ནས་འབྲུ་སྔོན་མོ་ཞེས་པའི་ཕ་ཡུལ་གྱི་སྙན་དེབ་ཏུ་བཀོད་པའི་བདག་གི་རྩོམ་རྙིང་། ཕ་ཡུལ་དང་མི་ཚེ། ཞེས་པ་འདི་ཉིད་ངལ་གསོའི་དགོང་དྲོ་འདི་དང་བསྟུན་ཏེ་སྤེལ་བ་ལགས་པས། ཀློག་པ་པོ་དག་གིས་གཟིགས་པར་འཚལ།
བོད་ཀྱི་ཕོ་རྒོད་ཡེ་བཀྲ།
ལུས་ཀྱི་ལངས་ཚོ་གངས་རིའི་ལྗོངས་ན་རྒྱས།།
རིགས་ཀྱི་གྲགས་པ་འཛམ་གླིང་ཀུན་ལ་བཞག།
དཔའ་སྙིང་འབྲོང་དང་མཚུངས་པའི་ཁུ་ཚུར་རེའི།།
ས་ཡ་དྲུག་གི་བོད་མིའི་སྙིང་སྟོབས་མཚོན།།
རྒྱབ་ན་བོད་ཅེས་མིང་བྱང་བཀོད་པ་དེར།།
ཕ་སྐད་མ་ཡིག་སྲོག་ལྟར་བསྲུངས་བའི་རྟགས།།
མ་འོངས་བོད་ཀྱི་ཕོ་རྒོད༼ཡེ་བཀྲ་ཁྱེད།།
འགྲན་གྱི་ཟླ་ནས་རྣམ་པར་རྒྱལ་བ་དང་།།
མཚན་སྙན་ས་ཆེན་འདི་རུ་ཁྱབ་པར་ཤོག།
ཡེ་བཀྲ་ཁྱེད་རྒྱལ་ལོ།།

ཉིན་རེར་རྩོམ་གྱིས་རྩེན་པའི་དོ་ར།
དབུས་གཙང་ཆོས་ཀྱི་ཞིང་ཁམས་ནས་་སངས་རྒྱས་བསྟན་པའི་བསུང་ཞིམ་ལམ་ལམ་ཕྱོགས་ཀུན་ལྡང་།།
དབུས་འགྱུར་ལྷ་ལྡན་གནས་མཆོག་ནི་སྒང་པ་བོད་ཀྱི་འགྲོ་མང་དམིགས་བུ་རྩེ་གཅིག་གིས།།
དབུས་ཀྱི་ཇོ་བོ་སྙིང་ག་རུ་བསྒོམ་ཏེ་བསྟན་པའི་བདག་པོ་་དངོས་ལ་མཇལ་པའི་ཕྱིར།།
དབུས་ཀྱི་ཕྱོགས་སུ་འདོང་འགྱུར་བའི་སྦྱོར་བ་དངོས་སུ་ཅི་རྩོམ་དེ་ལ་ཡིད་རང་ཞུ།།
ཐེ་བུ་མེ་སྟག་ནས། https://t.cn/R08xaRT

✋热门推荐