དྲན།

ཁམས་བཟང་མོ།

དེ་རིང་གི་ཉི་མའི་འོད་ཟེར་ངའི་ཁང་བའི་གྲུ་བཞིའི་ནང་དུ་འཕྲོས་ཚེ། ང་རང་གཞི་ནས་གཉིད་ལས་སད་སོང་། ཧ་ལམ་ཞོགས་ཟས་དང་ཉིན་གུང་ཟ་མ་གཉིས་ལྷན་གཅིག་ཏུ་ཟོས་པ་འདྲ། དེའང་རང་ཉིད་ཀྱི་ངལ་གསོ་དུས་ཚོད་བཀོད་སྒྲིག་བྱས་མེད་པའི་རྟགས་མཚོན་རེད།

ངས་གཞི་ནས་རང་ཉིད་ཀྱི་མ་འོངས་དང་ཁོ་བོའི་མ་འོངས། ཡང་ན་ཁོ་ཚོས་མ་འོངས་པའང་དྲན་པ་ཡིན།

སླར་ཡང་ཆུ་ཚོད་གཅིག་ཙམ་ཉལ་བ་ཡིན། གཉིད་ལས་སད་པས་ཁང་བའི་གྲུ་བཞིའི་རི་རྒྱབ་ཏུ་འཆམ་འཆམ་ལ་སོང་བ་ཡིན། ངའི་རི་རྒྱབ་ཀྱི་ཡུལ་ལྗོངས་དང་མི་སྣ། འདབ་ཆགས་དང་རྩི་ཤིང་། རྟ་ནོར་ལུག་སོགས་ཅི་འདྲ་ཞིག་ཡིན་ནམ་དྲན་བཞིན་ལམ་ལ་ཆས། སྐབས་དེར་དུས་ངས་དྲན་པ་ནི་གལ་ཏེ་རི་རྒྱབ་ཏུ་ངའི་མ་འོངས་ཡིན་ན་ཅི་མ་རུང་། ངས་རྐང་ལམ་ཕྲ་མོ་འདི་ལ་དགའ་འབོད་དང་མདུན་དུ་བསྐྱོད་འདོད། གལ་ཏེ་རི་རྒྱབ་ཏུ་ཁོ་བོའི་མ་འོངས་པ་ཞིག་ཡིན་ན་ཅི་མ་རུང་ངམ། ངས་ཀྱང་ཁོ་བོ་དང་ལྷན་གཅིག་ཏུ་ཡུལ་ལྗོངས་འགྱུར་ལྡོག་གི་དཀའ་ཚེགས་ཁྲོད་དུ་རྒྱབ་སྐྱོར་དང་དཀའ་གནད་སེལ་འདོད། ཡང་ན་གལ་ཏེ་རི་འདིའི་རྒྱབ་ཏུ་ཁོ་ཚོས་མ་འོངས་འཚོ་བའི་ཁ་ཕྱོགས་ཤིག་ཡིན་ན་ཅི་རུང་། ངས་སླར་ཡང་སེམས་རུམ་ནས་ཁོ་ཚོས་དཀའ་ཚེགས་དག་རང་ཉིད་ཀྱི་མགོན་སྐྱབས་ལ་སྐྱབས་འཇུག་ཞུ་འདོད། གང་ལྟར་རི་འདིའི་རྒྱབ་ཏུ་ངས་སླར་ཡང་རི་རྒོད་པོ་ཞིག་ལས་མཐོང་མ་སོང་།

དེ་ནས་ངས་ཕྱི་དྲོ་ཞེས་པའི་མཛའ་གཞས་ཤིག་ལ་ཉན་བཞིན་ཉན་བཞིན་ས་རུབ་པའི་དུས་ཚོད་ལ་སྒུག ཏག་ཏག་དུས་ཚིད་དེ་ལ་སླེབས་སོང་། ང་རང་ཆུང་བྱིས་པ་འདྲ་དར་ཆགས་སུ་ཡར་མར་ལྡིང་བ་ཡིན། རང་ཉིད་ཀྱི་ལྭ་བ་ཡོད་ཚད་ཀྱི་མ་གཞིའི་ཁ་མདོག་ལ་ན་འདམ་གྱིས་རི་མོ་དུ་མ་བྲིས་སོང་། དེ་ནི་མི་ཚོགས་ཁྲོད་ཀྱི་ང་ཚོའི་ཕན་ཚུན་ལ་བཅངས་བའི་བརྩེ་སེམས་ཤིག་དང་ཁ་བརྡའི་ཁྲོད་དུ་སྐད་ཆའི་སྒྱུ་རྩལ་ཞིག་དང་གཉིས་སུ་མ་མཆིས།

དགའ་བའི་བར་མཚམས་ནས་རང་ཉིད་ཀྟི་དྲན་བྱ་ནི་དྭངས་གཙང་གི་ཤོག་བུ་དཀར་པོ་ཞིག་ཏུ་གྱུར། དེ་ནི་ཡུན་རུང་དུ་རེ་སྒུག་གི་སེམས་ཀྱི་འཚོ་བ་ཉག་གཅིག་ཡིན། ང་ནི་ཚེ་སྲོག་གསོན་པའི་ཕུང་པོ་དང་བསམ་བློའི་སྣ་ཚོགས་ཀྱིས་བཏུམས་ཡོད་སྟབས། ངས་ཉིན་མཚན་ལ་དབྱེ་བའི་རྣམ་འགྱུར་ལས་རང་ཉིད་ཀྱི་དྲན་ཞེས་པའི་ཚོར་སྣང་འདི་བོར་མ་མྱོངས།

རང་ཉིད་ཀྱི་དྲན་པ་ནི་ཁ་སང་ངེད་གཉིས་ཀྱི་མ་འོངས་འཚོ་བའི་ཁ་ཕྱོགས་ཙམ་གླེང་བ་དེ་རེད།

འོན་ཀྱང་།

དགུན་ཟླ་མ་གཞི་ནས་གྲང་ངར་གྱིས་བཟི་ཡོད་པས་ངའི་སེམས་ལ་ཁོ་བོའི་སྐད་ཆ་རེ་རེའི་འདར་སིག་སིག་ཏུ་བྱས་སོང་། ཡང་ན་ཁོ་ཚོ་ནི་འཁྲབ་སྟོན་པ་ཞིག་གི་དཔང་ཡིག་མེད་ནའང་ཇི་འདྲིའི་ཕུལ་དུ་བྱུང་བའི་འཁྲབ་སྟོན་པ་ཞིག་ཏུ་གྱུར་འདུག་གམ། རང་ཉིད་ཀྱི་དྲན་འདི་བོར་བཞིན་བོར་བཞིན་འཁྲབ་སྟོན་པ་ཞིག་དང་སྐད་ཆ་ལ་སྒྱུ་རྩལ་ལྡན་མཁན་ཞིག་བྱེད་དྲན། དེ་ནི་དེང་རབས་མི་ཚོགས་ཁྲོད་དུ་མེད་དུ་མི་རུང་བའི་ཡོན་ཏན་ཞིག་འདྲ།

ཉེ་ཆར་གྱི་འཚོ་བ་ནི་དེ་རིང་གི་རི་རྒྱབ་དེའི་སྦས་པའི་ཡུལ་ལྗོངས་ཤིག་ཡིན་ན་ཅི་མ་རུང་ངམ། རང་ཉིད་ཀྱི་དྲན་ལ་སུ་གང་གིས་ཀྱང་འགོག་མི་ནུས། དཔེར་ན་ཁོ་བོ་དང་ཁོ་ཚོས་ཀྱང་འགོག་ཐུབ་བྲལ། དེ་ནི་རང་ཉིད་ཀྱིས་རང་ཉིད་ལ་སྟོང་བསམ་གྱི་རྨི་ལམ་རིང་མོ་སད་མེད་པས། ད་གཟོད་མུ་མཐུད་དུ་སྟོང་བསམ་ལ་ངས་ཚེ་སྲོག་གསོན་པོ་ཞིག་གི་སྙན་ངག་འབྲི་ཆོག

མི་ཡི་དྲན་པའི་འཛིན་སྟོབས་ཀྱི་ནུས་པ་ཟེར་བ་འདི་ནི་ཅི་འདྲའི་ཁྱད་ཚར་བ་ཞིག་རེད་ཨང་།

དྲན་པའི་ཁུག་སོར་ཉར་ཡོད་པའི་ཕྱིར་དྲན་དེ་དག་ལས་ཕལ་ཆེ་བ་མོག་པོར་གྱུར་བའམ་ཡང་ན་བྱུང་རིམ་ཆ་ཚང་གི་སྒྲིག་གཞི་ཐ་ཐོར་དུ་གྱུར་ཡོད་པ་ཤ་སྟག་ཡིན་མོད།

དེ་ལས་ལྡོག་སྟེ།

གནས་སྐབས་ཤིག་གམ་ཡང་ན་རྣམ་པ་ཕྲ་མོ་ཙམ། ཡང་ན་མི་ཞིག་གི་དགོད་ཉམས་ཤིག

འགུལ་སྐྱོད་ཆུང་ངུ་ཞིག

དབང་པོ་ལྔ་གང་རུང་གི་མྱོང་སྣང་ཕྲ་མོ་ཞིག

རྣམ་འགྱུར་ཞིག

སྐད་ཆ་ཚིག་གཅིག་སོཊ་བྱེ་བྲག་གི་བྱུང་བ་ཕྲ་མོའི་རིཊ་ནི་ཤིན་ཏུ་གསལ་པོའི་སྒོ་ནས་དུས་ནམ་ཡང་ཕྱིར་དྲན་དུ་འཁྱུག་ཙམ་གྱིས་གསལ་ལྷང་ངེར་འཆར་ཡོང་།



ང་ཚོ་ཀུ་རེ་ལྟ་བུའི་འཁོར་བ་འདིར་འཚོ་བཞིན་ཡོད་པས།
ཧ་ཅང་ནན་ཏན་ཡིན་ཁུལ་གྱིས་རང་གིས་རང་ལ་གཟེབ་དྲྭ་བཟོ་དགོས་དོན་མེད།

࿐རྫོང་སར་མཁྱེན་བརྩེ་ནས། https://t.cn/A6ceCH11


发布     👍 0 举报 写留言 🖊   
✋热门推荐
  • 而且这就是个生日会,他就只是粉丝聊聊天唱唱歌发个伴手礼,过个生日而已,就相当于明星给粉丝的宠粉福利,如果说那啥点就是固粉的,除了粉丝和举办方和赞助没几个关心这生
  • 趁有会员搞个置顶吧——圈名是Limi,是来自散华礼弥的礼弥,这个名字真的好好听是Lo娘,爱lolita至死不渝也有买很多制服却没有JK属性(或许有一点?)间歇性
  • 因此,从北京大学毕业的金融硕士自然也是行业内的精英群体。[微风]复旦大学复旦国际金融系是国内最早成立的金融学科之一,全系学科齐全。
  • 小宇宙 ,蝴蝶宝,需要宝,吹笛人,无传真,Magic Shop,最好的我,零点宝,We are Bulletproof : the Eternal,意中人,5
  • !めちゃくちゃ楽しみです^^みなさんに参加してもらうコーナーもあるので、よろしくお願いしますね♪最前で飲食・発声もOKなイベントです!
  • 你的身材真标准,现在像你这样身材的人可不多了~快停止散发魅力吧,你这个浑身充满魅力的家伙!说星星好看的人一定是没有见过你的眼睛。
  •  1⃣️ LiBos扫地机器人,官店券后价也要1299,我家预计满减到手只要【950】!LOOK2⃣️白色喇叭袖衬衫➕黑色西装➕不规则半裙,很有设计感的一套,穿
  • #鱼缸咖啡的一下午其实我以前是不喝咖啡的,自从煊妈介绍了一款咖啡豆给我,我就爱上了,原来好的咖啡豆出来的咖啡真的是不一样的,然后就买了全自动咖啡机,真的太方便了
  • 值得高兴的是,大部分同学都获得了三等奖及以上奖项,足以见得同学们对志愿服务知识的了解和掌握。4月23日“世界读书日”专题活动旧书换文创DIY明信片寻宝大作战3项
  • (股东说不想听具体环节解释,这个都查得到,想知道具体几月能做到哪一步,沃森表示我们自己的环节都是最快速度,但是涉及到外部的,真说不准要多久)Q:新冠疫苗对业绩的
  • 1、剧名不是单纯的哗众取宠,乌鸦蜥蜴的特质确实能在男女主身上找到,而且在第一集通过顾川的梦境也做了铺垫。1、剧名不是单纯的哗众取宠,乌鸦蜥蜴的特质确实能在男女主
  • 可能还是散粉比较快落[允悲]不管有没有人陪,我都想听完最后一首歌[心]河兔兔,你的歌歌都唱到我的心尖尖里去啦[心]拆包裹的快落~!一堆黑五买的杂七杂八分享:图一
  • @TFBOYS-王源【wy vvy 二字 二字弟弟 xty】【王源联合国儿童基金会大使 】【王源环球人物专栏作家 】【王源 大主宰 】【王源 牧尘 】【演员 王
  • 这世上最无趣之事便是在谁是谁非上花好几个小时辩论 我不想 但也参与了/杂事就像乱掉的线条一样充满了整颗脑袋 好像即将迈入3开头的数字的年龄 越发焦虑不安 也越发
  • 。泡完之后我发现我想多了,学校是不可能让你白嫖的,咖啡袋直接就被机器吞了[允悲] 味道嘛。
  • 多数人可能需要考几次才能达到 100+,所以同学们要根据自己的英语水平合理地安排时间。GMAT:研究生管理科入学考试,是一项标准化的英语考试,帮助商学院评估申请
  • 评论区抽十个人送【爱奇艺/腾讯/寻艺】会员(自选一个)要求:1⃣️若选择视频会员必须在【完美的他】播放页面开通会员并截图2⃣️若选择【寻艺】会员,开通后要截图并
  • #越努力越幸运##闲言碎语# 【你现在的心境,决定未来的处境】岁月是一场有去无回的旅行,好的坏的都是风景。 ​​​图文侵权删一切都是命运的安排,如果当初做了其他
  •   因为行业的特殊性,直播带货已经成为美妆行业的必争之地。  说起销售费用,有一家新兴的国产美妆品牌应该榜上有名,它就是完美日记的所属公司,港股上市的逸仙电商。
  • 但是中午吃了地锅鸡太饱了 所以还有一个咖喱牛腩也没怎么吃p4 -p6 五一的自拍罢了哈哈哈哈p7第一次抢到专辑 拼的是耐心和手速p8 学校奶茶店的贴纸[杰瑞]p