࿐ ཁྱོད་ཚོའི་ཁྲོད་དུ་དེབ་འདི་རྒྱུས་ཡོད་མེད་ཅི་རིགས་ཡོད་ངེས་མོད་དོན་དངོས་སུ་འདི་ནི་བེ་རི་སྒོར་དར་རམ། བེ་རི་བསོད་ནམས་དབང་ཕྱུགས་ཞེེས་པ་ཁམས་པ་ཕྱི་སྡོད་རབ་བྱུང་པ་ཞིག་གིས་བརྩམས་པའི་ཕྱི་ནང་གི་ལྟ་གྲུབ་ཀྱི་ངོས་ནས་ཐག་བཅད་པའི་སྣོད་བཅུད་ཀྱི་འབྲེལ་བའམ་དངོས་དོན་གྱི་རང་བཞིན་དང་། དངོས་ཁམས་རིག་པ་དང་། འཕེལ་འགྱུར་རིགས་པའི་དཔྱད་འབྲས་དག་གི་འགལ་འབྲེལ་ལམ། རྙེད་དོན་མཚུངས་བསྡུར་སོགས་བརྗོད་དོན་མང་པོ་ལས་བརྩམས་པའི་དཔྱད་རྩོམ་ལྷུག་པའི་རྩོམ་ལུས་སུ་གྲུབ་པ་ཞིག་རེད། དེབ་འདིར་བོད་ཀྱི་ཆོས་བརྒྱུད་བཞི་བོན་དང་བཅས་པའི་བདག་མེད་པའི་དོན། སྟོང་རྟེན་འབྱུང་གི་རྣམ་བཞག་སོགས་ལྟ་གྲུབ་ཀྱི་གལ་གནད་མང་དུ་གླེང་ཡོད་ལ། གནད་དེས་ཁོང་ཉིད་དེང་དུས་ཀྱི་ཐོས་རྒྱ་ཁབ་མིག་ལས་དོག་ཀྱང་ང་རྒྱལ་རི་རབ་ལས་མཐོ་ཞིང་། ཕྲག་དོག་དུས་མེ་ལས་ཚ་བའི་གཡོན་ལྷུང་པ་དག་དང་མི་འདྲ་བར་བོད་ཀྱི་གྲུབ་མཐའ་དག་ལ་རིས་མེད་པར་རྒྱུས་གང་འཚམ་ཡོད་ཅིང་། གཟུ་བོའི་བློས་ཅི་ཞིག་ཐོད་ལ་བོར་བའི་དམ་བཅའ་གཙང་མས་གཞི་རྩའི་ཆ་ནས་རང་ལ་ཐོབ་འོས་གང་མང་མཆི་མའི་ཐལ་བ་བཞིན་བོར་བའི་གཏོང་ཕོད་དང་། དེབ་ཆུང་འདིས་རྐྱེན་པས་མདུན་དུ་ལྷག་ངེས་ཀྱི་གནད་དོན་མང་པོ་ལ་གདོང་བཏུག་པའི་སྙིང་སྟོབས་མཚོན་པར་བྱས་ཡོད། ང་རང་ནི་དེབ་འདིའི་བརྗོད་དོན་ཀུན་ཁས་ལེན་ཐུབ་མིན་ལ་མ་ལྟོས་པར། བརྗོད་དོན་གྱི་བབ་དང་། ཁ་ཕྱོགས་སྟངས། དབྱེ་ཞིབ་དང་གཤིབ་བསྡུར་སོགས་རྩོམ་པ་པོའི་བློ་ནུས་དང་འཚམ་པར་གྲལ་འགྲིག་ཅིང་ཡུལ་དུས་ཀྱི་སྤྱི་ཚོགས་དང་འཚམ་པ།

དྲང་མོར་བྱས་ཡོད་པའི་ཚོར་སྣང་བྱུང་ཞིང་། ལྷག་དོན་ཚིག་གི་རྩལ་དང་། རྩོམ་པ་པོའི་དང་པོའི་ཀུན་སློང་། སློབ་གནས་ཀྱི་བློས་བཏང་། རང་མོས་ཀྱི་རིག་གཞུང་ཡུལ་སྐོར། མ་འོངས་པར་གདོང་ཕྱོགས་སྟངས་ཀྱི་བསམ་གཞིག་དང་སྙིང་སྟོབས་སོགས་ལ་བལྟས་པས་ཡིད་འཕྲོག་ཅིང་ཁོ་བོའི་བསམ་གཞིགས་ཀྱི་སྒྲོམ་གཞི་མང་པོ་ལ་བསྐྱར་ཞིབ་དང་སོམས་ཉི་ཐེངས་མང་བྱེད་དགོས་བྱུང་། མཚམས་འདིར་ཁོང་གི་སྔོན་གླེང་གི་ཚིག་དུམ་ཞིག་དྲང་ཏེ་མཇུག་བསྡུ་རྒྱུ་ཡིན། དེབ་འདི་ནི། འབྱུང་འགྱུར་གྱི་སྒྲོམ་གཞི་ཆེན་པོ་གཅིག་གི་ཀློང་ན། སྐྱེ་དགུ་རྣམས་ཀྱི་འདོད་དོན་སྐོང་ཐབས་ཡོངས་སུ་ཚང་ཞིང་། ང་དང་ཁྱོད་མེད་པའི་ལྟ་གྲུབ་ཀྱི་མ་ལག་ཞིག་དུས་རབས་འདིར་གཤོམ་ཐུབ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དང་པོ་དེ་ཡིན་ལ། འདི་ནི་སྐས་ཐེམ་ཉི་ཤུ་རྩིས་པའི་དང་པོ་དང་། ལེ་དབར་སྟོང་ཕྲག་གི་ཕ་རོལ་ཏུ་རྒྱུ་དགོས་ན། མགོ་འཛུགས་པ་ཙམ་ཡིན། རྙོག་འཛིང་ཆེ་ཞིང་དཀའ་གནད་ཀྱི་ས་མཚམས་ཇི་སྙེད་གཅིག་མཆིས་ཀྱང་གདོང་ལེན་དང་ཁོག་རྒྱ་བསྐྱེད་དགོས་པ་ནི། རང་བྱུང་གིས་གནང་བའི་བཀའ་སློབ་ངོ་མ་དེ་ཡིན་པས། ཅི་སྟེ་བདག་གི་ཚེ་ལ་བར་ཆད་སོགས་བྱུང་ནའང་། རང་དང་འདུ་ཤེས་མཚུངས་པའི་མི་བུ་ཚོས་མཇུག་སྐྱོང་དགོས་ངེས་ཡིན། ཞེས་སོ།།
ཞེས་གོ་བྲག་པདྨ་བསམ་འགྲུབ་ནས་དཔལ་གསེར་ལྗོངས་བླ་མ་རུང་དུ་ཉེར་གསུམ་ལོའི་བོད་ཟླ་མདུན་པའི་ཚེས་བདུན་ཉིན་ཤར་མར་བྲིས་པའོ།།

࿐སྐྱེས་པ་ཁེར་རྐྱང་དང་ཤི་བ་ཁེར་རྐྱང་ཡིན་ཕྱིར། འཚོ་བ་ལ་དེ་བས་ཁེར་རྐྱང་ཡིན་པ་སྨྲ་ཅི་ལ་དགོས། འོན་ཏང་སྒེར་སེམས་ཤིག་གིས་བུ་གཙའ་བཙལ་དགོས་པའི་བཙན་གཏམ་ཞིག་ཇི་ལྟར་རྒོལ་དགོས་སམ།

࿐འདིར་བཞུགས་ཀྱི་ཡུལ་མི་སྤུན་ཟླ་རྣམ་པ་ལགས་ང་ཚོ་ནི་ལྷ་སྒང་ནས་འོང་བས་རྩེད་རྒོད་རུ་ཁག་ཡིན་ཁྱེད་རྣམ་འདིར་ལག་རྩེད་སྤོ་ལ་བལྟས་མོ་ལྟ་ས་ལ་ཕེབས་ཐུབ་པ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་རྒྱུ་མཚན་ནི་ལུས་རྩལ་ནི་འཛམ་གླིང་ལ་ཆེས་མཆོག་དུ་གྱུར་པའི་འཕྲོད་རྟེན་ཡིན་པ་མ་ཚད་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོ་སོགས་ནི་འཛམ་གླིང་ཞི་བདེ་འོང་བའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན་པ་ནི་འཛམ་གླིང་མཁས་དབང་རྣམས་ཀྱི་གསུང་གཅིག་དང་དབྱངས་གཅིག་ཡིན་པ་ལ་ཐེ་ཚོམ་མི་དགོས་པ་མཁྱེན་གསལ་ལྟར་རེད། དེས་ན་ངེད་ཚོད་ཀྱང་དེ་རིང་རུ་ཁག་འདི་རུ་བཞུགས་ཐུབ་པ་ནི་སྔོན་བསགས་ཀྱི་བསོད་ནམས་དང་ཡུལ་ཕྱོགས་འདི་ཡི་མཐུན་ལམ་དང་དབུས་ཁྲིད་རྣམ་དང་དཔང་པོ་རྣམས་ཀྱི་ཕྱག་ལས་ཡང་དག་པ་ཞིག་འོག་ང་ཚོ་དེ་རིང་གི་རྩེད་མོ་ཡོངས་སུ་མཇུག་ལེགས་པར་གྲུབ་སོང་དེས་ན་ང་ཚོད་རྩེད་རྒོད་རུ་ཁག་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཚང་མ་ལ་བཀྲ་ཤིས་བདེ་ལེགས། ལོ་སར་བཟང་། https://t.cn/A6O9spTr


发布     👍 0 举报 写留言 🖊   
✋热门推荐
  • 山脚下筑巢引蜂,深山里放养香猪,岩洞中砌池养鲵,黄江河畔营民宿……蔡青松一天要跑好几个地方:一大早察看自己的藏香猪、大鲵生长情况,临近中午去村里帮创业村民解决民
  • 鸡肉像糖醋味的 还有点像热狗哈哈哈 不过是好吃的蛤蜊肉小白菜 清爽的 蛤蜊肉好少哈哈哈禅茶豆腐还是好吃 送了小番茄还有小布丁 没吃到和咪三想吃的砂锅荔浦芋头 下
  • ”唯一好像支持过的画画,理由也是会用得到,画个手抄报黑板报啊,将来进单位可能有点用[可爱]其实她自己就没有任何爱好,刷电视剧除外(也没有看进去,那是消遣,一个月
  • 一定会 是的吧✔️当五个人到场七个人签名的时候,吻文喊|丁哥 张哥的时候,ending全员比心的时候,��没有人比时团更爱时团,一家七口yyds[泪]两个哥哥也
  • 09 / 人生就像健身,会有很多痛苦和压力,但是你勇敢面对,这些都会给你带来承重和进步!不管什么烦恼看起来都是那么的无关紧要了,很感谢,有些事情我们都明白,无论
  • 有人说:“当爱你的人弃你而去时,任凭你喊破喉咙也无济于事,因为生活本来聚散无常;当背后有人流长飞短时,任你巧舌如簧亦百口莫辩,因为世道本来就是起伏跌宕。有人说:
  • 現在繁體中文社交媒體也是每天充斥各種不知所謂的言論,恐嚇,辱駡,嘲笑,非常負能量。我只知,即使面對黑暴,同幾波疫情,佢都冇中途離場,離開容易,留低先係最難若然真
  • 集并运输组织需要各国铁路的密切配合,参与集并运输的班列自始发站发车后,发运国铁路应在规定的时间内通报班列车次、集装箱箱型、发车时间、到达口岸时间等所需预报信息,
  • 一公两人不在一个组一公5.23 结束后二公分到一组二公6.8 结束后三公分组不在一组在小雨微博求粉是6.18 很快小雨回关p16.19芒果招商会 和小雨都有参
  • 集研发、制造、销售一体的 河北天津自流平水泥沙浆企业, 河北天津自流平水泥沙浆广销全国一百余个城市;并已通过ISO9001,2008 河北天津自流平水泥沙浆国际
  • 固原过去是国家重点脱贫地区,未来更是乡村全面振兴的主战场,我们将紧扣自治区党代会提出的“三区建设”“四新任务”“五大战略”等新思路,坚持以先行区建设为牵引,持之
  • 春暖花开之时就是你到来之日(先准备一堆小零食夹道欢迎)[doge]【招聘岗位】1.初级游戏原画师,薪资(4-8K)2.资深游戏原画师,薪资(8-20K)3.场景
  • 马蹄寺石窟群-金塔寺飞天 图源/马蹄寺景区而为了丝路的畅通与繁荣,历代王朝构筑了帝国西部重要的疆土屏障,古城、馆驿、长城、烽燧……见证了各方势力荣辱兴衰。踞于酒
  • 11.乐观的白羊座在难过的时候却出奇的安静,自.己疗伤,自己恢复,自己在自己的世界里试图遗忘悲伤,受伤的白羊总是会做出一些看似正常实则不同于以往的事情。总结以下
  • 是手艺人就去传承和坚守,有能力有资源就去做市场和推广,总之不能做一个冷漠的旁观者。能做事的做事,能发声的发声,有一分热,发一分光,就令萤火一般,也可以在黑暗里发
  • 水仙是我国的一种名花,春寒吐蕊,芬香袭人,高洁如仙,有‘凌波仙子’之美称,把‘凤凰’和‘水仙’这两个美名融为一体,安在茶树品种上,可见这个品种是多么名贵,寓意也
  • 这都是啥逻辑和价值观唉,还得挂自强不息的名头加油吧,自强不息的女人~这个李一舟应该是抖音知识付费变现的天花板了,主要靠直播卖他自己录的课程,课程内容也不复杂,商
  • 最近我发现当我主动对他笑的时候 他看我的眼神总是透露着温柔就像冬日的暖阳 和煦的春风 再没有以前恶性循环的低气压 所以我变得越来越爱笑 慢慢的我就发现 我
  • 我的眼中 | 她的进入是冥冥中的安排,将很多的首次体验,转化为扶起我的光与爱。第二天早上我准确指认出她来自巨蟹座,因为这位柔美年少的富二代,在我这里所引领承担的
  • 姨妈第二天血崩ing哥哥说我不是小猫咪、说我其实是小狗[单身狗]说是只有小狗才粘人、小猫咪给个毛线团就可以自己玩[单身狗]后来不知道怎么讲到了、最开始我喊哥哥、