པ་བཞིན་དུ་དེང་རབས་དབྱིན་ཇིའི་རིག་གཞུང་ལའང་སློབ་ན་བོད་མིའི་གནའ་སྲོལ་གོམས་གཤིས་དང་མིའི་བསམ་བློ་ཆོས་རིག་བཅས་ལ་གདོང་ཐུག་ཨེ་འགྲོ དེང་སང་ཆོས་དད་ཀྱི་ནང་ནས་ལྟ་ལོག་མཁན་ཇེ་མང་སོང་ཡོད་པ་འདི་རྒྱུ་རྐྱེན་གང་དང་ས་ཆ་གང་ནས་བྱུང་ཡོད། ཉེ་བའི་ལོ་འགའ་ཡི་སྔོན་གསར་བུ་རེ་གཉིས་ཀྱིས་དམངས་གཙོ་དང་འདྲ་མཉམ་གྱི་སྐད་ཆ་བཤད་རེད། དེའང་དབྱིན་ཇིའི་བསམ་བློ་རེད། དེང་སོང་སྐད་ཆ་དེ་ཇེ་ཉུང་སོང་འདུག་བསམ། སྤྱི་དམངས་གཙོ་དགོས་ཀྱང་དམངས་གཙོའི་ལམ་ལུགས་སྤེལ་སའི་མང་ཚོགས་ཁྲོད་ཏུ་ཤེས་ཡོན་དཔལ་འབྱོར་ལྷག་བསམ་གྱི་ཆ་རྐྱེན་ལྡན་མིན་དང་། གྲལ་རིམ་དབེན་པའི་དམངས་གཙོ་བཤད་ན་ཆགས་སྡང་ལས་ཅི་ཡོད། སྤྱི་སྔོན་ཐོན་མི་ཡི་འཚོ་གནས་དང་ཤེས་བྱ་བདེ་ཐང་སོགས་དགག་བྱའི་གནས་མིན། བོད་ན་ཡོད་པ་ཆོས། བོད་མི་ཡོངས་རྫོགས་ཆོས་ལ་དད། དེས་ན་ཆོས་ལུགས་འཛིན་སྐྱོང་བྱེད་རྒྱུ་གལ་ཆེ་ལ། ནང་ཆོས་ནི་དུས་རབས་གང་དང་མི་རིགས་གང་ཞིག་གི་ཁམས་དབང་མོས་པ་དང་མཐུན་པའི་སྔོན་ཐོན་གྱི་ཆོས་རིག་ཕུན་སུམ་ཚོགས་པ་ཞིག་ཡིན། དེ་ཡིན་པར་ཁ་བཤད་ཙམ་མ་ཡིན་པ་འཛམ་གླིང་གནའ་དེང་ཤར་ནུབ་མཁས་པའི་མགྲིན་གཅིག་ཏུ་བསྔགས་བཞིན་ཡོད། ཉེ་བའི་ལོ་ཉིས་བརྒྱའི་ནང་དུ་འཛམ་གླིང་ཡོངས་ལ་དབྱིན་ཇིའི་དེང་རབས་རིགས་གནས་ཀྱི་ཤན་ཤུགས་ཆེ་པོ་ཐེབ་ཡོད་རེད། གལ་སྲིད་རིག་གནས་གསར་པས་ཤན་ཤུགས་དང་བཙན་འཛུལ་ཐེབ་ན་མི་རིགས་དེའི་གདོད་མའི་རིག་གཞུང་དང་གདོང་ཐུག་ཅི་རིགས་ཐེབ་ངེས། རང་རེ་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ནས་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་འཛམ་གླིང་རྒྱལ་ཁབ་བཅུ་ལྷག་ཙམ་མ་བཏོགས་ཕྱི་འབྲེལ་གྱི་འབྲེལ་ལམ་བཞག་མེད། འབྲུག་ཕྱིའི་རྣམ་པ་རྗེས་ལུགས་སུ་ཆགས་ཡོད་རུང་། ནང་གི་རིག་གཞུང་ཁོར་ཡུག་དང་བདེ་སྐྱིད་ཚོན་གྲངས་ཐད་འཛམ་གླིང་ཡུལ་སྐོར་པ་མང་པོའི་ཡིད་འགུལ་སའི་གནས་སུ་ངོས་འཛིན་བཞིན་ཡོད། བོད་ཀྱང་གཙོ་བོ་སྲོལ་རྒྱུན་ཆོས་རིག་གོམས་གཤིས་འཐུག་སའི་མི་རིགས་ཞིག་ཡིན་ཕྱིར་འབྲུག་པའི་ལམ་ལུགས་ལ་འགྲོ་ཆོག་སྙམ། མདོར་ན། སྔོན་ཐོན་གྱི་ཐ་སྙད་ལ་ཞེན་ནས་གཞན་རིག་ལ་འགྲམ་ཆུ་མི་ཁོལ་བ་རང་གི་རིག་གཞུང་རྩིས་སུ་འཛིན་རྒྱུ་ནི་ཆེས་འོས་ཤིང་འཐད་པའི་གནས་ལུགས་མཐའ་ཐུག་ཞིག་མིན་ནམ་སྙམ།

ཡིད་མཐུན་ཆོས་ཀྱི་གྲོགས་པོ་ཡ་དིང་མཁན་རིན་པོ་ཆེ་ཆོས་སྐྱབས་ལགས་ཀྱིས་གེ་སར་སློབ་གྲྭ་ལ་གནང་བའི་བཀའ་སློབ་དུམ་གཅིག་ཐོས་པའི་རྐྱེན་ལས་ཀུན་བཟང་བསྟན་འཛིན་ནས་རྨོངས་འཆར་སྣ་ཚོགས་ཡི་གེའི་གཟུགས་སུ་བཀོད་ནས་ཕུལ་བའོ།།

༢༠༢༤.༡.༤

གཞན་གྱི་བཟང་ཆ་དང་དྲིན་དྲན་པ་ལ། དྲིན་ཤེས་ཟེར་ཞིང་།།‍‍གཞན་གྱི་ངན་ཆ་སོགས་བརྗེད་པ་ལ།བཟོད་སྒོམ་ཟེར་བས།།‍‍‍‍‍བཟོད་སྒོམ་དང་དྲིན་ཤེས་ལྡན་ཚེ་མི་ཚེ་ཡི་བདེ་སྐྱིད་རྙེད་པ་ཡིན།།‍‍‍‍‍‍‍‍‍‍‍‍

༄༅།།ཡིད་རྟོན་མེད་པ་ཨེ་རྟོགས།

མཚན་སྒྲོགསདགོན། ཚངས་སྤྱོད་ཀྱིས།

སྟོན་མཇུག་ཁ་བ་སིམ་སིམ།།
ང་ཡི་སྙིང་ལ་བབས་སོང་།
རང་སེམས་འདབ་ལོ་གཉོམ་པོ།།
ཁ་བའི་རྡུལ་གྱིས་བཅོམ་སོང་།།

མི་རྟག་འཆི་བ་བསམ་ན།།
སྙིང་རྩ་དྲོན་མོ་འདར་གི།།
འཆི་བདག་ཕོ་ཉ་བཙན་པོ།།
ནམ་ཞིག་ཐོན་པ་སུས་ཤེས།

དེ་རིང་ས་སྲོད་འདི་ལ།
དད་པའི་མཆོད་དབྱངས་འཐེན་ཞོར།
འཆི་བ་ཡིད་ལ་སྒོམ་བཞིན།།
ཁོང་ལ་གསོལ་བ་འདེབས་སོ།།

ཁོང་གི་གསུང་ལ་ཉན་ནས།།
དལ་འབྱོར་རྙེད་པར་དཀའ་བ།།
ཡང་ཡང་ཡིད་ལ་དྲན་ནས།།
མི་ཚེ་དོན་ལ་འབད་འདོད།།

རང་གི་བསམ་པ་དག་ན། །
བླ་མར་གསོལ་བ་བཏབ་ནས།།
བསམ་དོན་ཡིད་ཀྱི་རི་མོ།།
ཆོས་བཞིན་འགྲུབ་པ་ལོས་ཡོང་།།

དུས་ཀྱི་ཕོ་ཉ་སླེབས་ན།།
མཛེས་པའི་ལང་ཚོ་ཡལ་འགྲོ།།
མི་རྟག་འཁོར་བའི་གཤིས་ལ།།
ཡིད་རྟོན་མེད་པ་ཨེ་རྟོགས།

༢༠༢༣/༨/༢༩ཉིན་འཕྲལ་དུ་བྲིས་པ་དགེའོ། །


发布     👍 0 举报 写留言 🖊   
✋热门推荐
  • 今日头条 当年冯唐离婚的时候,作家石康发微博:“在我眼里,中国目前的成功分子,从王石到冯唐都算上,都在通过搞离婚来补课,是中国欠他们的,在他们年轻时,应得到的
  • 明天见各位重新开了一个微博号 我想记录我们专属的日记 不管好的坏的我都希望他能被记录下来 等到有一天我们想回忆的时候就有东西可以看了 虽然今天我们闹了矛盾我很失
  • -1903年,一通意义非凡的电话,令雅克-大卫·勒考特与巴黎钟表师埃德蒙·耶格强强联合,双方开启合作,积家大工坊亦由此诞生。#地球猫舍家长反馈##美国短毛猫##
  • [赞]写给女孩的10条人生情感的建议:[心]1.记住:口红可以自己努力挣钱买,没必要指望别人送。如果有男人给你买东西,只是为了睡你,那么请叫他滚。
  • 不然做事情永远像蜻蜓点水,这里点一下那里点一下,可能每次都有一点点成果,但这对最后的胜利是没有意义的。我们要努力 我们要勇敢 我们要促进自己全面发展.昨天看了优
  • !!
  • 刘晓睿纂古琴曲《梨云春思》释义,据《历代古琴文献汇编》 共计收录于2部琴谱内 壹《琴学心声谐谱》 收録于清代康熙三年庄臻凤撰辑的《琴学心声谐谱》中第4首琴曲,
  • 呼吸肌包括肋间肌和膈肌,跑步时呼吸过浅,不能为肌肉提供充足的氧气,肌肉就容易疲劳,进而产生痉挛,这时你就会感到胸部两侧和肋下的疼痛。通俗的来讲,就是热身不够,乍
  • 我也是看其他博主种草试了两次反应快而且有效果哈哈哈蒸苹果说是预防腹泻,对肠道健康很有帮助蒸梨子润肺止咳,让我想到了冰糖雪梨秋冬了有些水果太过凉性蒸一下酸酸甜甜的
  • [天猫]德国进口 尼平河 全脂高钙 纯牛奶 1L*12盒,券后价¥89(现价¥99)[来]商品链接戳这里 ;天猫尼平河旗舰99元,可领10元优惠券,实付89元到
  • #方灿[超话]# #万能cheatkey方灿# 【221006】方灿相关饭绘 tiny[心] 【禁二改商用截去logo,转载请注明出处】 cr. 1ai
  • 他是一个特别会打直球的人,我又对直球很低防,每次都搞得脸发烫…我在感情中不是一个很粘人的伴侣,但是对他我真的好想一天25小时粘着…奈何两人都是社畜!就像去黄山看
  • 不管什么流言蜚语,只须做自己,为了梦想,必须全力以赴,遵照生辰八字看财运,日主身旺,命带财星,但财库小,这种命格的人,显然有财运,只因财库小,装不了那么多,好比
  • 他们希望对方是这段感情的主导者,不希望事事都要自己带领和安排,这会让属兔人非常疲惫。属兔的和什么属相婚配最好 几岁结婚最好在我们的日常生活当中,我们都知道属兔的
  • 这个夏天,我们与《请君》相见,这个秋天,《请君》与我们说再见,《请君》收官了,想说的话太多了,这部剧收集了我的笑点、我的泪点,从炎将军到陆炎,三千年的守护与等待
  • 所以,大家也要在穿搭中明确自己的穿搭需求就是有节制的减龄,利用比较干练和简约的色彩释放出比较出挑的气质,从而弱化年龄对于体态的影响。比如说帽子,这对于中年女性来
  • 心理老师是全校学生的情绪回收站晚一做咨询 晚二处理学生问题晚三班主任找我聊班级学生好不容易坐下来准备备课 又有学生问题查寝的时候 每一层都碰到一个班主任每一个班
  • ”最后,他总结到:“因为命运的关系,我没当成四大天王,也没成为谭咏麟的接班人,不过我现在也过得不错。”李克勤所唱的,也是他的心声。
  • 中年后,太阳下山,接触到土、木后才稳定,因此山下火命的人,财运富贵都在中年以后。如果这类人命格中官运和财运都很旺盛,就需要特别小心,因为命中本应该无财,旺盛的财
  • 临床主要用于慢性活动性肝炎、乙型肝炎、急性病毒性肝炎等治疗,能起到降低转氨酶、黄疸指数的作用。临床多用于急性肝炎、迁延性肝炎及慢性肝炎活动期的治疗,对降低血清谷