༈ ཇོ་ནང་ཆོས་བསྐོར་ནི། 覺囊派系列《༄༅།།དཔལ་ཇོ་ནང་བའི་ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་ཤིན་ཏུ་བསྡུས་པ།། 吉祥覺囊巴見修行果極略攝義 རྩོམ་པ་པོ། ཇོ་ནང་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ།》作者:覺囊遍智卻勒南嘉

ན་མོ་གུ་རུ་ཝེ།

南無咕如維!

ལྟ་བསྒོམས་སྤྱོད་པ་རྣམ་དག་ལེགས་བསྟན་ནས། །

སྐལ་ལྡན་འབྲས་མཆོག་ཐོབ་པའི་དོན་མཛད་དང༌། །

ཆོས་རྗེ་ཆོས་རྗེ་ཀུན་མཁྱེན་དོལ་པོ་པ། །

བླ་མའི་ཞབས་པད་གུས་མཆོད་ནས། །

ལྟ་བསྒོམ་སྤྱོད་འབྲས་མདོར་བསྡུས་གསལ་བར་བྱ།།

善妙開示清淨見修行,

有緣得勝妙果義行持,

法王法王遍智篤布巴,

上師蓮足敬供養,

見修行果總攝當顯明!

འདིར་རྣལ་འབྱོར་བ་བསྒྲུབ་པའི་སྙིང་པོ་ཉམས་སུ་ལེན་ཅིང༌། ཐ་སྙད་ཀྱི་སྤྲོས་པ་ཉུང་ངུ་ལ་མངོན་པར་དད་པ་འགའ་ཞིག་གི་ངོར། ལྟ་བསྒོམ་སྤྱོད་འབྲས་ཀྱི་དོན་ངོས་བཟུང་བ་ལ།

此中,實修成就瑜伽之心要,且於名言戲論略有淨信,於此等少許者前,認明見修行果之義。

དང་པོར་ལྟ་བའི་དོན་ངོས་བཟུང་བ་ནི།

一、認明見義:

སངས་རྒྱས་ཀྱི་བསྟན་པ་བརྗོད་བྱ་བདེན་པ་གཉིས་ལ་བརྟེན་པ་ལས། རེ་ཞིག་ཀུན་རྫོབ་བདེན་པའི་གནས་ལུགས་ནི། སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི། ལེགས་པར་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་ཅིང༌། རང་རང་གི་ངོ་བོས་སྟོང་པ་ཉིད་ཡིན་ལ་མ་བརྟགས་མ་དཔྱད་པའི་ངོར་སྣ་ཚོགས་སུ་སྣང་ཡང༌། སྣང་བ་ལྟར་གྱི་དངོས་པོར་མི་བདེན་པར་རྨི་ལམ་དང་སྒྱུ་མའི་སྣང་བ་དང་མཚུངས་པ་ནི་ཀུན་རྫོབ་བདེན་པའི་གནས་ལུགས་སུ་ཤེས་པར་བྱའོ།།

佛法所詮依於二諦,其中,世俗諦之實相者,此顯現之緣起,若善觀察,一無所有,各各自性空。未觀察分析時,雖現種種,然如其所現之法,無有諦實,如同夢境、幻相,當知此為世俗諦之實相。

དོན་དམ་བདེན་པའི་གནས་ལུགས་ནི། མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་ལུགས་སྨྲ་བ་རྣམས་ནི། འདི་ལྟར་སྣང་བའི་དངོས་པོ་ལ། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་ནི་དོན་དམ་སྟེ། །ཡེ་ནས་གནས་པའི་མཚན་ཉིད༌། །ཞེས་འབྱུང་བ་ལྟར་ཀུན་རྫོབ་ཀྱི་བདེན་པ་སྣང་བ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཡང་དག་པར་ན། གང་དུ་མ་གྲུབ་པ་ཉིད། དོན་དམ་བདེན་པའི་གནས་ལུགས་སུ་འདོད་པ་མང་ན་ཡང༌། དེ་ནི་རེ་ཤིག་མཚན་ཉིད་ཐེག་པའི་དབུ་མ་པའི་གཞུང་དུ་བསྟན་པའི། དོན་དམ་བདེན་པའི་མཚན་ཉིད་ཙམ་ཞིག་ཡིན་ལ།

勝義諦之實相者,法相乘之中觀師云:「 如是顯現諸法中,以理觀察不可得,無所得者即勝義,本來安住之性相。」如其所說,此世俗諦顯現緣起,實際悉無所成,許此是勝義諦之實相者雖有眾多,然彼者暫且唯是法相乘中觀宗所說勝義諦之性相。

མཐར་ཐུག་སྔགས་ཀྱི་ཐེག་པའི་བདེན་པར་གསུངས་པའི་དོན་དམ་བདེན་པ་ནི། འཕགས་པ་ལྷའི་ཞལ་ནས། མིན་དང་བྲལ་བའི་སྐད་ཅིག་མ། །འོད་གསལ་བློ་གྲོས་ཤིན་ཏུ་དྭངས། །རྟག་ཏུ་སྣང་བའི་རང་བཞིན་ཅན། །དོན་དམ་བདེན་པའི་མཚན་ཉིད་ནི། །ཡེ་ཤེས་རང་བཞིན་འོད་གསལ་བ། །ཡེ་ཤེས་མིག་གིས་མཐོང་བར་འགྱུར།།

究竟密乘說為諦實之勝義諦者,如聖天菩薩云:「 遠離黑暗之剎那,光明智慧極澄淨,恆時顯明之自性,勝義諦之性相者,智慧自性大光明,智慧之眼能得見。」

ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཀུན་རྫོབ་ཀྱིས་སྟོང་པས་ན། སྤྲོས་པའི་མཚན་མ་ཐམས་ཅད་བྲལ་བ། དེ་བཞིན་གཤེགས་པའི་སྙིང་པོ་དང༌། དང་པོའི་སངས་རྒྱས་ཞེས་གསུངས་པ་ཉིད་མཐར་ཐུག་གི་མཉམ་བཞག་གི་ཐེག་པའི་སྐབས་སུ་དོན་དམ་པའི་བདེན་པར་ཤེས་པར་བྱའོ། །དེ་ལྟར་ན་བདེན་པ་གཉིས་ཀྱི་གནས་ལུགས་ཡང་དག་པར་ཤེས་པ་ནི་ལྟ་བ་རྣམ་པར་དག་པ་ཡིན་ནོ།།

一切有情心之法性即是自性光明、眾相妙具空性,是各別自證智之行境,世俗空故,離一切戲論相,謂為“如來藏及本初佛”,當知此為究竟三摩地乘之勝義諦。如是真實了知二諦之實相者,即是清淨見。

སྒོམ་པའི་དོན་ནི།

二、修義:

............(中略)............

སྤྱོད་པ།

三、行義:

............(中略)............

འབྲས་བའི་དོན་ནི།

四、果義:

............(中略)............

དེ་ལྟར་བཀོད་པའི་དགེ་བ་ཡིས། །འགྲོ་རྣམས་ལྟ་སྒོམ་སྤྱོད་པའི་ཚུལ། །རྣམ་དག་ལམ་ལ་རབ་ཞུགས་ཏེ། །ཐར་བའི་གྲོངས་ཁྱེར་མཆོག་ཐོབ་ཤོག།

如是撰述之善根,願諸眾生善趣入,見修行理清凈道,證得解脫最勝城!

ལྟ་སྒོམ་སྤྱོད་པའི་དོན་མདོར་བསྡུས་པ་འདི་ནི་ཀུ་སུ་ལུ་པ་འགའ་ཞིག་གི་དོན་དུ་དགེ་སློང་རྡོ་རྗེ་འཛིན་པ་ཆོས་ཀྱི་རྒྱལ་པོ་མིང་གཞན་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་ཉེ་བར་སྦྱར་བའོ། །མངྒཾ༌ལཾ། བྷ་ཝན་ཏུ། ཤུ་བྷཾ།། །།

此見修行之攝義者,是比丘金剛持法王,別名覺囊卻勒南嘉,為利益數位古蘇魯巴而撰著。芒嘎朗!帕萬杜!休榜!

圖:青海果洛 覺囊派 龍什加寺

~~~~~~~~~~~~~~~~~~

བདག་ནི་སྐྱེ་བ་ཐམས་ཅད་དུ།། བསྟན་པའི་ཁུར་ཆེན་ཁུར་བར་ཤོག།།ཁུར་ཆེན་ཁུར་བར་མ་ནུས་ཀྱང་།། བསྟན་པ་ཉམས་ཀྱི་དོགས་པ་ཡི།།
སེམས་ཁྲལ་ཙམ་ཡང་འབྱུང་བར་ཤོག། ཀུན་མཁྱེན་དོལ་པོ་པས་གསུངས།

願我生生世世中,荷負如來聖教擔!
縱然無力作承擔,然憂佛法衰退心,
願我亦能生少許!- 遍智堆波巴

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།། 2012

༄༅།།དགག་གཞི་རྐྱང་རྩིས་བཞུགས་སོ།
༄༅༅།། གང་ཞིག་ཡིད་མཁར་བསྟེན་པ་ཙམ་གྱིས་ཀྱང་།། ཤེས་བྱའི་གནས་ལ་རྨོངས་པའི་མུན་བསལ་ཏེ།། རིགས་ལམ་བྱེ་བའི་འོད་སྟོང་འགྱེད་མཛད་པ།། འཇམ་དཔལ་དཔའ་བོས་བློ་གཏེར་སྒོ་བརྒྱ་ཕྱེ། ། འདིར། བུམ་པའི་དགག་གཞི་ཆོས་ཅན། གཟུགས་ཆོས་ཅན། སྒྲ་ཆོས་ཅན། དྲི་ཆོས་ཅན། རོ་ཆོས་ཅན། རེག་བྱ་ཆོས་ཅན། ཡོད་པར་ཐལ། ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདིའི་སྟེང་ནས་གཞི་སྦྲགས་མའི་དབང་དུ་བྱས་པའི་དྲིས་འཕང་ལྔ་ཙམ་རྩི་ཚུལ་གྱི་བརྗེད་ཐོ་ནི།
༈ ༼༡ ༽སོགས་བཀོད་དེ། ༼༢༽ཀྱིས་འདོད་ལན་འདེབས། ༼༡ ༽ལ༼༢༽མི་རིགས་ཞེས་འཕེན་༼༢༽ བཀོད་དེ་༼༡ ༽སྟེང་༼༢༽མི་རིགས་པར་འདོད་ཅེས་རྩི་རིགས། རེ་རེ་ལ་༼
༤༽རྩི། དྲིས་འཕང་དང་པོ་སོང་།
༈ ༼༢༽བཀོད་པར་༼༤༽མི་རིགས་ཞེས་འཕེན༼༤༽བཀོད་དེ་༼༢༽སྟེང་༼༤༽མི་རིགས་པར་འདོད་ཅེས་རྩི་རིགས། རེ་རེ་༼༨༽རྩི། དྲིས་འཕངས་གཉིས་པ་སོང་།
༈ ༼༤༽བཀོད་པར་༼༨༽མི་རིགས་ཞེས་འཕེན། ༼༨༽བཀོད་དེ།༼ ༤ ༽ སྟེང༼༨༽མི་རིགས་པར་འདོད་ཅེས་རྩི་རིགས། རེ་རེ་ལ་༼ ༡༦༽རྩི། དྲིས་འཕང་གསུམ་པ་སོང་།
༈ ༼༨༽བཀོད་པར་༼༡༦༽མི་རིགས་ཞེས་འཕེན། ༼༡༦༽བཀོད་ཏེ་༼༨༽སྟེང་༼༡༦༽མི་རིགས་པར་འདོད་ཅེས་རྩི་རིགས། རེ་རེ་ལ་༼༣༢༽རྩི། དྲིས་འཕངས་བཞི་བ་སོང་།
༈ ༼༡༦༽ བཀོད་པར་༼༣༢༽མི་རིགས་ཞེས་འཕེན། ༼༣༢༽བཀོད་དེ་༼༡༦༽སྟེང་༼༣༢༽མི་རིགས་པར་འདོད་ཅེས་རྩི་རིགས། ཚན་པ་རེ་རེ་ལ་༼ ༦༤༽རེ་བརྩིས་པས་དྲིས་འཕངས་ལྔ་བ་རྫོགས།
མདོར་ན་རྩོད་གཞིའི་སྟེང་དུ་རྩོད་གཞི།རྩོད་གཞིའི་སྟེང་དུ་གསལ་བ་དེ་ཡིན་པར་འདོད་ཅེས་པ་སྟེ། རྩོད་གཞི་བརྒྱ་སྟོང་ཡོད་ཀྱང་དེའི་རིགས་པས་ཤེས་སོ།
དེ་ལྟར་རིགས་གཞུང་པདྨའི་འོ་མཚོ་རུ།། ཉེ་བར་བརྩོན་པའི་མང་ཐོས་གསེར་མིག་ཅན།། ཤེས་རབ་རྒྱ་མཚོ་ཞེས་བྱའི་རྟོག་གེ་བས།། དབྱར་གྱི་ལྗོངས་རྒྱུར་སྐྱོ་སངས་ཕྱིར་དུ་བྲིས། །མངྒལཾ།།

༢༠༠༡་ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག་རྗེས། མཛོད་དང་འདུལ་བ་སོགས་དཔེ་ཁྲིད་མ་ཆགས་པ་བྱས་ནས་ལོ་འགའ་སོང་། དེ་ནས་རྣམ་གཡེང་དང་འདུ་འཛི། བྱ་བ་ཙག་ཙིག་གི་ལས་སྒོ་སྣ་ཚོགས་ལ་བྲེལ་ནས། གླེགས་བམ་མང་པོར་ས་རྡུལ་གྱི་དྲི་མས་བསྒོས་འདུག ཡིན་ན་ཡང་ཁོམ་ལོང་གི་དུས་ཚོད་རེ་བེད་སྤྱད་ནས་སྔོན་ཆད་བཀླགས་ཟིན་པའི་དཔེ་ཆ་དག་བཙལ་ཏེ། ཆུང་དུས་ཀྱི་བག་ཆགས་ལ་ཡང་བསྐྱར་གསོས་ཤིག་བཏབ་པ་ཡིན། དེ་རིང་སྔོན་ཆད་བསྡུས་གྲྭའི་སྐབས་ཀྱི་དཔེ་ཆའི་བར་ལ་དགག་གཞི་རྐྱང་རྩིས་ཤིག་བཞག་ཡོད་པས། ཁ་པར་ལས་ཡིག་གེར་ཕབ་དེ་སླར་ཡང་རྐྱང་རྩིས་ཀྱི་སྐོར་ལ་རིགས་ལམ་གྱི་དཔྱད་འཇོག་ཅུང་ཙམ་རེ་བྱེད་པའི་གོ་སྐབས་རག་པའོ།

རི་སྔུན་པས་ཉིན་ཐོར་བཤུས་པའོ།

༄༅། །དཔལ་ལྡན་འབུམ་སྟེང་བཀྲ་ཤིས་ཆོས་འཁོར་ཉིན་བྱེད་གླིང་གི་རྒྱུགས་གཞི་ལས།
              

  ༼སྔགས་ཀྱི་བློ་རྒྱུགས།༽

༈ རྒྱུགས་ཐེངས་དང་པོ། སྨོན་ལམ་རྣམ་བརྒྱད།

སྐྱབས་འགྲོ །དགའ་ལྷ། ཡོན་ཏན་ཀུན་གྱུར། སྒྲོལ་མ་འཁོར་བཅས།(མིང་གཞན་སྒྲོན་དཀར་སྔོན་ཏེ། སྒྲོལ་མ། ལྷ་མོ་ལ་གུས། རྗེ་བཙུན་འཕགས་མ་སྒྲོལ་མ། རྗེ་བཙུན་བཅོམ་ལྡན་འདས་མ། ལེགས་བྲིས། འཁོར་བ་ལས་སྒྲོལ་བཅས་སོ། །)ལྟུང་བཤགས། བཟང་སྤྱོད། བྱམས་སྨོན། སྤྱོད་འཇུག །ཐོག་མཐའ། བདེ་སྨོན། ཇི་སྲིད་ཐུབ་མཆོག །ངན་སོང་སྦྱོང་བའི་གཟུངས་སྡེ་ལྔ།(མི་འཁྲུགས་པའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡཱ་་་་་་་་རྣམ་རྒྱལ་མའི་གཟུངས། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་་་་་་་སྤྱན་རས་གཟིགས་ཀྱི་གཟུངས། ན་མོ་རཏྣ་ཏྲཱ་ཡཱ་ཡ། ་་་་་་་་ངན་སོང་སྦྱོང་བའི་གཟུངས་སྡེ་ལྔ་ལས་རྩ་རིག་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦྦ་དུརྒཏི་་་་་་་་ལས་སྒྲིབ་རྣམ་སྦྱོང་གི་གཟུངས་ནི། ན་མོ་རཏྣ་ཏྲཱ་ཡཱ་ཡ།་་་་་་་་་གཙུག་གཏོར་རྣམ་རྒྱལ་གྱི་གཟུངས་བསྡུས་པ་ནི། ཨོཾ་བྷྲཱུཾ་སྭཱ་ཧཱ། ་་་་་་་་གཙུག་གཏོར་དྲི་མེད་ཀྱི་གཟུངས་ནི། ཨོཾ་ན་མསྟྲཻ་ཡ་དྷྭི་ཀཱ་ནཱཾ། ་་་་་་་དོན་ཞགས་པདྨོ་གཙུག་གཏོར་གྱི་གཟུངས་ནི། ཨོཾ་པདྨོཥྞཱི་ཥ་་་་་་་ )བྱམས་པའི་སྐུ་གཟུགས། རྒྱལ་བ་མ་ལུས། སྤྱན་རས་གཟིགས་སྨོན་ལམ་བཅས་སོ། །

༈ རྒྱུགས་ཐེངས་གཉིས་པ། བླ་མཆོད་སོགས།
བླ་མ་མཆོད་པ་ཚོགས་དང་བཅས་པ། སྨན་མཆོག །གནས་བཅུ། ཡིད་བཞིན་ནོར་བུའི་ཞབས་བརྟན། སྤུག་བླ་ཆེ་ཚང་གི་ཞབས་བརྟན། སྤུག་བླ་ཆུང་ཚང་གི་ཞབས་བརྟན། གདུགས་ཤེར་སེང་གསུམ།(རྒྱལ་བ་བྱེ་བ་ནི་གདུགས་དཀར་གྱི་བསྟོད་པ་དང་། བདེ་གཤེགས་གཙུག་གཏོར་ནི་གདུགས་དཀར་གྱི་སྙིང་པོ་དང་།  བཅོམ་ལྡན་གདུགས་དཀར་ནི་གདུགས་དཀར་གྱི་བཟློག་པ་ཡིན། ཤེར་ནི་ཤེས་རབ་སྙིང་པོའི་མདོ། སེང་ནི་སེང་གདོང་ངོ་། །)གཏོར་འབུལ་འཕྲིན་བཅོལ།

༈ རྒྱུགས་ཐེངས་གསུམ་པ། འཇིགས་བྱེད་བདག་བསྐྱེད།

༈ རྒྱུགས་ཐེངས་བཞི་པ། གདུགས་དཀར་མཆོག་གྲུབ། མཚན་བརྗོད།

༈ རྒྱུགས་ཐེངས་ལྔ་པ། བསྐང་གསོ་སྟོད་ཆ།

༈ རྒྱུགས་ཐེངས་དྲུག་པ། བསྐང་གསོ་སྨད་ཆ།

༈ རྒྱུགས་ཐེངས་བདུན་པ། གསང་འདུས་བདག་བསྐྱེད།

༈ རྒྱུགས་ཐེངས་བརྒྱད་པ། བདེན་མཆོག་བདག་བསྐྱེད། 

༈ རྒྱུགས་ཐེངས་དགུ་པ། འཇིགས་བྱེད་བདག་འཇུག །
བུམ་དབང་། རྟེན་འབྲེལ་བསྟོད་པ། མངོན་རྒྱན་མགོ་ནས་སྐབས་དྲུག་པའི་མགོར།

༈ རྒྱུགས་ཐེངས་བཅུ་པ། གསང་འདུས་བུམ་མདུན། ལམ་རིམ་བསྡུས་དོན། འཇུག་པ་མགོ་ནས་སེམས་བསྐྱེད་དྲུག་པའི་མགོར།

༈ རྒྱུགས་ཐེངས་བཅུ་གཅིག་པ། གསང་འདུས་དབང་།

༈ རྒྱུགས་ཐེངས་བཅུ་གཉིས་པ། བདེན་མཆོག་བུམ་མདུན། གསང་བའི་རྣམ་ཐར།

༈ རྒྱུགས་ཐེངས་བཅུ་གསུམ་པ། བདེན་མཆོག་དབང་།

༈ རྒྱུགས་ཐེངས་བཅུ་བཞི་པ། ཁྲུས་དང་བགེགས་བསྐྲད། ཆ་གསུམ་སོགས།

༈ རྒྱུགས་ཐེངས་བཅོ་ལྔ་པ། རབ་གནས། སྦྱིན་སྲེག །

རྫོགས་སོ། །

༢༠༢༤ལོའི་ལོ་འགོར་གུས་བསྟན་འཛིན་དབང་ཕྱུག་གིས་ཟིན་བྲིས་སུ་ཕབ། https://t.cn/R2WxDi7


发布     👍 0 举报 写留言 🖊   
✋热门推荐
  • 大型科技股多数收涨,特斯拉涨 7.43%,特斯拉据称准备进军泰国,最快今年在印尼建超级工厂,Meta涨 4.24%,亚马逊涨 4.03%,谷歌涨 2.32%,苹
  • 本周五,BAJA GLITTER 将来到Migas Mercado露台,两位DJ: Eric Lee以及Daniel Ma联合,带领大家一起释放,进入不一样的P
  •   随着国际食品安全标准的提高,沿海地区的一些蔬菜加工厂由于没有自己的土地,无法有效控制种植源头的各项标准,2012年前后,相关产业向内陆地区转移,陈文芳趁着这
  • 假如中国政府听从他们的建议,当中国确诊病例和死亡病例数量激增时,同一批人恐怕就会转而指责中国政府不负责任、草菅人命。即便对这一点心知肚明,一些法媒和学者仍在鼓动
  • 期待肖战玉骨遥,喜欢肖战时影!(未完待续……)哈哈~最后,希望大家都可以向阳而生,成为那个可以看到太阳、看到美好的自己的人。
  • #马嘉祺[超话]##马嘉祺梦想正当燃##马嘉祺 一起去未来# 在风华正茂的年纪放手去做,大胆地追吧满怀希望就会所向披靡考试平常心对待就好啦前路会是苦尽甘来,阳光
  • 朋友质问我为什么那么i德【镇魂】哈不和她一起嗑伏【镇魂】哈,我内心os1:怎么又双叒叕是这样,我们都是凹主角人啊,也许偏爱德【镇魂】哈了但所有凹哈我都喜欢啊,也
  • 我爸妈都已经是七十多岁的人啦,他们虽说养老金都不少,可我怎么能忍心要父母的钱呢,现在我住到父母家里已经快十天了,别说是老孙的人影居然连个电话都不给我打,这样绝情
  • 他没有像之前那样留下来或者溜回来陪着我,而是跟着人群跑出去,一脚踩在我的手上。我从来就没指望会有人来救我,无论是他,还是随便任何一个人。
  • 又来给bb们送礼物啦~关zhu我&@直白美学在【转+点】里揪9⃣️位bb送以下:好利来粽子(任选3盒)复古DIY活页相册收纳本木质双层置物架中古墨绿花卉
  • 来试试这款吧~结语新款秋装——球迷版风衣、卫衣、休闲裤即将到货、敬请期待~爱足球⚽️无力由[带着微博去旅行]地址:北京市东城区王府井大街201号(利生体育商厦一
  • (内容はR-18です)その筋の方はぜひぜひどうぞ~~ゆったん「そんな蘭世も含んだ かずみん まっちゅん 琴子 かりんちゃん めーちゃん てぃーちゃんとスタッフさ
  • ”15日清晨7:30,海淀区政务服务管理局党员陈娟已经穿好蓝色防护服,头戴防护面屏,手持微型广播器,坚定地站在了马连洼街道兰园社区,为这一天社区顺利又高效的核酸
  • -----------------------好券汇总:销量排行:双11全球狂欢节红包:【商品】iPhone6s苹果充电数据线【下单】:【推荐】弯头6倍耐用,提
  •   这些阴德,就算用“术数”都计算不了,因命运已改,不朝原定(命中注定)的坏方向发展了,一直趋向好的一方面前进了。  你看看,佛顶上更有化fo顶,一层层递升向上
  • 中间一度想放弃不是秃到一定程度 千万不要轻易尝试两个月的效果多少还是有一点的(都是头油的时候拍的)每天用一次(偶尔有几天忘了搞发际线这块碎毛毛长得明显但是额头的
  • 所以有两大问题必须要特别关注:如果只是定义品牌商是一个供货商,不能有效实现与终端店的链接就不可能实现这样的一个目标;如果B2B只是从终端店切入,不关注、不重视品
  • 对于渣攻们,啧啧,全程没看到虐他们,他们后悔就算了(不可能算了)还他妈在小受各种卑微地去攻略他们的时候,时不时地穿插一句“兴奋,有趣,想看他在被打压被逼到无可退
  • #是广胖100kg##鲜城##少女の零食藏宝箱##杭州美食爆料##杭州不网红店# 挤不进曾经爱过的那些咖啡馆的周末,在建国北路上发现了一家没啥人的新店“week
  • 吕佳艺即将赴悉尼大学读研究生,她的毕业论文以《快闪店零售景观对中国年轻游客对奢侈品购物的惠顾意向的影响》为研究课题,本次活动令她将最前沿的快闪店理论及模型运用到