༄༅།།ཤིང་ཕོ་འབྲུག་གི་ཤིས་ཚིག་ཤེས་རབ་འོད་སྟོང་།།
ཇི་སྲིད་ཁམས་གསུམ་འཁོར་མཐའ་མ་ཟད་པ།།དེ་སྲིད་འགྲོ་ལ་བརྩེ་བའི་དམ་བཅའི་ཁུར།། སྙིང་སྟོབས་ཆེན་པོས་བཞེས་པའི་སེམས་དཔའ་ཆེ།། དྲིན་ཅན་བླ་མས་བཀྲ་ཤིས་དགེ་ལེགས་སྩོལ།། ​ཤིང་ཕོ་འབྲུག་གི་གནམ་ལོ་གསར་ཚེས་ཉིན།། ལྷག་བསམ་གཙང་མའི་ཤིས་ཚིག་ཐུང་ངུ་ཞིག།དམ་པས་བྱིན་གྱིས་བརླབས་པའི་རང་ཤག་ནས།།འཕྲལ་མར་བྲིས་ཏེ་རྟེན་འབྲེལ་ཚུལ་དུ་འབུལ།། ​འདས་པའི་ལོ་ཟླའི་འགལ་རྐྱེན་ཉེར་འཚེ་ཀུན།། མ་འོངས་ལེགས་བཅོས་གྲོགས་སུ་མ་གཏོགས་པར།། ཉམས་ཉེས་རེ་ཆད་རྒྱུ་རུ་མི་འགྲོ་བ།། མཆོག་གསུམ་ཐུགས་རྗེས་ཉིན་མཚན་མགོན་སྐྱབས་མཛོད།།​ཡིད་ཅན་ཀུན་གྱི་ཕན་བདེའི་གཞི་གཅིག་པུ།།ལྟ་སྤྱོད་གཙང་མའི་རིང་ལུགས་སྒྲོན་མེའི་འོད།། འཛིན་མའི་ཁྱོན་གྱི་གང་སར་ཁྱབ་གྱུར་ཏེ།། རྫོགས་ལྡན་དཔལ་ལ་རོལ་བའི་སྐལ་ལྡན་ཤོག། ཆོས་ཀུན་བདེན་པར་མེད་པའི་གཞི་ཡི་སྟེང་།།རྒྱུ་ལས་འབྲས་བུ་འབྱུང་བའི་རྣམ་གཞག་གཏམ།།ངོ་མཚར་ཅན་དེ་ཡིད་ལ་དྲན་ཐེངས་རེ།། སྲིད་པ་ཧྲུལ་པོར་བྱེད་པའི་རྒྱུར་གྱུར་ཅིག། ​མ་དག་སེམས་ཀྱི་སྟེང་དུ་འཆར་ཚུལ་ལ།། རང་དང་གཞན་ཞེས་རྒྱང་ཐག་ཡོད་པ་འདིས།། འཕྲལ་ཕུགས་མི་འདོད་རྒུད་པ་སྣ་ཚོགས་དྲངས།། གནད་དེ་སྐྱེ་བོ་ཀུན་གྱི་མཐོང་བར་ཤོག།​བསིལ་ལྗོངས་གངས་རིའི་འདབས་ཀྱི་སྐྱེ་བོ་ཀུན།། རྨོངས་དད་མ་དད་ལོག་དད་ལམ་ངན་ལས།། མྱུར་བར་གྲོལ་ཏེ་ཤེས་རབ་འོད་སྟོང་གི།བྱིན་བརླབས་ཕོག་པའི་མཚན་མས་མཛེས་གྱུར་ཅིག།​ལྷག་པར་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་།། ཡ་རབས་གུས་ལུགས་བག་ཡོད་ཚུལ་མཐུན་སོགས།། སྤྱོད་བཟང་དོན་གྱི་རྒྱན་ཆར་དང་དོད་ཀྱིས།།རིགས་འདིའི་མཚན་སྙན་གོང་ནས་གོང་འཕེལ་ཤོག། ​མཐའ་དོན་རྒན་གཞོན་སྐྱེ་བོ་མཆིས་སུ་ཅོག། ལོ་འདིར་སྐུ་གཟུགས་སྔར་བས་གསལ་ཐང་དང་།། ཐུགས་སེམས་བག་ཕེབས་འདུན་མ་ཆོས་བཞིན་དུ།།འགྲུབ་པའི་སྨོན་ལམ་བཀྲས་ལྷུན་དགོན་ནས་འདེབས།། ​
ཞེས་པ་འདི་ཡང་ཤིང་ཕོ་འབྲུག་གི་གནམ་ལོ་གསར་ཚེས་ལ་དམ་པ་དུ་མས་བྱིན་གྱིས་བརླབས་པའི་རང་ཤག་ནས་ཞྭ་གྲ་ཟླ་འོད་པས་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཚུལ་དུ་སྦྱར་བ་དགེ། ༎​​

新年快乐

༄༅།།མི་ལོ་བཅོ་ལྔའི་གོང་གི་དེ་རིང་སྟེ་ཆོ་འཕྲུལ་དུས་ཆེན་གྱི་ཚེས་དྲུག་གི་ཉིན་རྒྱལ་སྲས་སེམས་དཔའ་ཆེན་པོ་ཞི་བ་ལྷ་དངོས་སུ་གྲགས་པའི་འདུལ་བ་འཛིན་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་རིན་པོ་ཆེ་རྗེ་བཙུན་ཤེས་རབ་ཆོས་དར་དཔལ་བཟང་པོ་མཆོག་དགོངས་པ་ཞི་བའི་དབྱིངས་སུ་གཤེགས། དུས་དེ་ནས་བཟུང་སྤྱིར་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་དང་ཡང་སྒོས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དགོངས་བཅུད་སྙིང་པོ་ཐོས་དོན་ཁ་ཞེ་གཉིས་སུ་མེད་པར་ཉམས་སུ་བཞེས་མཁན་གྱི་སྐྱེས་བུ་གསེར་རི་ལྟ་བུ་ཞིག དམ་པའི་ཆོས་འདུལ་བའི་ཀུན་སྤྱོད་ཀྱི་ལྟད་མོ་ངོ་མཚར་ཅན་སྟོན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་ཀུན་ཚང་ཞིག མཐོང་ཐོས་དྲན་རེག་དོན་ལྡན་དུ་མཛད་པའི་ཇོ་བོ་བཀའ་གདམས་པ་ཞིག་ང་ཚོ་དང་ཞལ་གྱེས།།
今天是神变月初六,也是大乘善知识堪钦·希热确塔仁波切圆寂15周年纪念日。 https://t.cn/z8AozAv

༄༅།། ཛམ་ལྷའི་དུས་ཆེན། 初五迎财神

བྱང་ཕྱོགས་སྐྱོང་བའི་རྒྱལ་བོ་རྣམ་ཐོས་སྲས།།
ནོར་གྱི་བདག་པོ་ཨརྱ་ཛམྦྷ་ལ།།
དབུལ་བ་སེལ་བྱེད་ལྷ་མོ་ནོར་རྒྱུན་མ།།
ནོར་ལྷ་གཏེར་བདག་རྣམས་ཀྱི་ཕྱྭ་གཡང་རྩོལ། །
护持北方胜主多闻子
一切财宝总主赞吧拉
尽除困厄财源天女尊
财神宝藏怙主愿吉祥


发布     👍 0 举报 写留言 🖊   
✋热门推荐
  • 到官帽山下—赏星星,到刘家嶂古村—忆故人,到神树沟—祈福,感受苍儿会森林漂流,品东岩寺的艺术之美,到国际标准高尔夫球场打一场球,品味当地野味,吃农家饭,睡农家炕
  • ”王源回答:“喜欢上学,上学我自由”王源有些替单依纯担心:“但你上学上不了吧,你们学校的人都认识你,谁都认识你,对吧?接着,王源就有些替单依纯担心了:但你上学上
  • 比肩劫财是克代表配偶正财之物,比肩劫财多了,说明这个男人遇事不会过脑子,容易冲动“休妻”或者其身边也有很多朋友觊觎其妻,不利于婚姻的稳定。比肩劫财是克代表配偶正
  • 5月以来,指挥部“一办七组”按照既定工作目标稳步推进各项工作,逐步形成“主动性更强、督查督办更实、工作成效更好、运转更规范”的工作态势,14个百亿项目督查工作密
  • 我说怎么花朵那么日式,查找了一下原来真的是日本的,十三代酒井田柿右卫门 所谓的赤绘瓷,不就是五彩瓷,和万历赤绘风格不一样,真的好明清风呀乍一看我还以为康熙的,到
  • 所以,不再迷恋远方的星辰大海,开始领悟柴米油盐的快乐;不再想要天上的月亮,开始珍惜尘世的幸福。所以,不再迷恋远方的星辰大海,开始领悟柴米油盐的快乐;不再想要天上
  • ”奶奶还是笑着看我我知道她是永远都爱着我不会责怪我的人不管发生了什么不管我做错了什么最后她都会摸着我的头安慰我我知道就是全世界都遗弃了我还有她  可是……现在呢
  • )这是我对的下联供参考:孔传经 胡从经 经经 经世奇才①孔传经:孔子嫡系后人,《子不语》中有赞其才高的传说。还有该老人另一上联试对:青青岛 静静海 舟山鼓浪;平
  • )4⃣️又一起去拍大頭貼了喔!」真的,那時候阿俊看我的眼神,我第一反應就是小春哥看采兒的眼神[泪][泪]我當時就覺得好幸福啊!
  • #光遇陪玩[超话]#本人越,男,散陪自荐,身高183的搞笑男,之前在sung里面算是顶尖琴师(去年一个抖音博主森阳后期也算是一个大团,因为内部原因解散了,也不想
  • 但是埃克霍特使这些动物比实际情况更令人兴奋——乌龟实际上没有牙齿。 但是埃克霍特使这些动物看上去比实际情况更令人激动——陆龟实际上没有牙齿。
  • 那段日子我很难过因为我每天都要干活每天都要起早我还要烧饭洗菜 我做事有点墨迹 我还要摸鱼玩手机 但是既然去了就要遵守规则就当是给自己的一种自律有一天我去皇庄
  • 年龄大了,知道什么是享受生活,毕竟我是失去声音的人,失去声音,换来一片光明和希望。没目标的人睡不醒,努力才是人生的应有态度,睁开眼就是新的开始。
  • 1.肺癌筛查:千万记住用CT[话筒]X光片检测肺癌,由于其分辨率低,因此检出率比较低,如果胸部X光片检查诊断是肺癌,临床常常就已经到晚期了。8.肝癌筛查:千万记
  • [摊手][摊手]而且因为我们这边大流量粉号召这个活动的不多,可能是上面没有指引,有他们的方针想法吧。#携程盲盒真香预警##携程盲盒#[doge][doge]发现
  • 能为迷悟所依,不为迷悟所转(如水随寒气之缘,则结为冰,随暖气之缘,复溶为水,即未溶时,何尝非水,冰水虽是异名,其湿性原是一体,虽有迷悟之殊,真心总是不变)。 可
  • (私心比较喜欢那首甜甜的,dance什么来着没记住歌名,我只看了一遍,这一场小尤像那个婚礼驻唱[允悲]热心市民尤长靖)总之就是!太牛逼了以前专辑里就很喜欢小荒诞
  • 1+1=2,一棵树+一棵树=一片树林绿色是地球的本色保护树木,就是保护自己芬芳来自鲜花,美丽需要您的呵护绿色--生命之源踏破青毡可惜,多行数步何妨红花绿草满园栽
  • 219年,刘备从曹操手中夺取汉中,封魏延为镇远将军,镇守汉中。安排好汉中事宜,刘备设宴犒赏诸位将领,准备返回成都。席间,刘备问魏延:“文长,你现在已是汉中主帅,
  • #海底诗茶社# 征途-他的路[鲜花][鲜花][鲜花][鲜花]我曾读到一篇写给母亲的文字字里行间是俏皮的过往记录了一对母子可爱的日常那日我正走在春日阳光下的路上看