མཉམ་འབྲེལ་རྒྱལ་ཚོགས་ཀྱི་གླས་མི་མང་པོ་ཧ་མ་སི་དང་ལྐོག་འབྲེལ་འདུག

ཉེ་ཆར་དབྱི་སི་རལ་ཕྱོགས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ཕ་ལེ་སི་ཐན་གྱི་རྒུད་སྐྱོབ་བཟོ་སྐྲུན་སྡེ་ཚན་གྱི་ལས་བྱེད་མི་སྣ་ཁག་ཅིག་2023ལོའི་ཟླ་10པར་ཧ་མ་སི་ཡིས་དབྱི་སི་རལ་ལ་འཇབ་རྒོལ་ནང་ཞུགས་པའི་ཉེས་འདོན་ཞུ་གཏུག་བྱས་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་ཡིས་ཟླ་1ཚེས་28ཉིན་གསལ་བསྒྲགས་ཤིག་སྤེལ་ཏེ། འཇབ་རྒོལ་ནང་ཞུགས་པའི་དོགས་ཡོད་ལས་བྱེད་མི་སྣ་12ཀྱི་ཁྲོད་ནས་མི་9ལས་གནས་ནས་ཕྱིར་འབུད་བྱས་ཟིན་པ་དང་། "འཇིགས་སྐུལ་བྱ་སྤྱོད་"ནང་ཞུགས་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གླས་མི་ཚང་མའི་འགན་འཁྲི་རྩད་འདེད་གཏོང་རྒྱུ་ཡིན་ཞེས་བཤད།དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས། དབྱི་སི་རལ་ཕྱོགས་ཀྱིས་ཟླ་1ཚེས་26ཉིན་ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུན་སྡེ་ཚན་དང་ཨ་རི་རྒྱལ་ཁབ་གཉིས་ཀར་ན་ནིང་ཟླ་10པར་འཇབ་རྒོལ་དོན་རྐྱེན་ནང་ཞུགས་པའི་ལས་བྱེད་མི་སྣ་12ཀྱི་ཆ་འཕྲིན་མཉམ་སྤྱོད་བྱས་པ་ཡིན་ལ། དེའི་ནང་"མི་སྒེར་གྱི་རུས་མིང་དང་ཁོངས་གཏོགས་ཀྱི་རྩ་འཛུགས།  ཁོ་ཚོས་2023ལོའི་ཟླ་10ཚེས་7ཉིན་ཅི་ཞིག་བྱས་པ་སོགས་"ཚུད་ཡོད་ཅེས་བཤད་པ་དང་། གསང་བའི་ཆ་འཕྲིན་དེ་དག་ག་འདྲ་བྱས་ནས་ཐོབ་པའི་སྐོར་ལ། དབྱི་སི་རལ་གྱི་དཔོན་རིགས་དེས་ཡོང་ཁུངས་ཧ་ཅང་མང་པོ་ཡོད་པ་སྟེ། དེའི་ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ནས་ལག་སོན་བྱུང་བའི་ཧ་མ་སིའི་རྩིས་འཁོར་དང་ཡིག་ཆ། དེ་བཞིན་བཟུང་དམག་ལ་འདྲི་རྩད་བྱས་པ་སོགས་འདུས་ཡོད་ཅེས་བཤད་འདུགས་གནས་དེ་གའི་དུས་ཚོད་ཟླ་1ཚེས་27ཉིན། ཉེས་འདོན་ཞུ་གཏུག་བྱེད་ཡུལ་དུ་གྱུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུན་སྡེ་ཚན་གྱི་འགན་ཁུར་བ་ཧྥེ་ལི་ཕུའུ་ལ་ཀྲ་ལི་ཉི་ཡིས།  ཁོ་རང་གི་ལག་ཏུ་ལས་ཁུངས་དེའི་ལས་བྱེད་མི་སྣ་འཇབ་རྒོལ་ནང་ཞུགས་པའི་སྐོར་གྱི་ཆ་འཕྲིན་འབྱོར་མ་ཐག  མྱུར་དུ་འབྲེལ་ཡོད་མི་སྣའི་གན་རྒྱ་མཚམས་བཞག་སྟེ་བརྟག་དཔྱད་བྱེད་འགོ་བཙུགས་པ་ཡིན་ལ།"འཇིགས་སྐུལ་བྱ་སྤྱོད་ནང་ཞུགས་པའི་ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུན་སྡེ་ཚན་གྱི་གླས་མི་ལས་བྱེད་པ་ཚང་མའི་འགན་འཁྲི་རྩད་འདེད་བྱེད་རྒྱུ་ཡིན། དེའི་ནང་ཉེས་དོན་ཞུ་གཏུག་གི་བྱེད་ཐབས་ཀྱང་འདུས་ཡོད་"ཅེས་ལན་བཏབ་འདུག དེ་མིན། ཧ་མ་སི་ཡིས་ཟླ་1ཚེས་27ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་ཉེས་འདོན་ཞུ་གཏུག་དེ་ནི་ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུན་སྡེ་ཚན་དང་ཅ་ཧྲ་རུ་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ལས་དོན་བསྒྲུབ་པའི་རྩ་འཛུགས་གཞན་དག་ལ་གཏོར་བཤིག་གཏོང་བའི་ཀུན་སློང་གིས་སྤེལ་བ་རེད་ཅེས་བཤད་ཡོད།ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་1ཚེས་26ཉིན་དབྱི་སི་རལ་གྱིས་ཉེས་འདོན་ཞུ་གཏུག་བྱས་པའི་རྒྱུ་རྐྱེན་ལ་བརྟེན་ནས།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུན་སྡེ་ཚན་ལ་མ་དངུལ་གསར་བ་མཁོ་འདོན་བྱེད་མཚམས་བཞག་པ་ཡིན་ཞེས་བསྒྲགས་པ་དང་། དེའི་རྗེས་སུ་ཨོ་སི་ཁྲུ་ལི་ཡ་དང་། ཁ་ན་ཏ། དབྱིན་ཇི། དབྱི་ཐ་ལི། འཇར་མན། སུའེ་ཙེར་ཧྥིན་ལན། ཧོ་ལན་བཅས་རྒྱལ་ཁབ་བརྒྱད་ཀྱིས་ཀྱང་གཅིག་འཕྲོ་གཅིག་མཐུད་སྒོས་མ་དངུལ་མཁོ་འདོན་བྱེད་མཚམས་བཞག་པ་རེད། དེ་མིན། འཇར་པན་གྱིས་ཀྱང་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་ནས་ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུན་སྡེ་ཚན་ལ་མ་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་ཟེར།དེ་ཡང་། ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུན་སྡེ་ཚན་ཞེས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་འདི་ནི་1949ལོར་བཙུགས་པ་དང་། གཙོ་བོ་ཅོར་ཏན་ཆུ་བོའི་ནུབ་འགྲམ་དང་ཅ་ཧྲ་ས་ཁུལ། དེ་བཞིན་ཅོར་ཏན་དང་། སི་རི་ཡ། ལེ་པ་ནོན་བཅས་སུ་འཚོ་བ་སྐྱེལ་བཞིན་པའི་ཕ་ལེ་སི་ཐན་གྱི་ཐོ་བཀོད་ཡུལ་འཁྱར་པ་རྣམས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལས་འགན་ཁུར་ཡོད།ཉིའུ་ཡོའི་དུས་རབས་ཚགས་པར་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་ཧ་མ་སི་དང་དབྱི་སི་རལ་བར་གདོང་གཏུག་མ་བྱུང་གོང་། ཉེ་ཤར་རྒུད་སྐྱོབ་བཟོ་སྐྲུུན་སྡེ་ཚན་ཟེར་བའི་ལས་ཁུངས་དེས་ལས་བྱེད་མི་སྣ་ཁྲི་1.3ཙམ་གླས་ཡོད་ལ་དེའི་ནང་གི་མང་ཆེ་ཤོས་ནི་ཕ་ལེ་སི་ཐན་གྱི་མི་ཡིན་པ་རེད། དམག་འཁྲུག་འགོ་བརྩམས་རྗེས། ལས་ཁུངས་འདིས་ཅ་ཧྲ་ས་ཁུལ་ནས་མི་སེར་ལ་རོགས་སྐྱོབ་དངོས་རྫས་སྤྲོད་པ་སོགས་ཀྱི་ལས་ཀ་བསྒྲུབ་ཀྱིན་ཡོད་པ་རེད།近日,以色列方面指控联合国近东巴勒斯坦难民救济和工程处的工作人员参与了去年10月哈马斯对以色列的袭击。联合国秘书长古特雷斯1月28日在一份声明中表示,涉嫌参与袭击的12名近东救济工程处工作人员中9人已被解雇,任何参与“恐怖行为”的联合国雇员都将被追究责任。近东救济工程处成立于1949年,主要负责向生活在约旦河西岸、加沙地带以及约旦、叙利亚和黎巴嫩的巴勒斯坦注册难民提供人道主义救助、教育和医疗等服务。《纽约时报》称,本轮巴以冲突爆发之前,该机构雇用了约1.3万工人,其中大部分是巴勒斯坦人。战争打响后,该机构在加沙地带向平民分发捐助物资。

▶ཡུག་རེན་གྱིས་ཨུ་རུ་སིའི་མདེལ་འདྲེན་གྲུ་གཟིངས་ཤིག་གཏོར་ཡོད་ཟེར།

ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་1ཉིན། ཡུག་རེན་རྒྱལ་སྲུང་སྡེ་ཁག་གི་གསང་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དྲ་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། 2024ལོའི་ཟླ་1ཚེས་31ཉིན་གྱི་མཚན་མོ་ནས་ཟླ་2ཚེས་1ཉིན་གྱི་ཐོ་རེངས་བར་དུ། ཡུག་རེན་རྒྱལ་སྲུང་སྡེ་ཁག་གི་གསང་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དམིགས་བསལ་དཔུང་སྡེ་ཨང་བཅུ་གསུམ་པའི་དམག་མིས་ཨུ་རུ་སུའི་མཚོ་ནག་གྲུ་དཔུང་གི་"དབྱི་ཝན་ནོ་ཝོ་མི"རྟགས་ཅན་གྱི་མདེལ་འདྲེན་གྲུ་གཟིངས་རྩ་གཏོར་བཏང་ཡོད་ཅེས་བཤད་ཅིང་། ཡུག་རེན་ཕྱོགས་ཀྱི་དམག་གྲུ་དེ་ཆུང་བ་དེས་ཨུ་རི་སིའི་མདེལ་འདྲེན་གྲུ་གཟིངས་ལ་ཐད་ཀར་བརྡུངས་རྗེས་དེར་གནོད་སྐྱོན་ཕོག་པ་མ་ཟད་ཆུར་ནུབ་པ་རེད། ཡུག་རེན་རྒྱལ་སྲུང་སྡེ་ཁག་གི་གསང་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་དུས་མཚུངས་སུ་འབྲེལ་ཡོད་ཡུལ་དངོས་བརྙན་ཐུང་ཡང་ཁྱབ་བསྒྲགས་བྱས་འདུག འོན་ཀྱང་། མིག་སྔའི་བར་དུ་ཨུ་རུ་སུའི་ཕྱོགས་ནས་དོན་དག་འདི་ལ་གནས་སྐབས་སུ་ལན་ཅི་ཡང་བཏབ་མེད།乌克兰媒体当地时间2月1日报道称,乌克兰国防部情报总局在社交平台发布消息称,2024年1月31日夜间至2月1日凌晨,乌克兰国防部情报总局第13特种部队士兵摧毁了俄罗斯黑海舰队“伊万诺沃人”号导弹艇,该舰艇船体遭受一系列直接撞击后受损并沉没。乌克兰国防部情报总局同时发布了相关视频。俄罗斯方面对此暂无回应。

ཡུག་རེན་གྱི་སྲིད་འཛིན་དང་དྲག་དམག་སྤྱི་དཔོན་བར་གྱི་ནང་འཛིང་།

ཉེ་ཆར། ཡུག་རེན་གྱི་སྲིད་འཛིན་ཙེ་ལེན་སི་ཅིས་ཡུག་རེན་དྲག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཀྲ་ལུའུ་རི་ནེ་ཡི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་གནས་ཚུལ་དེ་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་དང་དྲ་རྒྱའི་ཐོག་ཚ་ཚ་འུར་འུར་དུ་ཁྱབ་ཅིང་སེམས་ཁྲལ་ཆེན་པོ་བསླངས་ཡོད་པ་རེད།དངུལ་རྩའི་དུས་རབས་ཚགས་པར་གྱིས་གནས་ཚུལ་བཀོད་པ་ལྟར་ན། ཙེ་ལེན་སི་ཅིས་ཟླ་1ཚེས་29ཉིན་ཀྲ་ལུའུ་རི་ནེ་དང་གྲོས་མོལ་བྱས་ཡོད་པ་སྟེ། ཙེ་ལེན་སི་ཅི་ཡིས་ཀྲ་ལུའུ་རི་ནེ་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་འགན་ཁུར་བའི་ལས་གནས་གསར་བ་ཞིག་བཀོད་སྒྲིག་བྱེད་པ་དང་། ད་ལྟའི་དྲག་དམག་སྤྱི་དཔོན་གྱི་ལས་གནས་ནས་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན་ཡོད་མོད། འོན་ཀྱང་ཀྲ་ལུའུ་རི་ནེ་ཡིས་དང་ལེན་བྱས་མི་འདུགརྒྱུས་ཡོད་མི་སྣ་ཁ་ཤས་ཀྱི་སྐད་ཆ་ལུང་དྲངས་པ་ལྟར་ན། ཀྲ་ལུའུ་རི་ནེ་ཡིས་བཀོད་སྒྲིག་བྱས་པའི་ལས་འགན་གསར་པ་དང་ལེན་བྱེད་མིན་གང་ཡིན་རུང་། ཁོ་རང་མིག་སྔའི་ལས་གནས་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཙེ་ལེན་སི་ཅི་ཡིས་གསལ་བོ་བཤད་ཡོད་པ་དང་། ཀྲ་ལུའུ་རི་ནེ་ཡི་ཚབ་ཏུ་བསྐོ་བྱའི་འོས་མི་ནི་ད་ལྟའི་ཡུག་རེན་སྐམ་དམག་གི་དམག་སྤྱི་སེ་ཨེར་སི་ཅི་དང་། ཡུག་རེན་དམག་དོན་གསང་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་གཙོ་པུའུ་ཏ་ནོ་ཧྥུ་གཉིས་ཀའི་གང་རུང་ཡིན་ཤས་ཆེ་སྟེ། མི་དེ་གཉིས་ཀ་ཙེ་ལེན་སི་ཅི་དང་འབྲེལ་བ་དམ་ཟབ་ཡོད་ཅེས་ཚོད་དཔག་བྱས་འདུགན་ནིང་གི་ཟླ་11པའི་ནང་། ཀྲ་ལུའུ་རི་ནེ་ཡིས་ཡུག་དམག་གི་རྒོལ་ལན་དེ་"་འཕེལ་མེད་སོར་གནས་"ཀྱི་གནས་སུ་ལྷུང་ཡོད་ཚུལ་ར་སྤྲོད་བྱས་པས། སྲིད་འཛིན་ཙེ་ལེན་སི་ཅི་ཁོའི་བྱེད་སྟངས་དེར་ཡི་མ་རང་བ་དང་། ཡུག་རེན་གྱི་སྲིད་འཛིན་གཞུང་ལས་ཁང་གིས་ཀྲ་ལུའུ་རི་ནེ་ཡི་གོང་གསལ་གཏམ་བརྗོད་ལ་མངོན་གསལ་དུ་རྒོལ་གཏམ་བཏང་ནས། དེ་ནི་ནུབ་ཕྱོགས་ཀྱི་མནའ་གྲོགས་རྣམས་ལ་འཇིགས་སྣང་སྐུལ་ཞིང་།"་བཙན་འཛུལ་པ་"ལ་སྟབས་བདེ་བསྐྲུན་པ་ལྟ་བུ་རེད་ཅེས་བཤད་ཡོད།ཉིའུ་ཡོའི་དུས་རབས་ཚགས་པར་གྱིས་དཔྱད་གཏམ་སྤེལ་བ་ལྟར་ན། ཕྱོགས་གཉིས་ཀའི་ནང་འཛིང་གི་གནས་ཚུལ་ཕྱིར་བསྒྲགས་རྗེས།ཙེ་ལེན་སི་ཅིས་གླེང་ཕྱོགས་ཀྱི་གནོན་ཤུགས་ལ་བསམ་བློ་བཏང་ནས་གནས་སྐབས་སུ་འཆར་གཞི་དེ་བསྐྱུར་བ་རེད་མོད། འོན་ཀྱང་སེམས་འདུག་དེ་དོར་མེད། ན་ནིང་ཡུག་རེན་དམག་གིས་ཕར་རྒོལ་བྱས་པར་སྔོན་དཔག་གི་འབྲས་བུ་མ་ཐོབ་པའི་རྗེས་སུ། ཨ་མེ་རི་ཀས་ད་ལྟ་ཙི་ལེན་སི་ཅི་དང་ཀྲ་ལུའུ་རི་ནེ་བར་གྱི་"ནང་འགལ་"་དེས་"་ཕར་རྒོལ་གྱི་འཐབ་ཇུས་གསར་པ་གཏན་འབེབས་བྱེད་པའི་འབད་བརྩོན་ཉམས་དམས་སུ་གཏོང་གྱིན་འདུག"་ཅེས་སྨྲས་ཡོད།ཟླ1པོའི་ཚེས་31ཉིན་ཡུག་རེན་གྱི་བདེན་དོན་ཚགས་པར་གྱི་སྟེང་དུ། ཀྲ་ལུའུ་རི་ནེ་ལས་གནས་ལས་འབུད་དུ་འཇུག་རྒྱུ་ནི་ཕལ་ཆེར་དུས་ཚོད་སྔ་ཕྱིའི་གནད་དོན་ཙམ་ལས་མ་འདས་ལ། དེས་ཡུག་རེན་གྱི་ནང་ཁུལ་མཐུན་སྒྲིལ་དང་དམག་འཐབ་ཀྱི་འཕེལ་རིམ་ལ་ཉེན་ཁ་བཟོ་སྲིད་པ་རེད་ཅེས་བཀོད་འདུགརྒྱུས་ཡོད་མི་སྣའི་སྐད་ཆ་ལུང་དྲངས་པ་ལྟར་ན། ཙེ་ལེན་སི་ཅི་དང་ཀྲ་ལུའུ་རི་ནེ་བར་གྱི་"ནང་འགལ་དེ་ཛ་དྲག་གི་མཚམས་ཐིག་ཤིག་ལ་སླེབས་ཡོད།" ཁོ་གཉིས་ཀའི་འགལ་བ་ནི་དམག་འཁྲུག་ཐད་ཀྱི་ལྟ་སྟངས་མི་འདྲ་བས་ཡིན་པར་མ་ཟད། མི་སྒེར་བར་གྱི་ཕོག་ཐུག་དང་ཕན་ཚུན་ལ་ཡིད་རྟོན་ཆེས་མེད་པའི་དབང་གིས་ཀྱང་ཡིན་ཤས་ཆེ་ཞེས་བཤད་ཡོད།有关乌克兰总统泽连斯基将解除乌武装部队总司令扎卢日内职务的消息连日来在乌克兰和西方的媒体、网络上传得沸沸扬扬,引起了西方的极大担忧。《金融时报》援引4名知情人士的话透露称,泽连斯基1月29日与扎卢日内举行了会谈。泽连斯基向扎卢日内提供了一个负责国家安全的新职位,并要求他辞职,但扎卢日内拒绝了。


发布     👍 0 举报 写留言 🖊   
✋热门推荐
  • #意大利##孕期日记##混血宝宝# 九个月的时光 紧密相连的两个生命身体承载着幸福之重辛苦 焦虑 甜蜜 期盼 不舍… 在我的人生之旅中这是一个最有意义的刻度永远
  • 太梁高中广播班第20期播音员白易辰再次坐在麦克风前的理由和让两人惊讶的事件是什么呢?不仅如此,金泰梨和南柱赫通过展现可爱活泼感觉的“校服合照”引来了工作人员们的
  • #福花分享# 刘宪华《Real Love》丨 最近的天气真是春季盎然,到了春季一切能让内心重新感到悸动的事物都变得可爱了起来,每到这个季节都会不自然的在嘴里哼
  • 激情辱骂了一下午水瓶座♒️,然后伤春悲秋,被巨蟹座姐姐狂骂我过度共情然后我又跟巨蟹座吵了一架wtf…最近表达出去的爱很多,抱怨好像也可以消化了,我又可以相信爱了
  • 郑州隆鼻常问的医院医生:郑州中医一附属,郑东柏丽芙,郑州郑大二附院,郑州菲林,郑州华领,郑州华山,郑州丽天,郑州美纳多,郑州市第二中医院,郑州壹加壹郑州隆鼻:侧
  • 抛开眼前这场战争,即使我们的战争知识很少,也能理解和明白,对于地缘位置的战争,总会有很多原因爆发的。如果战争以这样一种拖延,消耗,即使打不赢,也肥马拖瘦的话,这
  • 有4条新鲜的消息……没用的推送给我滚出拆那!于是满心欢喜的打开微博小号,令人惊喜的是!
  • 郁达夫的这篇文章我早忘光了,但名字却时不时冒出来绝美诗意短句文案 浮生若梦为欢几何1.可以再浪漫些 日落 晚风和鲜花2.而露水摇摇晃晃 在跌落的边缘3.醉后不知
  • 疫情下的全球赛,真的不容易[鼓掌]菲尔、节目组,请继续加油[打call]2022年历届超女快男快女人气大评选!苏妙玲、江映蓉 进入第三轮终极PK,争夺最后一个4
  • 至于冷战的原因,我想如果看不到这条微博可能这辈子也不会知道,其实就是当时的我嫉妒她和另一个女孩子玩的太好了,然后希望通过冷战的方式让她意识到自己错了(虽然很像小
  • 恋爱:年龄希望在95~00之间,能有共同的爱好,会化妆更好……可以教教我这个手残……[允悲][允悲][允悲]#百合圈交友中心#写个置顶吧话痨小透明社畜一只;无肝
  • ​​​ #小妇人#心怀共情与悲悯 永远向往爱与自由两个小时一点都不长,我感觉自己好像变成了马奇家里的烛台,或者是挂钟,着迷一个清贫但又是无比精神富足的小家。#
  • 法师早年就读中国佛学院,中国佛教界最早的博士之一,在朴老的关心下完成英国伦敦大学博士,为佛教界改革开放以来培养的佛教界高学历僧才之代表。后一直在中国佛学院、中国
  • ☁️| 随便碎碎内心话…虽然 我的心态慢慢走向成熟. 但其实无数次, 我还会为从前的自己 没有及时控制好自己的状态,所荒废的时间 而感到可惜,或许那时 我能更好
  • 这些统统不要紧,现在给你一个机会,“华润万象汇杯日照市第二届电子竞技大赛——王者荣耀争霸赛”全城紧急招募有实力的你,没有年龄限制,没有性别限制,上到九十九下到刚
  • 比如,德国政府扣押了俄“寡头”乌斯马诺夫价值近6亿美元的游艇,意大利政府没收5名俄罗斯富豪价值1.43亿欧元的别墅和游艇……至于欧美其它国家也在准备对俄罗斯的寡
  • ”这应该就是一个人成熟的标志了,大概就是为人不做作,废话不多说,办事不拖拉,与自己无关的闲事,不问、不想,也不说 ​​​​。我一直觉得分享欲是很浪漫的事情就比如
  • !!
  • #暴走广东# 一路向山————————〽️#旅途摄影纪实# 人生不同,各自修行,前程各异花向风落水向东,不必用别人的标准来框定自己人生,走过山水与泥泞尝过欢愉与
  • 虽然不知道该yxh影射是谁,但是评论区以及转发区勇于带大名指名道姓造////谣的朋友,希望你们还能一直这么硬气下去。也请@峰峻文化 你能处理一下造////谣的源