ཕྱི་དྲན་ཁྲོད་ཀྱི་ལྷ་ས།

ལྷ་སར་ཐེངས་གཅིག་སོང་བཞག །
ཇོ་ཞལ་ལན་གསུམ་མཇལ་ཡོད། །
དད་པའི་མུ་ཏིག་ཕྲ་མོ། །
སེམས་ཀྱི་ནམ་མཁར་གཏོར་ཡོད། །

ནོར་བུ་གླིང་གར་སླེབས་དུས། །
དག་པ་ཚེ་རིང་དྲན་བྱུང་། །
དྲན་པ་ཆུ་མོའི་ངོགས་སུ། །
མིག་ཆུའི་མེ་ཏོག་བཞད་སོང་། །

ཕྲོ་བྲང་ཕྱི་རྫིག་ནང་སྟོང་། །
མདུན་ནས་ནན་གྱིས་བལྟས་པས། །
རང་ཚུགས་ཕྲག་ཞེང་ཆེ་བའི། །
མེས་པོའི་བློ་སྤོབས་དྲན་བྱུང་། །

རྒྱལ་བ་ཚངས་དབྱངས་རྒྱ་མཚོས། །
དང་བཟང་མིང་བྱང་བསྣབས་ཏེ། །
རྫོང་རྒྱབ་ཀླུ་ཁང་ནང་ནས། །
ཐེངས་གཅིག་འཕྲད་ན་བསམས་བྱུང་། །

དགའ་ལྡན་རི་བོའི་རྩེ་ཡི། །
ཙོང་ཁའི་གཟིམས་ཤག་ཆུ་ངུར། །
ཤང་བཟའ་ཨ་མའི་ཚབ་ཏུ། །
ཞིབ་ཏུ་ཐེངས་འགར་བལྟས་ཡོད། །

ཅི་འདོད་ཡིད་བཞིན་སྩོལ་བའི། །
གྲྭ་གཞི་ལྷ་མོའི་མདུན་ནས། །
མཚར་སྡུག་མི་མོའི་མི་ཚེ། །
སྐྱིད་འཁོར་སྨོན་ལམ་བཏབ་ཡོད། །

སྟོད་གནས་ས་སྐྱར་བསླེབས་ཤིང་། །
ཆོས་རྩིག་བྲག་རིའི་མདང་ལས། །
མེས་པོའི་རྣམ་དཔྱོད་འཕྲོས་པས། །
ཞྭ་མོ་རང་ཕུད་བརྒྱབས་སོང་། །

ཞྭ་ལུ་བཀྲིས་ལྷུན་མཇལ་བས། །
རུས་རྐང་བོད་ལ་ཟུག་ཅིང་། །
ཤི་མིག་གངས་ལ་བགྲད་པའི། །
ཡང་བསྐྱར་གངས་མི་དྲན་སོང་། །

དབུས་ཀྱི་བར་སྐོར་གླིང་གི །
མ་སྐྱེས་ཨ་མའི་མདུན་ནས། །
འབྱུང་འགྱུར་དྲན་ཤིང་ཐུབ་པའི། །
འཇའ་རིས་རི་མོར་ཕབ་ཡོད། །

སྐར་ཚོགས་ཇ་ཁང་ནང་གི །
ཨ་ཅག་མིག་ལ་འགྲོ་མོས། །
མཉམ་དང་འཛུམ་གྱི་བར་ནས། །
སེམས་པ་ཕྱི་རུ་བླངས་བྱུང་། །

དབུས་ཀྱི་སྲང་ལམ་ནང་དུ། །
པོ་ཏའི་སྐས་ཐེམ་སྟེང་ལ། །
དད་པའི་མེ་ཏོག་བཞད་མཁན། །
མཇལ་བའི་དད་སེམས་བརྐུས་འདུག །

མཇལ་ན་མཇལ་ཁ་ཡག་ཅིང་། །
བཏབ་ན་བྱིན་རླབས་མྱུར་བའི། །
ལོ་དང་ཟླ་བའི་དཀྱིལ་ནས། །
ཡང་བསྐྱར་མཇལ་ཡོང་ལྷ་ས། །

༢༠༢༣-༦-༡༨-ཉིན་གྲུབ།

#佛教[超话]# དོན་གྱི་བདེ་སྐྱིད་ངོ་མ་དེ་ཕྱིའི་དངོས་པོ་ལ་བརྟེན་ནས་ཡོང་ཐུབ་ཡ་ཡོད་མ་རེད། གཙོ་བོ་རང་གི་སེམས་ལ་བརྟེན་ནས་བཟོ་དགོས་པ་རེད།
​真正的幸福不能靠外在的东西来获得,关键还是要靠自己的心来获取。️️️
#藏传[超话]##格鲁派##问道僧#

མི་ལ་རས་པ།

གངས་དཀར་པོས་བསྐོར་བའི་ཁོང་གསེང་ན།
རླུང་ཟེར་མ་ཡན་པོར་རྒྱུ་བའི་འོག །
རང་ཤོང་གྱི་བྲག་ཕུག་སྒོ་མེད་ནང་།
རས་ཆིག་རྐྱང་ལུས་ལ་བསྒྲེན་ཙམ་གྱི།
ཤ་རུས་པའི་བར་ན་བསྟིམ་པ་དང་།
རུས་འབར་འབུར་ཕྱི་ན་གསལ་བ་ཡི།
​སྔོ་ཞོར་སེ་ཀེ་རེ་འགྱིང་བསྡད་པའི།
ཁོང་ཞེ་ཆོད་ཆེ་བ་མི་ལ་མཆོད།​

ཐུབ་པ་དགའ།​


发布     👍 0 举报 写留言 🖊   
✋热门推荐
  • 《方案》明确,金堂县、中江县交界地带融合发展以淮州新城和凯州新城为核心,两县交界地带融合发展区域规划面积约为1138.92平方公里(其中:金堂县495.5平方公
  • 和我们分享你的爱情故事,将有机会来到广报中心拍大片,记录你们的甜蜜时刻。如果你需要好的医森推荐,可以直接问@超懂植发的鹤闻 或评lun区提交资料~【邀您来广报中
  • 今天够杂的照片早上没起来没去吃上早饭课间冒着大风去买的早饭去教室吃的那叫一个香啊晚上聚餐下午放学就睡了个觉起来赶紧画了个装因为指定得照合照我可真是个小机灵鬼哈
  •   “当前,相关风险已外溢,有杭州旅居史的来返洛人员一定要做到报备并配合做好防控措施。”市疾控中心传染病预防控制专家朱鑫介绍,春节临近,各地聚会扎堆,这为病毒的
  • 憋着!刚在一个博主那里看到这样一句话,觉得很赞同,大概意思是我理解的真正意义上的食物自由,并不是想吃什么就吃什么,而是我知道自己喜欢吃什么不喜欢吃什么,什么该吃
  • 通过复盘党建工作,从过去的经验、实际工作中进行回顾反思,精准发现问题、总结经验、提升能力,更好地把坚持问题导向推动党建工作与业务工作深度融合;党建工作主题鲜明有
  • 爱好:平时热爱音乐、爱看书、爱唱歌,喜欢甜品、美食;时间多了去旅行,安全感很低。择偶要求:年龄区间:24-30,身高区间:172-185,年收入不少于:10w,
  • 总共有232人参与了本次投票84% 已经读过二哈了8% 准备在皓衣行开播前读5% 准备在皓衣行播出后读3% 只想看皓衣行(ID与头像是否打码均已征求粉丝
  • 金斯顿艺术学院的 MA Fashion 课程相信通过制作来思考。这意味着创意和设计是通过 3D 制作来探索和发展的。
  • [开学季]人应该是最善变的生物了吧儿童的时候,喜欢五颜六色,粉粉嫩嫩青少年,就喜欢黑白灰三十以后,就又开始喜欢粉粉嫩嫩的颜色,然后越来越趋向于五颜六色,然后到了
  • 说实话,千禧年之后的好看的瓶子本来就不多了,以前的老香哪一瓶拿出来瓶子不是让人眼睛为之一亮的?小记录(图文并茂版)1️⃣澜wer上班后的第一次聚会 跟婷婷去她公
  • #任嘉伦[超话]# #任嘉伦与君初相识# rjl #任嘉伦长意# rjl ❤️‍#任嘉伦央视春晚# ❤️‍#任嘉伦2022虎年央视春晚# 任凭碎雨乱流年 嘉
  • 还好有临走前和我告别的那片海,他没有挥手,可能是希望我与他再度重逢;他天生是忧郁的,暖阳也不是他热烈的增色剂;他也是纯净的,万物生万物落,能在他的怀抱安眠,十分
  • 小猫一家醒来还想吃馅饼,却发现馅饼一点不剩了,猫奶奶决定再做一个馅饼给大家,这时老鼠一家和蚂蚁一家都来帮忙了,因为它们也想再吃一块猫奶奶的馅饼~[太阳]#绘本[
  • 会给我一扇灯窗,让我让我无所畏惧8点42进去的,好紧张啊,我给布丁手心一个吻告诉她妈妈陪着你呢,布丁说有了妈妈的吻我坚强不怕了,布丁又在妈妈手心亲一下,妈妈你要
  • 歌手・坂井泉水さん(07年5月逝去、享年40)を中心に結成され、デビュー30周年を迎えたZARDがデビュー日の10日、東京・有明の東京ガーデンシアターでアニバー
  • #过年# 好烦,以前要是临近过年,心情越来越好,现在只会烦。有疫情,烦回家一趟好坎坷,至少3次核酸。同事说,这有啥烦的,去街道或医院做就是了。。。默默不说话。农
  • #每日一善[超话]# #阳光信用# 努力不一定是要让自己耀武扬威牛气哄哄,而是通过努力去实现自己的价值,成功在于你的坚持!只有当你直面生活中的累,坦然接受成长给
  • 餐前一杯,帮助降低碳水化合物吸收,缓解餐后腹胀[酷]享受大餐不打折,NU-LAX给你“肠”久守护[good]祝大家#元宵节快乐# !嘴巴说二者都要~肠道却连连S
  • 【#瑜卤允浩[超话]# 日本迷你专辑Oricon周排行榜第一[打call][打call][打call]】瑜卤允浩的日本迷你专辑《君先行》继oricon每日专辑排