གསོལ་བ་དྲག་ཏུ་མ་བཏབ་ན། །
རྗེས་འཇུག་གང་ཟག་ཞན་པ་ཡིན། །
བྱིན་རླབས་གློག་ལྟར་མ་མྱུར་ན། །
པདྨས་བོད་འབངས་བསླུས་པ་ཡིན། །   

སློབ་དཔོན་རིན་པོ་ཆེའི་ཞལ་ནས།

༄༅། །ཚིག་བདུན་གསོལ་འདེབས །
ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས །
པདྨ་གེ་སར་སྡོང་པོ་ལ་ །
ཡ་མཚན་མཆོག་གི་དངོས་གྲུབ་བརྙེས །
པདྨ་འབྱུང་གནས་ཞེས་སུ་གྲགས །
འཁོར་དུ་མཁའ་འགྲོ་མང་པོས་བསྐོར །
ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི །
བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ །
གུ་རུ་པདྨ་སི་དྡྷི་ཧཱུྃ །

金刚七句祈请文
吽 邬金刹土西北隅

莲花花茎莲胚上

稀有殊胜成就者

世称名号莲花生

空行眷属众围绕

我随汝尊而修持

祈请降临赐加持

咕汝 贝玛 悉地 吽

The Seven-Line Supplication
HUNG On the Northwest border of the country of Uddiyana,on the another's of a lotus flower,you attained the marvelous supreme siddhi,renowned as the Lotus Born.
Surrounded by a retinue of many dakinis,following you,I will reach accomplishment.Please come and bestow your blessings.
GURU PADMA SIDDHI HUNG

​༄༅།།དཔལ་རྒྱལ་དབང་འབྲུག་ཆེན་བཅུ་གཉིས་པ་འཇིགས་མེད་མི་འགྱུར་དབང་གི་རྡོ་རྗེའི་ཞབས་བརྟན་འཆི་མེད་རྔ་སྒྲའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།།ཨོཾ་སྭ་སྟི། 

༡ལྷག་པའི་ལྷ་མཆོག་བཅོམ་ལྡན་འཁོར་ལོ་སྡོམ། །
ཕྲིན་ལས་དབང་བསྒྱུར་རྗེ་བཙུན་ཏཱ་རེ་མ། །
སྙིང་རྗེའི་གཏེར་མཛོད་འཕགས་མཆོག་མིག་མི་འཛུམ། །
གསོལ་བ་འདེབས་སོ་སྨོན་པའི་མཐུན་གྱུར་མཛོད། །

༢ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཙང་པ་རྒྱ། །
རྒྱལ་བའི་རྒྱལ་ཚབ་སངས་རྒྱས་དབོན་ཆེན་རས། །
གྲུབ་པའི་ཁྱུ་མཆོག་རྒྱལ་བ་ལོ་རྒོད་གཉིས། །
གསོལ་བ་འདེབས་སོ་སྨོན་པའི་མཐུན་གྱུར་མཛོད། །

༣སེང་གེའི་མཚན་དགུ་རིགས་གསུམ་རྣམ་འཕྲུལ་དང་། །
ཀུན་དགའ་དཔལ་འབྱོར་ངག་དབང་ཆོས་ཀྱི་རྒྱལ། །
ལྔ་རིག་དགེ་སྦྱོང་ཀུན་མཁྱེན་པདྨ་དཀར། །
གསོལ་བ་འདེབས་སོ་སྨོན་པའི་མཐུན་གྱུར་མཛོད། །

༤དཔལ་ལྡན་དབྱར་ལྔའི་ཕྲེང་བ་བཅུ་གཉིས་པ། །
འཇིགས་མེད་མི་འགྱུར་དབང་གི་རྡོ་རྗེ་ཡི། །
ཞབས་པད་སྲིད་མཐའི་བར་དུ་རབ་བརྟན་ནས། །
སངས་རྒྱས་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །

༥སྐུ་ལ་སྙུན་མེད་ཚེ་ལྷའི་ངོ་བོར་བརྟན། །
གསུང་གིས་བླ་མེད་ཐེག་པའི་ཆོས་སྒྲ་སྒྲོག །
ཐུགས་མཆོག་འོད་གསལ་ངང་ལས་མ་གཡོས་པར། །
འཇིགས་མེད་པདྨ་དབང་ཆེན་ཞབས་བརྟན་ཤོག །

༦མི་ཤིགས་སེང་ཆེན་བརྒྱད་ཀྱིས་བཏེགས་པའི་ཁྲིར། །
དགྱེས་འཛུམ་ཞལ་གྱི་དཀྱིལ་འཁོར་ངོམ་བཞིན་དུ། །
གཞན་སྣང་དབང་བསྒྱུར་ནུས་པའི་གསུང་རྩལ་བཅས། །
མི་འགྱུར་དབང་གི་རྡོ་རྗེ་ཞབས་བརྟན་ཤོག །

༧དོན་བརྒྱུད་བསྟན་ལ་ལྷག་བསམ་ལྷོད་མ་མྱོང་། །
བལྟོས་བཅས་སློབ་མར་ཐུགས་བརྩེ་ལྷོད་མ་མྱོང་། །
བསྟོད་སྨད་ཚིག་ལ་རོ་སྙོམས་ལྷོད་མ་མྱོང་། །
འཇིགས་མེད་པདྨ་དབང་ཆེན་ཞབས་བརྟན་ཤོག །

༨མཚར་སྡུག་མིག་གི་དཔྱིད་དུ་ལྷུན་རྫོགས་པའི། །
ཚེ་སྦྱིན་ལྷ་ཡི་མཛེས་མ་གྲུབ་པའི་རྒྱལ། །
དེང་འདིར་ཐུགས་དམ་དབྱིངས་ནས་ཉེར་བསྐུལ་ན། །
མི་འགྱུར་དབང་གི་རྡོ་རྗེ་ཞབས་བརྟན་ཤོག །

༩སྐྱེ་བ་འདི་ནས་ཚེ་རབས་ཐབས་ཅད་དུ། །
མར་མི་དྭགས་པོའི་བསྟན་པ་མ་ཉམས་པར། །
ཚུལ་བཞིན་འཛིན་པའི་རྒྱལ་པོ་དབྱར་རྔ་པའི། །
རྣམ་དག་ལམ་ལས་ལྡོག་པར་མ་གྱུར་ཅིག །

ཅེས་པའི་འདི་ནི་རང་གི་སློབ་བུ་འགས་བསྐུལ་ངོར་༧ བཀའ་དྲིན་རྒྱ་མཚོའི་མངའ་བདག་རྒྱལ་དབང་འབྲུག་ཆེན་བཅུ་གཉིས་པ་ཆེན་པོ་མཆོག་གི་ཞབས་པད་ཡུན་དུ་བརྟན་ཕྱིར་ཤཱཀྱའི་དགེ་སྦྱོང་རྡོ་རྗེ་འཛིན་པ་ཕྱག་ཆེན་ཀློང་ཡངས་རབ་འབྱམས་སམ་ངག་དབང་དབྱངས་ཅན་གཙུག་ལག་རྒྱ་མཚོ་ལུང་རིགས་སྨྲ་བའི་ཉི་མས་ཤར་མར་སྦྱར་བའོ། །ཤིན་ཏུ་བཀྲ་ཤིས།། །།


发布     👍 0 举报 写留言 🖊   
✋热门推荐
  • #Nanaの定位#:✍️:酒管:UQ(GC+Master) 、 MONASH、 GriffithMKT: MONASH UWA Adelaide社科:MONAS
  • 我:那我问你几个问题,公仆的收入怎么来的?我:那我问你几个问题,公仆的收入怎么来的?
  • #梁精寅[超话]# #夜莺主唱梁精寅# 【221020】Stray Kids官推更新精寅相关 [SKZ-BEHIND] 하다 보니 조금 멀리 가 버린
  • #时事新闻#【成都首次出土道教镇墓券】从成都文物考古研究院获悉,在该院去年6月开始的成彭高速公路(成绵复线段)扩容改造工程、沙西线彭州支线建设工程、成什绵复线至
  • 【宝马携4款新车以及BMW iFACTORY参展】在第五届中国国际进口博览会上,宝马以纯电产品阵容亮相,包括:创新BMW iX、创新BMW i4以及BMW全球首
  • 你都不知道内容,打110坐着警车逃走了!你都不知道内容,打110坐着警车逃走了!
  • 比如,每次看到阿母与堂姊亲密,听到阿母夸奖堂姊时,少商失落的眼神都尽显心中的委屈与失望,但她都强忍住了,固执地隐藏起内心的情绪,转过身去还是那个鲜活肆意的小女娘
  • 郑州拟组建140家工程技术研究中心和45家重点实验室名单显示,郑州拟组建的140家工程技术研究中心,涉及高新领域111家、社发领域21家、农村领域8家。附202
  • 喜欢的十一月又到啦[微风][心]很遗憾今年不能陪心渝过生日今年已经8岁啦 是个二年级上册的小朋友[兔子]越来越漂亮 越来越有自己的想法开心的是心渝已经到了开始有
  • 说能说的话,做可做的事,走该走的路,见想见的人。如果说疫情刚出现时,有关的法律法规还不健全的话,那么三年过去了,动不动就随意封控静默,宁过勿欠,公权力对个人权利
  • 鸫以此为契机,能够看见被称为“灵韵”的、稀有之物所散发出的寄居者的情感,此时,“帝国图书情报资产管理局”(通称“鸱鸺”)的人出现在困惑的鸫面前。鸫虽然犹豫,却
  • #每日一善[超话]##每日一善##阳光信用#富强、民主、文明、和谐是国家层面的价值要求,自由、平等、公正、法治是社会层面的价值要求,爱国、敬业、诚信、友善是公民
  •   所以永嘉禅师讲“ 行亦禅,坐亦禅,语默动静体安然 ”这是一行三昧的境界,而不是我们现在走路的时候知道脚抬起、放下,这是我们因地用功,不能跟祖师禅相提并论。所
  • ③截至2017年5月,我国公共充电桩建设运营数量超过16.1万个,充...全文: ​“有人说,“只要看地图,就知天下事”。更多→#朝闻速递#【早知天下事[话筒
  •   文 博  出土睡虎地秦简等36件一级文物,是考古工作者常去的“文物大县”  退休后的陈抗生依然放不下云梦。不久后,从北京赶来的文物专家辨认出:战国七雄到秦国
  • 本周最重要是放松心情,这样才能最快找到感兴趣的人与事,职场上太需要新想法了,这样才能避免总花大力气得不到结果。本周最重要是放松心情,这样才能最快找到感兴趣的人与
  • 最重要的是…S7,我还在游戏里捡了个对象,两个人不知不觉一起走过了两年。拉猫和老鼠里玩的最好的几个朋友无意间四排,从此以后发展为6人小群,朋友和朋友也成为了朋友
  • 不埋怨谁,不嘲笑谁,也不羡慕谁,阳光下灿烂,风雨中奔跑,做自己的梦,走自己的路。把懒惰放一边,把丧气的话收一收,把积极性提一提,把矫情的心放一放,所有想要的,都
  • 长期招聘联系热线:☎☎ 15986956099我一起并肩作战,一起成长,一起赚钱[勾引] 热烈祝贺《宴遇》与我公司《凯旋健身沙宾精品会所》携手合作“女王绽放”
  • #算命# #算命看相面相禅师手相命理法师流年大师运势##手相看相面相财运算命姻缘命理八字合婚感情#这姑娘的手相大体可归为川字掌,性格独立,思想成熟,利于事业但不