རི་མགོར་མུན་རུབ་ལམ་འགྲོའི་རྒྱུ་བ་ཆད།།
ལོ་མ་དག་ནི་རྙིད་ཅིང་སོ་སོར་འཐོར།།
དེ་ལྟར་ཡུལ་གྱི་སྐྱོ་གདུང་སྣ་ཚོགས་ཀྱིས།།
བདག་སེམས་བྱེ་འུ་སྟོང་བའི་ནམ་མཁར་སྤུར།།
ལོ་མ་དག་ནི་རྙིད་ཅིང་སོ་སོར་འཐོར།།
དེ་ལྟར་ཡུལ་གྱི་སྐྱོ་གདུང་སྣ་ཚོགས་ཀྱིས།།
བདག་སེམས་བྱེ་འུ་སྟོང་བའི་ནམ་མཁར་སྤུར།།
ང་ཚོ་ལ་ཚིག་འབྲུ་འགའ་ཤས་ཀྱིས་ཀྱང་གནད་ལ་ཁེལ་བའི་གནས་ལུགས་རེ་སློབ་ཁྲིད་བྱེད་བཞིན་ཡོད། འོན་ཏེ། གནས་ལུགས་དེ་གནས་ལུགས་སུ་ངོས་ཟིན་མཁན་ཧ་ཅང་དཀོན། དེའི་སྟབས་ཀྱིས། རང་གི་འདོད་པ་བཞིན་འཚོ་བ་རོལ་ཐུབ་མཁན་རེ་གཉིས་ཙམ་ཡིན། https://t.cn/A6je3AwT
སྲིད་པ་སྒྱུ་མའི་འཇིག་རྟེན་ནས། །
ང་ཡང་མདང་གི་མགྲོན་པོ་བཞིན། །
གཅིག་པུར་འགྲོ་ཞིང་གཅིག་པུར་འདུག །
སྐྱོ་ཤས་མཚོ་མོ་འགུལ་སྟངས་རེར། །
ནང་སེམས་འཁྲུལ་བའི་རྒྱ་རུ་ཚུད། །
འོན་ཀྱང་གཉུག་མའི་གཤིས་ངོ་ན། །
འཁྲུལ་བའི་འཇིག་རྟེན་མ་གྲུབ་མོད། །
མིག་ཤེས་རི་ལ་ཡན་པའི་དུས། །
སྣ་ཚོགས་མཐོང་སྣང་འཛད་མཐའ་བྲལ། །
ང་ཡང་མདང་གི་མགྲོན་པོ་བཞིན། །
གཅིག་པུར་འགྲོ་ཞིང་གཅིག་པུར་འདུག །
སྐྱོ་ཤས་མཚོ་མོ་འགུལ་སྟངས་རེར། །
ནང་སེམས་འཁྲུལ་བའི་རྒྱ་རུ་ཚུད། །
འོན་ཀྱང་གཉུག་མའི་གཤིས་ངོ་ན། །
འཁྲུལ་བའི་འཇིག་རྟེན་མ་གྲུབ་མོད། །
མིག་ཤེས་རི་ལ་ཡན་པའི་དུས། །
སྣ་ཚོགས་མཐོང་སྣང་འཛད་མཐའ་བྲལ། །
✋热门推荐