དཀའ་སྡུག་གི་ཁྲོད་ནས་འཚར་ལོངས་བྱུང་བའི་མི་ནི་ལྗོན་ཤིང་བཟང་པོའི་མེ་ཏོག་བཞིན་རང་སྟོབས་ཀྱིས་འཚོ་ཞིང་། གཞན་རྟེན་སྐྱིད་ལང་ཤོར་བའི་མི་ནི་ཟླུམ་རའི་དྲོད་ཁང་གི་མེ་ཏོག་ལྟར། རྐྱེན་གཞན་ཕྲན་བུ་ཞིག་གིས་ཀྱང་ཉམ་ཉེས་པར་འགྱུར་རོ།
ཁྱབ་བདག་རྫོགས་ཆེན་པའི་གསུང་ལས་དྲངས།

在艰难困苦中成长的人,如同良木之花,自强不息的活着。而依傍他人、贪图安逸之人,就像温室里的花朵,哪怕是微妙的外力都可将其打败。

大圆满尊者白玛格桑法王

People who grow up with hardships are like flowers on a healthy tree, living through their own strength. People who rely on others and are used to comfort are like flowers in a greenhouse. Even small external forces can damage them.
- Dzogchen Pema Kalsang Rinpoche

མི་ལ་རས་པ།

------མཁན་ཆེན་འཆི་མེད་རིག་འཛིན།

མི་ལ་ཤེས་རབ་རྒྱལ་མཚན་གཤེགས་ཚོད་སྔ་ཞིང་། །
འབྱོར་ཕྱུག་འཚོ་བའི་ནོར་ལ་གོད་ཆགས་བྱུང་སྟེ། །
ལྷན་འཛོམས་ཕ་མའི་དྲུང་ནས་ཐོས་པ་དགའ་བ། །
མིང་སྲིང་མེ་ཏོག་འཐུ་བའི་རྩེ་ལོང་མ་བྱུང་། །

ཁེར་རྐྱང་འགྲོ་འདུག་ཙམ་གྱི་རང་མགོ་ཐོན་དུས། །
མཐའ་ཟད་གོས་ཐུང་ཧྲལ་བོའི་གོང་ཁའི་ངོས་སུ། །
བྱམས་པའི་མ་དང་བྲལ་བའི་མིག་ཆུ་འཐོར་བཞིན། །
ཕ་ཡུལ་སྐྱ་རྔ་རྩ་ནས་འབྲལ་དགོས་བྱུང་འདུག །

ཚོད་མེད་དགྲ་ཡི་བརྙས་བཅོས་སེམས་ལ་བཅངས་ཤིང་། །
དྲིན་ཆེན་ཨ་མ་རྒན་མོའི་རེ་བ་རྫོགས་ཕྱིར། །
རང་སྡེའི་ཕྱེད་ཀ་མཐུ་དང་སེར་བས་བརླགས་པ། །
ཉམ་ཆུང་སྐྱིད་ཆུས་མ་ཡིན་སྡུག་གི་མགོ་ནོན། །

ཚབས་ཆེན་མི་དགེའི་ལས་ཀྱིས་སེམས་ཁམས་འཁྲུགས་ཤིང་། །
གར་འགྲོའི་གཏད་སོ་མེད་པའི་ས་མཚམས་ཤིག་ནས། །
སྒྲ་བསྒྱུར་མར་པའི་སྙན་པ་རྒྱང་ནས་གོ་བ། །
ཚེ་རབས་ལས་ཀྱི་བླ་མས་འབོད་བརྡ་དང་པོ། །

ཡི་ཆད་ལན་བརྒྱད་སྐྱེས་ཀྱང་དད་པ་མ་ལོག །
སྒལ་བ་རྨ་ཡིས་ཟགས་ཀྱང་སྙིང་རུས་མ་ཉམས། །
སྲས་མཁར་དགུ་ཐོག་བསྐྱར་བཞེངས་ལོ་ལྔར་བྱས་ནས། །
མར་པའི་ཐུགས་དགོངས་ལོན་པས་སློབ་མའི་ཡང་རྩེ། །

འཚོ་བ་འཇིག་རྟེན་མི་ལ་རེ་བ་མ་བཅས། །
ལ་རྐེད་སྨུག་སྤྲིན་མན་ལ་གོམ་ཁ་མ་བཞག །
གནམ་སའི་མཚམས་ན་བསྒྲིགས་པའི་རི་རྩེ་འགྲིམས་ནས། །
སྤངས་རྟོགས་ཚད་དུ་བསྐྱལ་བ་མི་ལ་རས་པ། །

རང་བྱུང་རྡོ་ལེབ་སྟེང་ནས་ཏིང་འཛིན་ཟས་ཟོས། །
ཁ་བ་བུ་ཡུག་ཁྲོད་ནས་གཏུམ་མོའི་གོས་གྱོན། །
བྲག་ཆའི་རོལ་མོའི་རྒྱུད་ནས་རྟོགས་པའི་མགུར་བླངས། །
སྙན་གྲགས་བོད་ལ་བཞག་པ་མི་ལ་རས་པ། །

གཅེས་འཛིན་སེམས་ཀྱི་ཞེན་པ་རི་ནས་བཅད་དེ། །
རང་དོན་མཐའ་རུ་ཕྱིན་ནས་འགྲོ་དོན་སྒྲུབ་དུས། །
གཡུ་ཆུང་དྲུག་དཀར་ཙམ་རེའི་གཞན་ཕན་དོན་དུ། །
ལུས་སྲོག་བློ་ཡིས་འདོར་ནུས་མི་ལ་རས་པ། །

དཀའ་སྡུག་འཚོ་བས་མནར་ནས་མིག་ཆུ་འཐོར་མྱོང་། །
སྒྲིབ་སྦྱང་མཁར་ལས་བྱས་ནས་ཟུངས་ཁྲག་བཞུར་མྱོང་། །
དགའ་སྐྱིད་གྲུབ་པ་བརྙེས་ནས་གླུ་ཆུང་ལེན་མྱོང་། །
མ་མྱོང་དགུ་མྱོང་མྱོང་མཁན་མི་ལ་རས་པ། །

ཨ་མའི་ངག་བཞིན་གྲུབ་པའི་བུ་ཆུང་ཁྱེད་ཡིན། །
བླ་མའི་གསུང་བཞིན་གྲུབ་པའི་སློབ་མ་ཁྱེད་ཡིན། །
དགྲ་བོ་རྩ་མེད་བརླགས་པའི་དཔའ་བོ་ཁྱེད་ཡིན། །
བསམ་བསམ་འདོད་ཐོག་འགྲུབ་ནུས་ཁྱེད་རང་ཙམ་ཡིན། །

སྙིང་ལགས་ཕུལ་བ།

ངོ་གཉིས་མས།
དེ་ལྟར་ཡིན་པས
ང་ཁྱེད་ལ་ཆོག་ཤེས་སྐྱེ་ཡོང
ཁྱེད་ནི་སུས་ཀྱང་ལག་འཇུ་ཞིག་ཀྱང་མ་མྱོང་ལ

སུས་ཀྱང
སྙིང་ཉེ་ཞེས་ཀྱང་བོས་མ་མྱོང

ད་ནི་དེ་ལྟར་ཡིན་པས
ང་ཁྱེད་ལ་བརྩེ་བའི་གདུང་ཡོང
ཁྱེད་ནི་དེ་འདྲའི་འཇམ་ཞིང་ལྷོད་ལ མཛེས་ཤིང་སྡུག
བྱིན་ཆགས་ཀྱི་གཤིས་རྒྱུད་དེས་ཀྱང གདུག་རྩུབ་ཀྱིས་ཉེས་ཅན་དག་ལ
སེམས་པ་རྨས་མྱོང

དེ་དུས
ཁྱེད་ནི་ཁྱེད་དང་ང་ནི་ང་ཡིན
དགོང་མོ་དེ

འུ་གཉིས་སུས་ཀྱང་མི་མཐོང་བའི་ཡུལ་གྲུ་དེ་ནས
ཡུལ་སྡེ་གཅིག་དང

ཁང་མིག་གཅིག་གི་ནང་ནས
གདོང་ལ་དམར་ཁ་ཆགས་ཞོར

མིག་མདངས་ཀྱིས་སྐད་ཆ་བཤད

འུ་གཉིས་བྲལ་རྗེས

སེམས་པ་བརླན་མ་མྱོང
སྙིང་སྡུག་གི་སྐད་ཆ་དེ་དག་ཀྱང
ཁྱེད་ཀྱིས་བོས་པ་བཞིན


དེ་ནི་དེ་འདྲའི་ཡིད་འོང་ཞིག་དང་འཇམ་ལྷོད་ཀྱི་གདངས་ཀྱང་མི་འདུག

ང་བུད་སོང་རྗེས

ཁྱེད་ནི་གཞན་གྱི་སྙིང་ཉེ་དང
སྐྱེས་པ་ཞིག་གི་འདུག་རོགས་གྱུར་ན་ཡང
བརྗེད་མི་ཐུབ་ལ

འབྲི་ཡང་མི་ཚར

བྱང་ལྷ་ལ་ཕུལ།


发布     👍 0 举报 写留言 🖊   
✋热门推荐
  • 3、戏演给不爱你的人看,再热闹,也跟他无关了,从此你冷暖,是根本不关他的痛痒的,而受累受伤的,却是自己。3、戏演给不爱你的人看,再热闹,也跟他无关,从此你冷暖是
  • 而当时的我,人生已经够糟了,婚姻如果再带来大风大浪,我不确定当时的我能不能够扛得住。没有人能够保证结了婚,人生就会能彻底顺遂,大多数时候,大风大浪,都是盲目选择
  • 看到这里,我第一反应很懵,我还有啥瓜,我也想放个耳朵,再接着是回顾以往,一直以来,我自诩好脾气,我甚至在思考有没有曾经不愉快的交易(如果有可以告诉我)但很遗憾,
  • #SVT中转周边[超话]# 【出】好价10盘 未标价的的都10r/ 部分可拆 p1前两张不拆出 车主可以自行调价 只跟车主对接 两周内拼完可以再刀100r
  • 向之所欣,俯仰之间,已为陈迹,犹不能不以之兴怀,况修短随化,终期于尽!每览昔人兴感之由,若合一契,未尝不临文嗟悼,不能喻之于怀。
  • 爱情:感情运势很好,可以遇到对自己迁就的人,对方的气质形象较好,能吸引较多的异性。财运:财运上会有一些机遇,会因为项目合作而获得收益,但你求财多劳碌,得到的并不
  • 他的忠义仁勇,他的传说故事,伴随着音乐汇聚成绝伦逸群的关公精神。古老的画轴讲述起与云长相遇相识,不禁让人感慨:你这风雨竹啊,这么多年,仍思念着云长。
  • 肖燕震惊看着陈珏霜,原本还以为看见她和男人拉拉扯扯,放浪的一面,却没想到她竟然能将一个大男人摔在地上。肖燕震惊看着陈珏霜,原本还以为看见她和男人拉拉扯扯,放浪的
  • 目前A股新能源产业链完成了底部特征,一般而言,锂电板块会领先于碳酸锂价格触底,且看这一次新能源穿越大周期后有多大表现! 为何说这条消息很重磅,因为韩国LG 是
  • NO.12 亥猪属‮人猪‬今天的‮绪情‬低落,失‮了去‬往日‮激的‬情和热情,干‮么什‬都提‮起不‬精神,再‮上加‬突发‮事之‬增多,更‮焦加‬头烂额。NO.
  • 第68章 这个男人就是她的丈夫简姿被浓烟呛的眼泪汪汪,听见门响回头,就见有个高大挺拔的身影出现在门口,因为逆着光看不清长相。第29章 这个男人就是她的丈夫简
  • 她跟徐总吃了交杯酒,结果怀孕了,被别人逼着去流产,汪小姐看的开:“有啥呢,我有老公,正常呀。 她跟徐总吃了交杯酒,结果怀孕了,被别人逼着去流产,汪小姐看的
  • 24 HBD 迎来了距离18岁与30岁一样远的24岁喽~ 我婷和韩姐零点的卡点祝福❤️ 公寓水果摊打折 我猛猛消费 感觉要吃成小黄人 中午走遍一楼和二楼也不知道
  • #虞书欣新剧本体是条大粉鱼#没玩过游戏对越祈的了解就是粉丝宣传和剧宣的关于越祈的各种tag,《3岁破小孩》《不懂人情世故》《武力值高》《爱吃鸡蛋面》看了才发现和
  • ”  祁渊皱了皱眉,看了她一眼道:“本王说过,你皮相不错。”  祁渊垂眸看着她,缓缓开口道:“本王承认,你的皮相不错,但也仅此而已。
  • 亲爱的贝贝们,作为新时代青年,我们应当把爱国主义情怀厚植于心,自觉承担国家事业,将青春和热血都奉献给国家[拳头][拳头][拳头]!每天一本小人书每周阅读推荐为读
  • 如果我们没有进入修身的状态,看到了问题就会自卑的,有问题不是好事情嘛,没有问题不是该走了嘛,所以有什么难过呢,我们讲,敝则新,洼则盈,一念之间,你说它是快乐的还
  • #刘宇宁巴黎欧莱雅品牌代言人# | #刘宇宁微博之夜# | #摩登兄弟[超话]# 刘宇宁宁远舟[给力]刘宇宁燕子京 等苦尽甘来的那一天,山河星月都做贺礼⛰
  • 而且一次能逛四个,主打玩得尽兴~每回逛北京国贸商城都有惊喜,这次的七夕活动绝绝子略带蒸汽波风格的镜面空间、悬浮在空中的多巴胺艺术装饰,处处弥漫着甜蜜与活力,浪漫
  • #张艺兴[超话]##Qeelin全球品牌代言人张艺兴# #张艺兴0117亮相十二周年# “我希望我把野心说出来,因为这是我说出来的话,所以我一定会向那个目标去努