࿐རྣལ་འབྱོར་གྱི་དབང་ཕྱུག་ལགས།

[鲜花]

ཁངས་སྐྱ་སིམ་སིམ་འབབ་པའི་རྫ་སྒང་ནས། །
བྲག་དམར་འཆོང་ལུང་བར་མའི་རྐེད་སྟེམ་ན། །
འཁོར་བའི་རང་མཚང་རྟོགས་པའི་རི་ཁྲིད་པ། །
བདེ་ལྡན་ཐོག་མའི་མགྲོན་པོ་ཁྱེད་ཡིན་ནམ། །

སྟོན་རླུང་ངར་ཁ་བཙན་པའི་དུས་ཚིགས་ལ། །
ལྗོན་པའི་འདབ་ལོ་རླུང་གི་འཁྱེར་དུས་སུ། །
དྲན་པའི་གཞུ་རྒྱུད་སྟེང་གི་མདའ་མོ་དེ། །
ཆུང་གྲོགས་མཛེེས་སེའི་ཕྱོགས་སུ་ཤོར་མྱོང་ངམ། །

ལུས་ལ་ཐེར་ཤམས་ཐེར་གཟན་བནམས་རྒྱུ་མེད། །
ངག་ལ་གླུ་དབྱངས་སྣ་ཚོཊ་ལེན་རྒྱུ་མེད། །
སེམས་ན་གཉེན་ཉེ་ཟེར་བའི་ཆཊ་ཞེན་མེད། །
མི་ཚེ་རི་ནས་རྫོགས་པའི་བྱ་བཏང་བ། །

ཆཊ་ཞེན་མེ་སྟག་ཙམ་ཡང་མི་སྐྱེ་ཐབས། །
ཅི་ཡང་བློ་ཡིས་གཏོང་བའི་རྟུལ་ཕོད་ཅན། །
མཁའ་ཡི་སྤྲིན་པ་འཁྲུགས་ཐེངས་རེ་རེ་ལ། །
མི་རྟག་དྲན་པའི་སྐྱོ་ཤས་ཆེ་འམ་ལགས། །

࿐ མི་ལ།
རས་པ་ཆིག་ཆོག་གི་སྐུ་ལ་ཕྱར་བའི།།
ཀ་ཤི་རས་དཀར་གྱི་མེ་ཏོག་ལིང་མ།།
དྲན་པ་ཤར་གཅིག་གིས་སྣང་བ་དཀར་སོང་།།
ཙན་དན་འཁར་བ་ཡི་ཁ་ན་ཡོད་པའི།།
རྡོ་རྗེའི་མགུར་ཚིག་གི་གནས་ལུགས་རྣལ་མ།།
དར་ལུང་རྣ་བ་ཡི་མཛོད་མིག་ལྷགས་དུས།།
ཚོར་བའི་སྒྲ་རྐྱང་ལ་དྲོད་ཅིག་བབས་ཀི།
བྲག་ལ་སྒོམ་ཐག་གིས་ཕུང་པོ་བཏགས་ནས།།
སེམས་ལ་བླ་མ་ཡི་ཆང་རག་བླུགས་ཏེ།།
མི་ལ་མར་པ་ཡི་ཐུགས་ལ་འཛུལ་བའི།།
ལོ་རྒྱུས་ཁྲི་ཐོག་གི་ཟླ་གམ་མ་རེད།།
གདོད་མའི་ལུང་སྟོང་གི་མི་སྣ་མིན་པར།།
གཡག་རྭ་ཡ་གཅིག་གི་ཕུག་ན་ཕྱོང་བའི།།
མི་ལའི་སྒྱུ་འཕྲུལ་ལ་སུ་ཡང་མ་སུན།།
འཚོ་ཚིས་དམའ་མོ་ཡི་འཇིག་རྟེན་དེ་ནས།།
རས་པ་ཞབས་རྗེན་གྱིས་འཁོར་བ་བརྒལ་བའི།།
རྣམ་ཐར་གསེར་ཟམ་གྱི་ཐེམ་པའི་ཁ་རུ།།
དཔྲལ་བའི་མིག་སྨན་གྱི་བྱ་ནག་ལྡིང་སྟེ།།
སེམས་ཀྱི་ནམ་མཁའ་ལ་མགུར་མ་འཁྱེར་བས།།
ད་ཚིགས་འདས་མཆོད་ལ་ཚིག་རྐང་ཆ་རེ།།
ངས་ཀྱང་རྣམ་རྟོག་གིས་བརྡུངས་ཏེ་བསླངས་ཡོད།།



རྗེ་བཙུན་མི་ལ་བཞད་པ་རྡོ་རྗེའི་འདས་མཆོད་ལ་༢༠༢༤ བོད་ཟླ་༡ ཚེས་༡༤ ཉིན་ཁྲི་ལྗང་མྱུག་གིས་ཕུལ།

ཐོས་པ་དགའ།

ཤེས་རབ་རྒྱལ་མཚན་འཆི་ལམ་བསྙེགས་དུས།།
ཨ་ཁུས་གཡོ་སྒྱུའི་སྤྲེལ་ལད་འོག་ནས།།
བཟོད་མེད་སྡུག་གིས་སྨག་རིམ་འཁྲིགས་དུས།།
མགོན་མེད་དྭ་ཕྲུག་ཤུལ་དུ་ལྷག་འདུག།

དྲིན་ཆེན་མ་ལོས་རེ་བཅོལ་ནམ་བཞིན།།
དགྲ་ལན་སློག་ཕྱིར་མཐུ་ལ་བསླབས་ནས།།
ཐོག་དང་སེར་བས་གྲོང་ཁྱིམ་བཅོམ་པས།།
ཨ་མ་རྒས་མོའི་འདོད་དོན་འགྲུབ་འདུག།

སྲིད་གསུམ་འཁོར་བའི་རང་མཚང་ཤེས་ནས།།
ངེས་འབྱུང་ཤུགས་རིང་ནར་མར་འབྱིན་ཏེ།།
མྱ་འདས་གྲིབ་བསིལ་གླིང་སྟེགས་འཚོལ་ཕྱིར།།
སྒྲ་བསྒྱུར་མར་པའི་ཞབས་ལ་གཏུགས་འདུག།

གཅེས་འཛིན་ཞེན་པའི་རྩ་བ་བཅད་དེ།།
ཉམས་རྟོགས་བསྒོམ་པའི་བསིལ་ཟེར་འཕྲོས་དུས།།
འཛིན་མེད་བློ་ཡི་ཀུ་མུད་རྒྱས་པའི།།
ཐོས་པ་དགའ་བའི་རྣམ་ཐར་རིང་མོ།།

ཆབ࿐ཆོས་དབྱིངས་ཀྱིས།


发布     👍 0 举报 写留言 🖊   
✋热门推荐
  • "婆婆赶紧推脱:"那哪有男的去的,我们那时候都要结扎的,生完医生就弄了,你妈没跟你说?没想到她说:"河河断奶了,你去结扎了吧&qu
  • 在古代“压箱底”最早的含义是与女孩出嫁时,母亲赠予的特殊陪嫁品有关,就是绘于不同材质上的小人打架图画,以便在洞房花烛夜作自己的性启蒙“速成教材”。更好玩的是,古
  • ”龙虎狗中的狗,竟然,就是身边的班长,燕破岳缺的不是不肯吃苦,不是冲劲,他需要是一次刹车一个机会,一个拽住他让他停下好好看看前方的路,认清楚了方向再义无反顾往前
  • [给你小心心][给你小心心][给你小心心][泪][泪][泪]来自K里昂哔哩哔哩动态: “哈喽大家好吖,我是油饼,很抱歉突然销号跑路,只能托k宝告诉大家一下我和青
  • 从29号到30号从英雄到七里香2015年等到2017年你说你会来我等[心]#2017周杰伦西安演唱会# ​ 你是我青春不朽的诗篇你是我永远追逐的梦想你是我不断
  • 我是贪心的,既想要这个,也想要那个,但是如果真的只给我一个许愿的机会,我只愿我的所亲,所爱,所伴,所守,所护都能够健康,平安,心情舒畅无忧。幸运的是长大后,收到
  • 我听说有一种荧光棒棒糖,我们小蛋糕吃了就会发光,我去吃一个试试,到时候你就不怕黑了,对了,你叫什么名字啊”“不,不知道”“那我叫你啵啵好不好?”“好,好”“我用
  • 除了“1元本金”外,也有多个项目打出5%的首付,最长一年分期的优惠措施,助力买家上车。举个例子,以总价约200万、首付3成贷30年为例,按目前最低的4.3%利率
  • 可伊娃·格林却说“自己可能没有成为法国第一夫人的潜质”巧妙地回绝了对方的求爱。可伊娃·格林却说“自己可能没有成为法国第一夫人的潜质”巧妙地回绝了对方的求爱。
  • 那年,一整个冬天里我走路去海边一半个下午或一整个傍晚立于海滩看空空海岸,空空海面,空空的海鸥有空空的肚子不挪动一步,看黄昏日落看海浪翻滚直到天涯末了裹紧大衣连着
  • 水瓶座水瓶座一贯喜欢特立独行,好像他们离开了谁都可以过得很好一样,完全不用依赖别人而活,事实上确实如此,水瓶座的傲骨也由此而来,毕竟他们做人做事从来不主动求人,
  • 用了这个枕头后,给爸妈也各买了一个,中老年失.眠同样是非常普遍的现象。如果喜欢颜值高一些的朋友的,他们家还有一款云朵枕,送朋友也很不错~还是老规矩哦!
  • #每日一善#儿时 刘昊霖铁道旁赤脚追晚霞玻璃珠铁盒英雄卡玩皮筋迷藏石桥下姥姥又纳鞋坐院坝铁门前篮框银杏花茅草屋可有住人家放学路打闹嘻嘻哈田埂间流水哗啦啦我们就一
  • 自叹终究还是俗人一枚,各种负面情绪爆棚,仍然没有修来平常心,安住在当下,很喜欢《次第花开》寂天菩萨说:“问题若有办法解决,就不必担心;若没办法解决,担心也没有用
  • 房租290欧包水物业,电和气均摊#西班牙语国家文化超话##西班牙租房[超话]##板鸭出租##西班牙留学##马德里超话##区块链[超话]#BTC20500以上可以
  • 对天津市红桥区咸阳北路48号的银泰酒店再也没有好感了,住21楼时屋子里全是下水道反味,水也是臭的,据说是因为两个多月没住人了,那我们就放水除臭呗,没有热水,没有
  • ·被小姐妹安利了很久,一直心心念念今天和小姐妹在博后村附近玩正好来吃椰子鸡咯~~~·嗲嗲家的装潢清爽别致,特别敞亮临窗而坐,冬日午间的阳光透过树荫洒进来晒在身上
  • 人,这一辈子有些东西需要放手,生命是一个过程,当你回首往事时,曾经渴望的一切,虽然没有得到,但是未必你现在不好。人,这一辈子有些东西需要放手,生命是一个过程,当
  • 毕竟,那个这一生唯一一次最大的危险与挑战出现的时间,不会有任何人站在我这边既然注定失败,那我也不用再有什么心理负担了但是小狮子依旧好想赢啊,胜利是这一生都永远不
  • 而所有的这些面孔、这些称谓都融合成了唯一的一个头衔,一个镌刻于邮票、钱币以及世界各地人们脑海中的形象:虽然其父亲过早离世,但在坎特伯雷大主教为她戴上王冠的那个早