གྲོགས་ངན་སྤངས་པས་དགའ་བ།
࿐བྱང་མེ།
སྔོན་གྱི་ལས་དང་ཕྲལ་གྱི་རྐྱེན་ངན་ལས།།
སྡིག་པའི་གྲོགས་པོ་བརྒྱ་སྟོང་མང་བོར་ཕྲད།།
དམ་ཆོས་ཐོས་པའི་གོ་སྐབས་མང་དུ་བཅོམ།།
འདི་འདྲ་སྙིང་ལ་དྲན་ན་སྐྱོ་བ་ལ།།

སྡིག་པའི་གྲོགས་དང་ཕྲད་ན་དར་ལྕོགས་འདྲ།།
མ་རབས་སྤྱོད་པར་འཇུག་ལ་རང་ཚུགས་མེད།།
དེའི་ཕྱིར་བློ་དང་ལྡན་ཞིང་བཟང་བོའི་མིས།།
རྣམ་ཀུན་གྲོགས་ངན་འདི་ལ་གཟབ་པར་མཛོད།།

སྡིག་པའི་གྲོགས་དང་ལྷན་དུ་ཚོགས་གྱུར་ན།།
བསྟོད་རྒྱུ་རང་དང་བཤད་རྒྱུ་གཞན་སྐྱོན་ཡིན།།
དུས་ཀུན་ཁ་མཆུ་འགོང་བོ་སྣ་ཚོགས་པ།།
ཆུ་བོའི་རྒྱུན་བཞིན་འདྲེན་འདི་སྡིག་གྲོགས་ཡིན།།

སྡིག་པའི་གྲོགས་དང་མཉམ་དུ་རྩོད་པའི་ཚེ།།
ཕན་ཚུན་བློ་སྐྱེད་ལེན་ལ་མི་འཇུག་པར།།
རང་རྒྱལ་གཞན་ཕམ་སྨྱོན་པའི་ཟློས་གར་གྱིས།།
གཞན་རྒྱུད་བསྲེགས་ཤིང་རང་གི་ལེགས་ཚོགས་འཇོམས།།

དེ་ཕྱིར་ཁོག་རྒྱ་མེད་པའི་སྡིག་གྲོགས་ལ།།
ཅི་བསམ་དོན་མེད་རྩོད་པ་སྣ་ཚོགས་ཀྱིས།།
ལས་ལ་འཇུག་པ་བདུད་ཀྱི་གཡབ་མོ་ཡིན།།
དེ་དང་ལྷན་དུ་མ་རྩོད་ཆོས་ཀྱི་གྲོགས།།

སྡིག་པའི་གྲོགས་དང་མཉམ་དུ་འགྲོ་བའི་ཚེ།།
ཆོས་བཞིན་འདུལ་བཞིན་སོང་ན་མི་མཛེས་ལ།།
ཅིའི་ཀྱང་སྤྱོད་པ་འཆལ་བའི་ངན་སྤྱོད་གྱིས།།
སོང་ན་སྡིག་གྲོགས་གང་ཡིན་དེ་དགའ་འོ།།

འདི་ནི་སྡིག་གྲོགས་རྣམས་ཀྱི་སྒོ་གསུམ་ལ།།
གདོད་ནས་ཞུགས་པའི་རང་བཞིན་བཅོས་མིན་ཡིན།།
དེ་ཕྱིར་ཆོས་བཞིན་འདུལ་བཞིན་བྱེད་འདོད་པའི།།
དམ་པའི་རིགས་རྣམས་འདི་ལ་ཐུགས་སྣང་མཛོད།།

སྡིག་པའི་གྲོགས་དང་ལྷན་དུ་བགྲོ་བའི་ཚེ།།
གཞན་གྱི་དོན་ལྡན་གཏམ་ལ་ཉན་ས་མེད།།
རང་གི་ཤེས་མེད་ཅ་ཅོའི་མཚང་གཏམ་ལ།།
བདེན་ཁ་མེད་ན་ཕ་རོལ་དམའ་འབེབས་བྱེད།།

དེའི་ཕྱིར་ཆོས་ལ་མཁས་པའི་སྐྱེ་བོ་རྣམས།།
བླང་དོར་ཡོད་པའི་བགློ་གླེང་ཞིག་བསམ་ན།།
ཅི་ཡང་མེད་པའི་གྲོགས་ངན་ལ་མ་རྩོད།།
འདི་ནི་ཆགས་སྡང་འཕེལ་བའི་སྣ་འདྲེན་ཡིན།།

མདོར་ན་སྒོ་གསུམ་བྱ་བ་གང་བྱེད་ཀྱང་།།
བློ་ཁོག་མེད་ཅིང་དམ་པའི་ཡོན་ཏན་རྣམས།།
གང་ཡང་མེད་པའི་སྐྱེ་བོ་ཕལ་ཆེར་དང་།།
མཉམ་དུ་འགྲོགས་ན་དུག་གསུམ་འཕེལ་བའི་རྒྱུ།།

དེ་ཕྱིར་སྐྱིད་ལ་སྡུག་པའི་འཇིག་རྟེན་འདིར།།
གྲོགས་ངན་འདུ་ཚོགས་རབ་ཏུ་མང་བ་ལས།།
གྲོགས་གཅིག་མེད་པར་གཅིག་པུར་གནས་དགོས་ཀྱང་།།
ང་ནི་དགའ་བ་གཡང་གི་རུ་མ་ཡིན།།

འདི་ནི་ཕྲན་བུ་གྲོགས་ངན་མང་བོ་དང་།།
མཉམ་དུ་འདྲེས་ཤིང་འགྲོགས་པའི་སྡོམ་ཚིག་ཡིན།།
སྡོམ་ཚིག་འདི་དང་མི་འགལ་དམ་བཅའ་ཡིན།།
འདིས་ཀྱང་གྲོགས་ངན་སྤངས་པས་བདག་ཡིད་མགུ།།

ཁྱོད་ནི། རུས་པ་གངས་ལས་གྲུབ་པའི་རྡུང་ལེན་མཁན་པོ་ཞིག
ཁྱོད་ནི། མགྲིན་པའི་རྩ་མདུད་གྲོལ་བའི་གླུ་ཡི་བང་མཛོད་ཅིག
ཁྱོད་ནི། བོད་པའི་རང་ཚུགས་མ་བོར་བའི་ཨ་མདོའི་ཕོ་རྒོད་ཅིག
ཁྱོད་ནི། གྲགས་སྙན་དང་རྒྱུ་ནོམ་གྱིས་བསླུ་བྲིད་མ་ཐེབས་པའི་བོད་པ་ངོ་མ་ཞིག

࿐ལྡོང་ཡོན་ཏན་རྒྱ་མཚོས།

࿑ གངས་ལྗོངས་ཁུ་བྱུག་སྔོན་མོའམ་རྡུང་ལེན་མཁན་བདུད་བྷེ་ལགས་མི་ཡུལ་དང་བྲལ་ནས་ལོ་འཁོར་བརྒྱད་འཁོར་བར་རྗེས་དྲན་དང་མྱ་ངན་ཞུ།

2016.2.27——2024-2-27

࿐ལམ་རིམ་རྣམ་གྲོལ་ལག་བཅངས་ལས།
སྒོམ་གྱི་འགོ་ཀུན་སློང་འཆོས་པ་དང་། ལམ་རིམ་གྱི་འགོ་དལ་འབྱོར། ཆོས་ལག་ལེན་གྱི་འགོ་ལས་འབྲས་ནས་ཚུགས་པ་ཡིན།ལས་འབྲས་ཀྱི་ཚུལ་འདི་སྟོང་ཉིད་ལས་ཀྱང་ཕྲ་ཞིང་དཔོག་དཀའ་སྟེ། སྟོང་ཉིད་ཀྱི་དོན་ཕྲ་ཞིབ་ཉན་རང་དགྲ་བཅོམ་པས་ཀྱང་རྟོགས་ཤིང་སྟོན་ནུས་ལ། ལས་འབྲས་ཀྱི་ཚུལ་ཕྲ་མོ་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལུང་ཚད་མ་ཁོ་ནས་གཞལ་དགོས་པས་ན། ལས་འབྲས་འདི་ཤིན་ཏུ་ཕྲ་བས་སྡིག་པ་ཆུང་ངུ་ནས་འཛེམ་དགོས། ཞེས་གསུངས་སོ། །


发布     👍 0 举报 写留言 🖊   
✋热门推荐
  • 但即使这样,他们没有一个人喊累,喊苦,喊饿,坚持完成当日所有的采集量……从早晨7点集合到夜间11点半,队员们16个小时连续作战,完成核酸采样12312人(次)。
  • 生活所迫 给不了你想要的爸爸每天都在忙工作 忙着接电话打电话 忙着画图 忙着下县 妈妈一下班好累好累 也想陪你 也想做饭 回来能陪你的时间真的很少 你总是
  • 帕尼和苏勇都可以接受,但小贤就是不知道为什么[泪][泪][泪]原本都好了那么一点点了,但是看到经常联系的Sone亲故说她也很难过,于是我又难过起来了[泪][泪]
  • 」   「自归于佛, 当愿众生, 体解大道, 发无上意。」   「始受和尚, 当愿众生, 令如禅意, 思惟解脱。
  • 【特朗普是美国数十年来民调最低准总统】美国17日公布的多项民意调查结果显示,特朗普是美国数十年来民调最低的准总统。CNN/ORC、华盛顿邮报/美国广播公司新闻网
  • 这次的店铺位于业态相对驳杂的老城区商圈,建立规整统一、高辨识度的立面形象仍是第一诉求。朴开十向 | Joy Plan 女装店千篇一律的基础款经过精心搭配,也能有
  • 他在雨中驻足,撑个伞,他肯定在诱我【老普信了姐妹们】【图源微博,如有侵权我删,第一张是我修的,但图源是微博,另两张不知】摩登兄弟刘宇宁,斗转星移,绝不夸口说永远
  • 由此可见,一旦过去被边缘化的群体对艺术世界里的套路、规则有了更进一步的理解,并且避免再被哄骗到这个所谓“让艺术变的可见”的陷阱中,这一切被刻意营造的“氛围”(有
  • #青岛隐形矫正##青岛牙套#【上爱优牙,查牙齿矫正案例】分享自 @爱优牙牙齿矫正平台爱优牙整理了多年来来服务的数万正畸患者的选择标准,做了以下分类,并按照这个标
  • 随着AIR社区的活跃成员与有效持币地址的不断增加,自治社区将继续发行越来越多的产品,例AirCash,运作AIR的一款去中心化应用,通过开源代码在区块链上建立智
  • 我懂我懂[允悲]很不好意思地说我也有时候会在那个弱智黑子那里找耶啵最新消息、最新照片,经常是好可爱的图。而且累的时候看看那些弱智评论真的很减压,看蠢人聚会一本正
  • 原重:131.1现重:127.1⤵️4斤身高:167目标:110早上太赶了,中午明明自己带了饭,但是还是忍不住吃了人家1/3的炒刀削面[允悲]晚上带孩子本来没吃
  • !!
  • 做attar的调香师也应该学一下:不是所有attar都必须面目模糊。在这里还可以找到自己的星座香 不过我自己不是特别喜欢我的星座香,因为自己偏爱白花加上Cree
  • 【#济南地区内高速收费站全部封闭# 千佛山东路双向实施交通管制】闪电新闻记者从济南交警获悉,受降雪的影响,今天11:17分起,济南地区内高速收费站全部封闭,莱芜
  • #重庆疫情防控# 【密接984人、次密接4074人,均已落实集中隔离措施】李畔介绍,疫情发生以来,重庆采取迅速坚决有效的措施,全力以赴守住点、阻断链、管住面,坚
  • 第十 付嘱品 有一天,大师把他的门下弟子法海、志诚、法达、神会、智常、智通、志彻、志道、法珍、法如等人叫来,对他们说:“你们和其它的徒众不同,我灭度以后, 你
  • 八字断事业 1,八字偏官坐食神为喜用的人,喜欢自由,性格外向,事业多有成败,擅掌握时机,激流勇退。 命格构成食神制杀,克制了七杀的凶星,但难免遇到七杀对命主
  • 今天猪猪博24岁啦!✨ ✨ ✨ 喜欢小博也有几年了 是看他的舞蹈入的坑(吹灰舞yyds!) 我这个从来收不了心的女孩终是栽在了这个笑起来有可爱奶瞟的男孩身上(
  • 看书啦~~推荐!!刘擎《做一个清醒的现代人》,一本在剧变时代成为一个清醒的现代人的思想指南。 在当代中国传统文化的纵向传承与外来文化的横向互动中,在这种“纵