ལོ་སར་བཟང་།

གསེར་གྱི་ཟོམ་ཆུང་ནང་གི །
དུང་ཞེན་འོ་ཁའི་སྤྲིས་མ། །
ཁྱེད་ལ་བཤོས་སུ་བསྟབས་ཡོད། །
ཞལ་གྱིས་བཞེས་རོགས་གནོངས་དང་། །

རྟེན་ཁེབས་རྙིང་བའི་ཐོག་གི །
བྱིན་ཆགས་གཡང་གི་རུ་མ། །
ཁ་བཏགས་ཉིན་མོ་བདེ་ལེགས། །
ཁྱེད་ཀྱི་མགུལ་ལ་སྒྲོན་ཡོད་། །

ལྷ་རྫས་གསེར་སྐྱེམས་གཙང་མ། །
མཆོད་སྐྱོགས་ནང་ལ་ལྟེམ་ཡོད།
ཁྱིམ་གྱི་ཕུག་ལ་གཤམ་ཡོད། །
འགོ་བའི་ལྷ་ལ་ཕུལ་ཡོད། །

རྒན་པ་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག
གཞོན་པ་འདབ་ལག་རྒྱས་པའི་བཀྲ་ཤིས་ཤོག

སྐུ་ལ་གེགས་མེད་ཚེ་ཡི་བཀྲ་ཤིས་ཤོག
གསུང་ལ་འགག་མེད་དབྱངས་ཀྱི་བཀྲ་ཤིས་ཤོག

སེམས་ལ་གནོད་མེད་ཞི་བའི་བཀྲ་ཤིས་ཤོག
ལུས་ལ་ཟུག་མེད་བདེ་བའི་བཀྲ་ཤིས་ཤོག

ལོ་ཟླ་ཞོད་འཇགས་ཡོང་པའི་བཀྲ་ཤིས་ཤོག
གཞིས་བྱེས་ནང་མི་འཛོམས་པའི་བཀྲ་ཤིས་ཤོག

སྤྱི་ལོ་༢༠༢༤ལོ་བོད་ཤིང་ཕོ་འབྲུག་གི་ལོའི་ལོ་སར་ལ། བདག་དྲྭ་མིང་ལྷམ་མཐིལ་རྡོག་པས་ལོ་སར་གྱི་རྟེན་འབྲེལ་ཞུ། གནམ་ལོ་གསར་པའི་ནང་དུ་ཁྱིམ་ཚང་བདེ་ཞིང་སྐྱིད་པ། ཅི་བསམ་ལྷུན་གྱིས་གྲུབ་པ། བྱ་བ་ལམ་འགྲོ་ཡོང་བ། ལུས་སེམས་བདེ་སྐྱིད་ལྡན་པ། བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ། སྤུན་ཟླ་ཚོ། ལོ་སར་བཟང་། བཀྲ་ཤིས་བདེ་ལེགས།

༄༅། །གངས་རིའི་ལྷ་གཅིག་ཕྱག་ན་པདྨོ་དང་། །
འགྲོ་བའི་དོན་མཛད་སྣང་བ་མཐའ་ཡས་གཙོས། །
བརྒྱད་ལྡན་སྒྲུབ་བརྒྱུད་ཤིང་རྟ་ཆེ་རྣམས་ཀྱི། །
མཁས་གྲུབ་བྱེ་བའི་སྐུ་ཚེ་རབ་བརྟན་ཏེ། །
གངས་རིའི་སྨག་ཆེན་སླར་ཡང་འཇོམས་པར་ཤོག །

རྟེན་འབྲེལ།

སྤྲིན་དཀར་གཡང་དུ་འཁོར་བའི་དབུས་སུ་རྩེན། །

སིང་སིང་སྙན་པའི་སྒྲ་བརྒྱ་ཐེངས་གསུམ་སྒྲོགས། །
སྦྲང་ཆར་བསིལ་མ་འབེབས་པའི་རྟེན་འབྲེལ་ཅན། །

འབྲུག་ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུ




发布     👍 0 举报 写留言 🖊   
✋热门推荐
  • 吴京结婚时,段奕宏是当仁不让的“第一伴郎”用吴京的话说:“我得让我们家死鬼,亲眼看着我出嫁!”吴京和段奕宏是拍摄《西风烈》时认识的,多年来关系一直极好,吴京甚至
  • 总之,就是在你疲惫和无聊的时候想到这些,会觉得“幸好有它,生活原来也可以多姿多彩。但我想,这个世界上那么多的错过里,一定有一种是,或许你真的很爱我,但我感受不到
  • 在阿尔茨海默症患者的眼中,世界并不是常人所知的那样,《困在时间里的父亲》以第一视角让我们去感受他们发病时,身处的“时间失序、空间混乱”世界,当记忆被慢慢吞噬,认
  • 最简单的一元二次方程:几乘几等于9所谓“一元”就是只有一个数不知道。猜也是数学的一个方法,就是试差法。
  • 不知不觉也一个人走了一段路时常从过去的自己那里得到力量,也以此督促现在的自己持续地进步,为了以后的自己能在某个时刻从现阶段的“我”身上找到治愈自己的良方。 明明
  • 《方案》提出,力争到2022年底,每个服务区建设的充电基础设施或预留建设安装条件的车位不低于小型客车停车位的10%;到2023年底,全省具备条件的普通国省干线公
  • 龙婆通蜀2495一期必打Wat Sa pan Song是全泰闻名制作古法必达的寺庙,龙婆严(全泰製五大古法必达佛第一),龙婆通蜀(LP Thongsuk)、龙婆
  • 我给我妈说了做眼睛是小事情 有好朋友陪我 实际上我都不想告诉我妈这件事 因为我自己把钱也攒够了也不需要告诉我妈 但我以前给我妈说过什么事都不瞒着她 而且她肯定也
  • 射手座若是和白羊座在一起,那么,恭喜你们找对了生命中的另一半,你们的婚姻是非常完美和幸福的。稳定性三个字就像是绝缘体,看天气看角色看本我性格契合度看当天心态,但
  • 不同于唯识家将「 众生心 」当作杂染报体的阿赖耶识,此论认为此心统摄流转的世间法和还灭的出世间法,一切法皆以此心为体,依止心体而出现种种差别相,此即「 摩诃衍
  • #嘀咕平台[超话]##lolita出物[超话]# 挂人咸鱼id:tbNick_4oszo1、今年8.15在某鱼2098➕128买了一只粉粉中大兔熊,因为卖家催收
  • (抵用券不可购买当日折扣商品哦~)地址:湖塘万达14幢145号•陌上串串香到店消费可说是在微博上看见,立减5元 今日折扣商品 冒肥牛23元 冒鱼片23元到店撸
  • 每次被邀請做現場分享都好開心雖然由細到大都唔係幸運既人但正正因為呢個原因我知道自己既過去可以鼓勵到好多人被放棄唔代表要放棄所有好似理所當然既事情其實都要經過好多
  • 不过下午到没怎么觉得冷了,可能是我吃得多。不过虽然还有一段时间才回国,我却开始担心我的箱子们会不会超重[失望][失望]已经买了5件衣服,还有一套睡衣。
  • 对于别人的事都没有兴趣插手,也不喜欢去管别人,对他们所爱的人,也会以同样的方式对待 [喜]「不要麻烦」可能是大部份水瓶的座右铭。对于别人的事都没有兴趣插手,也不
  • 可是今天中午工作没有忙完,他视频发过来了,我还在改图纸.呜呜 .老板急着要带去西安,好像越心急什么事情越弄不好! #异地军恋# 最近很流行的一段话: “如果我用
  • 因为距离代表韩国队参赛未满3年,林孝埈无法代表中国队出战,他也错过了今年的北京冬奥会。中国短道速滑大名单出炉 9男8女入选 武大靖落选 林孝埈将迎首秀北京时间9
  • 无论是人物花鸟,还是飞禽走兽,每一件翡翠都包含了玉雕师的心血和美好祝愿。无论是人物花鸟,还是飞禽走兽,每一件翡翠都包含了玉雕师的心血和美好祝愿。
  • 4.1949年4月,与黄包车夫讨价还价的外国海员5.1949年4月,在Victoria Bar买醉的美国海员.6.1949年4月,战事逼近上海,酒吧生意清淡,白
  • 下巴在面向中可是代表了晚年的运气,线条起伏要流畅,唇部与下巴尖要有一个窝,才是有福又漂亮的面相,在亚洲很多人则认为拥有了这样形状的下巴就拥有着旺夫或者旺妻,是能