࿐དགེ་ལྡན་བསྟན་པའི་ཆུ་འགོ་མདོ་སྨད་བྱ་ཁྱུང་དགོན་གྱི་འཇམ་མགོན་བདག་ཉིད་ཆེན་པོ་སྐུ་ན་གཞོན་པའི་སྐབས་ཀྱི་འཇམ་དབྱངས་སྒྲུབ་གནས་ཨ་ར་པ་ཙའི་རང་བྱུང་གི་སྒྲུབ་ཁང་།

ཕེབས་པར་སྔ་སོང་།

དག་པའི་ཞིང་ན་བཞུགས་པའི་ཆོས་ཀྱི་རྗེ།།
སློབ་བུ་བྱ་རྒྱལ་རྒོད་པོ་ཁྱུང་ཆེན་བཞིན།།
གཅིག་འཕུར་གཉིས་འཕུར་ཁྱེད་ཀྱི་ཞིང་དུ་ཕེབས།།
ད་རང་ཕེབས་པར་སྔ་སོང་མཆེད་གྲོགས་ལགས།།

དེ་རིང་ཉི་མའི་གུང་ཇ་མ་རག་གོང་།།
ལག་འཕྲིན་བརྒྱུད་ནས་སྐད་ཆ་ངན་པ་ཞིག །
མཆེད་གྲོགས་དམ་པ་ཞིང་དུ་གཤེགས་ཚུལ་སོགས།།
རང་གི་རྣ་བར་ཐོས་ཚེ་སེམས་ལ་གཟེར།།

མཆེད་གྲོགས་ཁྱེད་ནི་བོད་པའི་མ་མ་ཞིག།
ཁྱེད་ཀྱིས་བསྐྲུན་པའི་སློབ་གྲྭ་གྲངས་མེད་ཞིག།
ཁྱེད་ཀྱི་བཀའ་དྲིན་སྐྱོངས་ནས་གསོ་སྐྱོང་བྱས།།
ཁྱེད་ཀྱི་ལྷག་བསམ་ནམ་ཡང་བརྗེད་མི་སྲིད།།

མཆེད་གྲོགས་ཁྱེད་ནི་བླ་མ་དག་མ་ཞིག།
ཁྱེད་ཀྱིས་བསྐྲུན་པའི་བཤད་སྒྲུབ་གྲངས་མེད་ཞིག།
ཐོས་བསམ་སྒོམ་བསྒྲུབ་བསྟན་པའི་རྒྱལ་མཚན་བཙུགས།།
ཁྱེད་ཀྱི་མཛད་རྗེས་ནམ་ཡང་བརྗེད་མི་སྲིད།།

མཆེད་གྲོགས་ཁྱེད་ནི་བོད་མི་དག་མ་ཞིག །
ཁྱེད་ཀྱིས་བསྐྲུན་པའི་རིག་གནས་སྲོལ་རྒྱུན་ཁང་།།
ང་ཚང་གངས་ཅན་བོད་ལ་ཞབས་རྗེས་བཞག།
ཁྱེད་ཀྱི་སྙིང་སྟོབས་ནམ་ཡང་བརྗེད་མི་སྲིད།།

མཆེད་གྲོགས་ཁྱེད་ནི་གྲྭ་སྐྱང་དཀྱིས་མ་ཞིག།
དཀར་ཟས་རིང་ལུགས་ཕྱི་དྲོའི་ཁ་ཟས་སྤོང་།།
སྡོམ་དང་དམ་ཚིག་སྲུང་བཞིན་མི་ཚེ་འདའ།།
ཁྱེད་ཀྱི་ལོ་རྒྱུས་རྡོ་རིང་ཞིག་ཀྱངབསྐྲུན།།

མཆེད་གྲོགས་ཁྱེད་ནི་བོད་པ་ཚང་གི་རྒྱན།།
མཆེད་གྲོགས་ཁྱེད་འདྲ་བོད་ལ་ཡོད་ན་དགའ།།
མཆེད་གྲོགས་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུང་།།
མཆེད་གྲོགས་ཁྱེད་ལ་མྱ་ངན་སྙིང་ནས་ཞུ།།

༢༠༢༤ ༢ ༤ མཚན་མོ་ལ་མཆེད་གྲོགས་དམ་པ་སྤྲུལ་གཡུང་དྲུང་བཀྲ་ཤིས་ལགས་རྐྱེན་ལམ་དུ་ཤོར་ཚུལ་ཐོས་ནས་སེམས་གཏིང་ནས་ཕངས་བཞིན་རོང་ཆེན་སྐལ་བཟང་དབང་འདུས་ནས་གུས་ཕུལ།

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐུབ་ཤོག །

གཞན་ཡང་བདག་གིས་བགྱིས་དང་བགྱིད་འགྱུར་བའི། །
ལེགས་པར་སྤྱད་པ་ཇི་སྙེད་མཆིས་པ་ཀུན། །
ཁྱོད་ཀྱིས་དགྱེས་བཞིན་རྗེས་སུ་འཛིན་པ་དང་། །
བཀའ་བཞིན་སྒྲུབ་པ་ཁོ་ནས་རྒྱུར་གྱུར་ཅིག །

སྟོན་པ་བླ་ན་མེད་པའི་བསྟན་པ་དང་། །
མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །
དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །
བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །


发布     👍 0 举报 写留言 🖊   
✋热门推荐
  • 愿你善其身,愿你遇良人,暖色浮余生,有好人相伴宁可枝头抱香死,何曾吹落北风中 ——郑思肖《寒菊》故事还长,你先别慌。Sweet☻拼拼凑凑の日子月亮睡了我不睡,头
  • 向之所欣,俯仰之间,已为陈迹,犹不能不以之兴怀,况修短随化,终期于尽!每览昔人兴感之由,若合一契,未尝不临文嗟悼,不能喻之于怀。
  • 十年后的自己不仅嫁给了喜欢的男人他,还和他有了一个女儿。十年后的自己不仅嫁给了喜欢的男人他,还和他有了一个女儿。
  •   直到有一天,突然觉得胃隐隐作痛,以为是胃病,吃了点胃药以为就没事了,确实吃了胃药,稍微好受点,收敛了几天,过了半年,公司要体检了,小冰这半年来,人消瘦,整个
  • 那你就永遠會有奇遇、有奇情,甚至超出三界五行,不可思議、無可限量,奇人奇事,度劫度人!其對應的一個星運,可謂奇遇與奇情。
  • 早年我年輕,這些問題都問過章嘉大師,大師告訴我看破難,看破是智慧,看破沒有不放下的;不能放下,沒看破,對事實真相還是蒙在鼓裡頭,不了解。佛法裡頭一切造作,起心動
  • 凉拌蔬菜,建议吃多少做多少,剩的就需要扔,以免带来食品安全风险。凉拌蔬菜,建议吃多少做多少,剩的就需要扔,以免带来食品安全风险。
  • 图:视频孪生能力平台产品展示战略九字诀,扩大行业领先优势作为数字孪生头部企业和视频孪生技术领军企业,智汇云舟通过“打标杆、建标准、做渠道”的战略九字诀,为公司抢
  • 今天上午还把婆坟前种的花修整了一下,2月底我和弟弟一起撒的花种子,格桑花已经开了,虞美人的叶子也长起来了,不知道婆能不能感受到,我总是在幻想,婆能不能感受到我们
  • 本网站仅为会员提供化妆品试用渠道不对任何试用产品效果及质量提供保障。本网站仅为会员提供化妆品试用渠道不对任何试用产品效果及质量提供保障。
  • 之前我只体会到了爱别离和求不得,就感觉很难受,现在想来,生老病死才是更难以承受的吧,有一个健康的身体便已经算是不错了。”对于5525的视讯是怀抱着期待的,因为刻
  • 西安地推团队承接服务内容:1⃣️发单:各大展馆传单派发,商圈派发、彩页派发、小区投递2⃣️展会:车展婚展艺术展等等展会的礼仪、模特、协助、翻译、举牌、人偶3⃣️
  • 風紀上よくない申し送り 必要な情報を相手に伝えるための取り組み念頭(ねんとう)に置く 忘れないように常に心掛ける、考えている【大きめサイズ】着物ドレス◎華紫◎細
  • :今天那么多蓝v都发他,已经是全端发力,要是比赛开始我们有解说或者做客嘉宾机会,那还有很多内容生产。更新:视频耗子和头条耗子都发了,中国移动视频耗子也发了大家今
  • #一夜承明[超话]#承欢记∣完结纪念✍❤️“穷心未尽,色心不可起”“没有人会看你的硬骨气,只会看你的硬实力”“人生谁没有点挫折,但不要自我怀疑,要往前看”“爱在
  • 来源:济南日报#泉在济南过五一# 【假期首日泉城文旅火热开局 30家景区共接待游客51.62万人次,同比增长55.74%】“五一”假期第一天,全市文旅活动精彩纷
  • 所有喜欢文创和热爱生活的人都是我们犀牛市集的‘犀’友,让我们在沈阳感受市集文化的魅力。他说:“今年春节,我在网上看过犀牛市集的视频,老厂房里文创人在展示自己的创
  • 宁。゚  ゚・。・゚ ゚・。・゚  ゚・。・゚❀━━━━━♡ℒ ♥━━━━━❀ 刘宇宁, 愿你成为一个简单、清澈、温暖而有力量的人,像星星一样努力发光。❀━
  • 中午十一点起床 十二点出门 天气特别特别好开启苏州一日游观前街 吃了一碗隆江猪脚饭 感觉这条街 有全国各地的特色小吃 除了苏州的哈哈哈哈哈哈哈哈平江路 特别特别
  • “我没有看,但是上班时间听同事们议论过一些,怎么了?这件事情和你有关系吗?\"于一凡本就是一个不太在意外界事情的人,尤其是工作很忙的时候,他几乎是一