༈ སྟོན་པ་བཅོམ་ལྡན་འདས་ཀྱི་མན་ངག་ཚན་པ་བཅུ། ངེས་པར་དུ་ཡིད་ལ་ཟུང་།



࿐གསུང་པ་པོ། སྟོན་པ་བཅོམ་ལྡན་འདས།
༼༡༽


དགེ་སློང་དག་གམ་མཁས་རྣམས་ཀྱིས། །

སྲེག་བཅད་བརྡར་བའི་གསེར་བཞིན་དུ། །

ལེགས་པར་བརྟག་ལ་ང་ཡི་བཀའ། །

བླང་བར་བྱ་ཡི་གུས་ཕྱིར་མིན། །
—————————————
༼༢༽
སྡིག་པ་ཅི་ཡང་མི་བྱ་ཞིང་། །

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

རང་གི་སེམས་ནི་ཡོངས་སུ་འདུལ། །

འདི་ནི་སངས་རྒྱས་བསྟན་པ་ཡིན། །
—————————————
༼༣༽


རང་གི་ལུས་ལ་དཔེ་ལོངས་ལ། །

གཞན་ལ་གནོད་པ་མ་བྱེད་ཅིག །
—————————————
༼༤༽
བདག་ཉིད་བདག་གི་མགོན་ཡིན་གྱི། །

གཞན་ལྟ་སུ་ཞིག་མགོན་དུ་གྱུར། །
——————————————
༼༥༽
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །

བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །

སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །

མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །
———————————————
༼༦༽
སྡུག་བསྔལ་ཤེས་པར་བྱ།
ཀུན་འབྱུང་སྤོང་བར་བྱ།
ལམ་རྒྱུད་ལ་བརྟེན་པར་བྱ།
འགོག་པ་མངོན་དུ་བྱ།
———————————
༼༧༽


མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །

ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །

གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །

འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །
———————————————
༼༨༽


འདུས་བྱས་ཐམས་ཅད་མི་རྟག་པ།

ཟག་བཅས་ཐམས་ཅད་སྡུག་བསྔལ་བ།

ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་པ།

མྱ་ངན་ལས་འདས་པ་ཞི་བའོ། །
——————————————
༼༩༽


ལུས་ཅན་དག་གི་ལས་རྣམས་ནི། །

བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །

ཚོགས་ཤིང་དུས་ལ་བབ་པ་ན། །

འབྲས་བུ་མྱུར་དུ་སྨིན་པར་འགྱུར། །
—————————————
༼༡༠༽
ཐུབ་པས་སྡིག་པ་ཆུ་ཡིས་མི་འཁྲུད་ཅིང་། །

འགྲོ་བའི་སྡུག་བསྔལ་ཕྱག་གིས་སེལ་མི་ནུས། །

ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཡང་། །

ཆོས་ཉིད་ཞི་བ་བསྟན་ནས་གྲོལ་བར་འགྱུར། །

དུས་ཚོད་དང་གདམ་གསེས།[月亮]
མི་ཞིག་ལ་མཚོན་ན། ལོ་ན་ཚོད་འཕེལ་བའི་འགྲོས་དང་བསྟུན་ནས་དུས་སྐབས་སོ་སོར་དམིགས་བྱའི་དོན་དག་གམ་བསྒྲུབ་བྱའི་ལས་འགན་ལ་གཙོ་ཕལ་གྱི་ཁྱད་པར་འབྱེད་རྒྱུ་ཡོད་སྙམ། དཔེར་ན་ལོ་བཅོ་ལྔ་ཉི་ཤུ་ནང་གི་ཕོ་གསར་མོ་གསར་ཚོར་མཚོན་ན། ཆེད་ལས་ཤེས་བྱ་དང་མི་ཡི་འབྲེལ་བ།སྤྱི་ཚོགས་གོ་གནས། ལས་ཀའི་ཉམས་མྱོང་། མ་རྩའི་ཐོན་སྐྱེད་སོགས་མི་འཛོམས་མོད། ལུས་སེམས་གཉིས་ཆར་མེ་ལྟར་འབར་བཞིན་པའི་གསོན་ཤུགས་ལྡན་པས་སོ་སོའི་དགའ་ཕྱོགས་དང་ཕུགས་བསམ་སྣ་ཚོགས་ལ་ཚོད་ལྟ་བྱེད་འོས། རྒྱུ་མཚན་ནི་ཁོ་ཚོར་ད་དུང་ནོར་འཁྲུལ་བཟོ་བའི་དུས་ཚོད་ཡོད་པ་ཡིན། འོན་ཀྱང་ལོ་ན་ཚོད་རིམ་གྱིས་སྨིན་ཏེ་དར་མའི་དུས་རིམ་ལ་སླེབས་པ་ན། ག་ལེར་རང་གི་དགའ་ཕྱོགས་དང་ཁ་ཕྱོགས་སྣ་མང་ཇེ་ཉུང་དུ་བཏང་ཞིང་། སྔར་བསླབས་པའི་ཤེས་བྱ་དང་བསགས་པའི་ཉམས་མྱོང་། སྤྱི་ཚོགས་ཐོན་ཁུངས་ཇི་སྙེད་རུག་རུག་བཟོས་ཏེ་ཁ་ཕྱོགས་སྣ་གཅིག་གམ་ཉུང་ཤོས་ཞིག་ལ་དམིགས་པ་གཏོད་འོས་པ་རེད། རྒྱུ་མཚན་ནི་ཁོ་ལ་མཐུན་རྐྱེན་དང་རྨང་གཞི་གང་འཚམ་ཡོད་རུང་། གདམ་གསེས་དང་ཚོད་ལྟའི་གོ་སྐབས་མང་པོ་ལྷག་མེད།དེ་ལས་ལྡོག་སྟེ་གཞོན་ནུའི་དུས་སྐབས་སུ་རྒན་པོའི་བརྟུལ་ཞུགས་ཁུར་དུ་བླངས་ཏེ་གང་ལ་ཡང་ཚོད་ལྟ་བྱེད་མི་ཕོད་པ་དང་། དར་མའི་ན་ཚོད་ཡལ་ཟིན་ཡང་ད་དུང་ལོ་ཆུང་སྣང་མཐོ་ཇི་བཞིན་དམིགས་ཡུལ་གསལ་བོ་མེད་པར་གོ་གོ་རིག་རིག་ལ་ཚོད་ལྟ་བྱེད་པའི་བྱ་སྤྱོད་འདི་གཉིས་ཀ་ཡང་མི་ཚེ་འཕྲོ་བརླག་བྱེད་སྤྱད་ལས་ཙམ་མ་འདས། དེ་བས་དུས་ནམ་ཞིག་ལ་ལས་ཅི་ཞིག་བསྒྲུབ་འོས་པ་ཤེས་རྒྱུ་འདི་གནད་ཅིག་རེད་དྲན་བྱུང་།

——མང་རྒྱན།

༢༠༢༠/༡༢/༢༣

རྟོག་བཟོ།

ཁང་པ་གཅིག་ནང་འཇིག་རྟེན་ཞིག་ཆགས་ཏེ།
ཉལ་ཁྲིའི་ཐོག་ནས་སྐྱེ་བ་ཞིག་ལོན།
སྔོ་ལྗང་ལྗང་གི་སྤང་ཐང་དེ།
སེམས་ཀྱི་རྟ་ཕོའི་སྐྱིད་སྐྱིད་ཀྱི་རྩེད་ར་ཡིན།
ཡུན་རིང་ཡུན་རིང་།
སྤྱི་ཉིད་ཀྱི་ཞལ་རས་ཀྱང་།
དཀར་ལ་དམར་མདངས་ཀྱི་བཞིན་དུ་འཕོས།
ངས་ཡིད་ཆེས་པའི་འཇིག་རྟེན།
ངས་རེ་ཞིང་སྒུག་པའི་འཚོ་བ།
འདི་ལྟར་རང་དབང་མེད་པར་ལྟོས་བཅས་སུ་གྱུར།

༢༠༢༠-༡༢-༢༢


发布     👍 0 举报 写留言 🖊   
✋热门推荐
  • 蓝家是我入坑饭圈的开始,是我永远的韩娱本命其实算了算也入坑并不算多久,身边的同学,朋友也不理解为什么我会喜欢二代团。[酸]之前有妖精说我们蓝家专业打投500人,
  • 在北京的时尚媒体圈,大多数时装编辑都是学服装设计专业出身,这貌似专业对口,我却认为是不是科班出身并不是那么重要,重要的是对于时尚触觉敏锐,对流行烂熟于心,而不仅
  • 天气渐寒,希望大家都能有互相惦记的朋友,也能有燃起蜡烛看书喝茶发呆的雅趣,平淡日子亦能得香气四溢呀~#谭松韵[超话]#两小姐@Seven[最美的时候][最美的报
  •  24.溶解度是指在一定温度下,某种固体物质在100克溶剂中达到饱和状态所溶解的质量。 4.化学变化的本质特征是有新物质生成,燃烧、铁生锈、食物变质等都是化学变
  • 现在已经有酒店应用联想智慧办公解决方案,以数字虚拟人的形象投射在酒店多地的前台,一个团队即可服务整个酒店集团在全国各地的前台业务。#和数字虚拟人做同事还需要多久
  • 消费活了,经济是不是就盘活了?这里先不管通胀因素,算上通胀,大家就差的不明显!
  • 猪圈里已经没有一点动静,这一阵它实在是过于幸福,每天变着花样的吃,家里收获什么,它就吃什么,直吃到连一步路都走不动,它躺在干草里,眼睛眯缝着,看着那一槽子还未来
  • 其实这样梳理下来,就会发现影片里除了最小的女儿和主角外,其她的女性很少是正面角色,比如仅仅比大儿子小两岁的二女儿就只知道玩耍,很懵懂,远没有大儿子的形象生动,大
  • [doge]】新学期,新一轮朋友圈刷屏来袭:努力背单词的四六级备考人、校园里的新品尝鲜专家、养生青年、觉醒的健身达人...#00后的新学期朋友圈#,看看你的朋友
  • 7️⃣最后一步是进行重建,也就是给皮肤细胞补充营养的过程,因为我的皮肤偏干,所以用了VE润泽精华油和VC舒缓营养霜,最后涂上防晒就结束了。樱花妹真是无时无刻都在
  • #日向坂46[超话]##影山优佳[超话]##影山優佳# Instagram皆既月食を見れたよ②(前の投稿を見てからぜひご覧ください)そしてこれがガチャ
  • 街坊上很常遇見轉角散落的咖啡座,座上沒有星巴克常見的社群菁英,多是話憶當年的叔嬸,出神入化的鮮活表情。#日安我最親愛的好朋友今天是2022年10月1日平安星期6
  • )让我来描述我的观影历程:这部番节奏很快,出场人物众多,尤其是第一季在画风上可能会导致脸盲,但一点都不妨碍他们团队协作打斗的刺激感。当我看到上头粉丝一轮轮反反复
  • 因为上赛季,梅西在法甲踢了26场,结果才进了6球,如今他仅用了12场联赛,就超越了自己,可见梅西现在的状态,有多出色了。本场比赛,阿根廷巨星梅西状态相当出色,上
  • !JJW7《叶水清徐槿络》叶水清徐槿络《甄宝凤宁野》甄宝凤宁野《沈颜卿崔瑾容》 沈颜卿崔瑾容《沈心莫琛》沈心莫琛《不洒离别间》冷清羽南宫忆辰《温珊珊傅亦川》温珊
  • 對人也是一樣,今天覺得厭惡至極的人,經過一段時日,因為和他愈來愈接近,對他有了進一步的瞭解,知道他其實是一個很好的人,就會愈來愈喜歡他,這就是所謂的「日久見人心
  • 将近5000幅动物的肖像直击眼球,可以让宝宝近距离的感觉生命的魅力,在这里,你可以找到很多甚至书中电视中都不会出现的濒危物种!第三站-野外之音oh,my god
  • ”没错,这个“北京朋友”就是李亚鹏,自从认识了王菲,他就展开了激烈的追求。和李亚鹏一样,王菲的感情也一直坎坷,之前也有过一次失败的婚姻。
  • 不想做数据只想坐享其成就别对我们做事的数据粉指三道四你们“十年老粉”“佛系粉”可以无视0712拉踩抹黑张杰,无视他们对张杰做的事,我们不能忍什么就“只要张杰好好
  • 给自己一个假期,真切的回归自然,忘掉汲汲营营的所有理由。胡适在《道德和规则》里说:“一个肮脏的国家,如果人人讲规则而不是空谈道德,最终会变成一个有人味儿的正常国