གཅིག་སློབ་སྦྱོང་ནི་མི་ཚེའི་ནུས་ཤུགས་ཡིན་པ་དང་། གཉིས་དེང་སྐབས་ཤེས་ཡོན་དང་ཚན་རིག་གི་དུས་རབས་ཡིན་པས། མ་འོངས་པར་མི་ཚེ་ལ་རིན་ཐང་ཡོད་པ་དང་བྱ་བཟང་སྒྲུབ་དགོས་ན། ངེས་པར་སློབ་སྦྱོང་ཡག་པོ་བྱེད་དགོས། འདི་ནི་ངས་ནམ་རྒྱུན་སློབ་མ་ལ་བཤད་པའི་སྙིང་གཏམ་དཀར་པོ་ཡིན།

ཕྱིར་མིག་ཀློང་གི་མེ་ཏོག

------- ཨ་ལགས་ཆོབ་ཚེ།
དུད་སྤྲིན་ཕྱོགས་སུ་ལྡིང་བའི་ཞོགས་པ་རུ།།
​ཙག་རླུང་ཁབ་རྩེ་ཟུག་པའི་ཕུང་པོ་ཡི།།
​གང་མྱངས་ལྐོག་ཟས་གཏོང་བའི་འབྲོག་མོ་ཞིག།
​ལྷས་རར་བྲེལ་འཚུབ་གཏོང་བ་སེམས་ལ་རྒྱུ།།

​ཟུར་མིག་མདའ་རྩེས་ནང་སེམས་སྤྲས་མདུད་རྒྱག།
མགོ་དཀྲིས་དམར་པོས་སྒང་ནས་ལག་གཡུགས་བྱེད།།
སྐད་སང་མཐོན་པོའི་མིང་ནས་ཐེངས་གསུམ་འབོད།།
ཨ་ཅེ་འབྲོག་མོའི་འཛུམ་ཞལ་འཇའ་ལ་འཁྲུལ།།

བཅོས་དང་མ་བཅོས་མངོན་ལྐོག་མེད་པ་དང་།།
ཐེག་དང་མི་ཐེག་ལེ་ལན་མེད་པ་སོགས།།
ནམ་རྒྱུན་བརྩེ་བས་ཕྱུག་པའི་མཛའ་ན་མོ།།
མིག་དབང་མ་ཡིན་ཡིད་དབང་འཕྲོག་མྱོང་ཡོད།།

ལས་ཀྱི་ཆོན་ཐག་ཤར་ནུབ་སོང་བ་ནས།།
ཉིན་སྲིབ་གཉིས་སུ་གྱེས་པའི་སྐབས་དེ་ནས།།
བདེ་བར་ཡོད་པའི་གཏམ་རེར་ཉན་པ་ལས།།
ཁྱེད་ལ་ལྷག་པར་གཏམ་གླེང་མ་ཐུབ་ཐལ།།

གནམ་ས་ཁ་ཐག་རིང་ཡང་སེམས་ཐག་ཉེ།།
གནམ་གྱི་མིག་ཆུ་ས་ཡི་སྙིང་ལ་ཕོག།
དེ་དང་དེ་བཞིན་ཁྱེད་དང་ང་རང་ཡང་།།
རིང་རིང་ལྟར་ཡང་ཉེ་བའི་གནས་ན་ཡོད།།

༡༤-༡-༢༠༢༤ལ་ཁང་རྙིང་ནས།

ཉིན་ཐོ། སེམས་ཚོར་དངོས་མ།
ཁྱོད་རང་དང་སེམས་ཐག་ཆེས་ཉེ་བའི་གཉེན་ཉེ་དང་གྲོགས་པོ། ཡང་ན་ཁྱོད་དང་ཁ་ཐག་ཉེ་བའི་མཐར་འཁོར་གྱི་སེམས་ཅན་དག་གིས་ཁྱོད་ལ་འཆང་བའི་བྱམས་བརྩེ་དེ་གཅེས་སྤྲས་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཏུ་སེམས་ཏེ། ནམ་ཞིག་ཁྱོད་དང་གཏན་དུ་གྱེས་བྲལ་བྱས་ཚེ།  ད་གདོད་ཁྱོད་ཀྱིས་དེ་ནི་སུས་ཀྱང་ཚབ་མི་ཐུབ་པའི་རིན་ཐང་དང་བྲལ་བ། སྟོང་ཆ་དེ་ནི་གང་གིས་ཀྱང་ཁ་སྐོང་མི་ཐུབ་པ་ཞིག་ཡིན་པར་རྟོགས་སྲིད།  འོན་ཀྱང་དེ་དུས་ཕངས་སེམས་དང་གནོང་འགྱོད་ཀྱི་ངང་ནས་དྲན་རྟེན་གྱི་འདྲ་པར་ཞིག་ལ་མིག་ཅེར་ནས་འདུག་པ་ལས། བྱ་ཐབས་གཞན་ཅི་ཡང་མེད་དོ། །
ཆུ་ཡོས་ལོའི་ཟླ་༡༢ཚེས་༣ཉིན་ལེགས་-ཀུན་ཕན་ཟླ་བ་ནས། 2024-1-14


发布     👍 0 举报 写留言 🖊   
✋热门推荐
  • 春夏秋冬,四季轮回,一叶知秋,片霜进冬,转眼一生,转身一世,闲时找找乐,忙时偷偷闲,花开花落,云卷云舒,我们都应淡然地走过,一生很长,要和有趣的人在一起,别丢了
  • 第33章 这个男人就是她的丈夫秦斐被浓烟呛的眼泪汪汪,听见门响回头,就见有个高大挺拔的身影出现在门口,因为逆着光看不清长相。第72章 这个男人就是她的丈夫秦
  • 如果我们只是朋友 我会是一个情绪稳定且幽默风趣的朋友 但我们是恋人 那我将是一个神经病强烈的爱和稳定的情绪注定没办法在我身上共存 因为我总是要靠一遍遍你爱不爱我
  • 带有古典韵味的高贵女孩名,太有气质了 :心宁“心宁”一名不看释义也不难理解,简单来说就是希望女孩心里安宁的意思。这个名字给人一种雅致的韵味,那么从深一点来说,该
  • 去年,海关紧紧抓好国家各项稳外贸政策措施的落实,聚焦促稳提质和企业关切,在海关职责范围内出台了优化营商环境16条等多项支持措施,各地海关结合当地实际细化了近千条
  • ”/01/COTE ROTIE烧焦的山坡罗帝丘(Cote Rotie,字面意思是烧焦的山坡)丘如其名,超过45度的陡峭山坡,常年被似火的骄阳炙烤,冷冽的强风猛吹
  • 但谁能想到,酒力不佳的她,竟然自己把自己绊倒,后脑勺磕在茶几上,质量不佳的茶几一晃,那空了的酒瓶一歪,“哐”的一声砸她额头上……《穿到古代发家致富》JYDERG
  • #尅泡跨圈换物[超话]#秀特别版无卡无拍,80包,外壳有明显磕碰运输瑕秀yg特典是原包装未拆,50一套包,要原包装发就无对光哦[哇][哇][哇] p柚未拆40
  • 随着审美观念的变化,中式出阁服的款式越来越多样化撞色系秀禾也是当下比较流行的元素将妙龄女子的灵秀温婉演绎的淋漓尽致阜阳婚纱 阜阳试纱 阜阳婚纱礼服 阜阳网红婚纱
  • 必须等新一批的一线将领被提拔起来同样,“大军未动,粮草先行”装备后勤系统的大换血后,也会让旧系统濒临瘫痪,必须等待新人重新建一整套的装备后勤体系。必须等新一批的
  • wen呢)球以为困生气了,结果只是别开头,红着脸对球说,:“直接开始吧,别亲了……”今天早上儿子去书店买回来这个diy蛋糕材料包,第一张是中午我跟儿子做的[允悲
  • 因你原局伤官双透,现在走癸巳大运,乃伤官旺地,克制正官夫星,说明你对待感情要求较高,不怎么满意追求者,即便有姻缘,也不长久。2016年丙申,申金正官旺,所以遇到
  • ——宫崎骏 18.努力的意义就是:当好运来临的时候 我觉得我值得 19.让我们在人生的更高处相见吧,虽然现在不能与你并肩,但未来总有一天我会走到你面前。——
  • 我之前也有说过,因为想安慰但是没被重视,就内耗了一天(我其实很希望用经历来换他人好受一点)还好朋友有安慰我,后来我也跟他说了这件事他也跟我道歉了,以及后面在群里
  • 氧化铝(AO02)目前日线级别向上走出了向上趋势,前面讲过看向上,当前突破上方没有历史压力位,可结合历史现货价格做参考,短期现货价格上涨,均价在3000左右,-
  • ”富润屋,德润身,心广体胖,故君子必诚其意。”子曰:“於止知其所止,可以人而不如鸟乎?
  • 评论区里有into the thrill ,我家成了拍摄地,成为公共财产的骑士,伪装的一击,哀悼的人,反派皆傻瓜,专属恋爱禁区,周日的慰藉,美丽的他,恋爱至上主
  • 安心就像一个溺水的人,她感到窒息,找不到上岸的办法「那里面不是安心,像个陌生人」她的所有崩溃源自于恐惧,她已经失去了双腿,她不敢想失去丈夫的结果,只能用一次次发
  • 这团还真没有一人让人不爱啊[哇]咔咔踩我的点上!物料好多[舔屏]好爱[哇]怎么会有辣么好玩的团啊哈哈哈哈哈每集高能!
  • ㅤ方子请在指导下进行,盲目服药只会伤害自己身体!#甲状腺结节#哈喽呀,大家好,今天到手了一款外观很可爱,设计很新颖的小玩具,那就是享要家的海狸!肝就是我们身体里