2024/2/26ཉིན་ཨི་རིའི་སྲིད་འཛིན་དཔལ་ལྡན་ལ་བཅར་འདྲི་བྱེད་སྐབས། ཨུས་ཟི་རལ་གྱི་ཇ་ཧྲ་ཡི་དམག་འཁྲུགས་འདི་ཟླ་གསུམ་པའི་ཚེས་བཞི་ཚུན་ཆོད་ལ་ངེས་པར་འཚམ་འཇོག་ཐུབ་ངེས་ཞེས་བསྒྲགས།

འཇིག་རྟེན་པའམ་འཚོ་གནས་པས་འདོད་མི་རུང་བ་གསུམ།

1、རྒྱུ་འབྱོར་བར་སྙིང་བོ་མེད་པར་འདོད་མི་རུང་། དེ་ནི་རྒྱལ་ཁབ་ཅིག་གི་ཆགས་རྟེན་དང་མི་དམངས་རྣམས་དབུལ་བའི་སྡུག་བསྔལ་ལས་ཐར་བའི་ཐབས་ལམ་ཉག་གཅིག་ཡིན།
2、ཡོད་ཚད་བདག་མེད་དུ་འདོད་མི་རུང་། འཇིག་རྟེན་སྟེང་གི་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པར་བདག་པོ་བརྒྱབ་ཚར་ཡོད། དེ་བས་རང་ཉིད་དབང་བ་དག་ལ་བདག་པོ་ཡག་པོ་རྒྱག་དགོས།
3、ཡོད་ཚད་མི་རྟག་པར་འདོད་མི་རུང་། ཕ་ཡུལ་དང་ཕ་སྐད། གཉེན་ཉེ་དང་སྤུན་ཟླ། ད་དུང་གཞན་ཕན་བྱ་བ་རྣམས་ནམ་ཡང་འགྱུར་མི་རུང་།

༼གསལ་བཤད། འདི་ནི་ཁེ་ལས་པ་གངས་ཞུན་གྱི་སྐད་ཆ་ཞིག་སྟེ། ཁོས་འདི་གསུམ་བོད་ཀྱི་ཁེ་ལས་པས་འདོད་མི་རུང་བ་གསུམ་ཡིན་པར་བཤད་འདུག་ཀྱང་། ངས་ནི། འདི་ཁེ་ལས་པ་ཙམ་མིན་པར་འཇིག་རྟེན་པའམ་འཚོ་གནས་པ་ཞིག་གིས་འདོད་མི་རུང་བ་གསུམ་དུ་བགྲངས་ཆོག་པར་སྙམ་པས། ཁ་བྱང་རང་གིས་བཅོས་ཏེ་བཀོད་དོ། །༽

ཨོཾམཎིཔདྨེཧཱུཾ།[蜡烛] ཨོཾམཎིཔདྨེཧཱུཾ།[蜡烛] ཨོཾམཎིཔདྨེཧཱུཾ།[蜡烛]

ཁེ་ན་ཏའི་གཡག་རྒོད།

གུ་དཔལ་ཤིས།



ཡ་གླིང་གི་མཐོ་སྒང་ནས་འཚར་ཞིང་།
མེ་གླིང་ཁེ་ན་ཏར་གཞིས་ཆགས་པའི་གཡག་རྒོད།

དངོས་གནས་གཡག་རྒོད་ཀྱི་གཤིས་ཀ་ཡོད་པའི་ཁྱོད་རང་།
ཁེ་ན་ཏ་ནས་བོད་སྐད་བཤད་ཅིང་བོད་ཡིག་འབྲི།
རི་མོ་བྲིས་ཤིང་བསྟན་བཅོས་བརྩམས།
ད་རུང་བྱིས་སྒྲུང་བྲིས་ཤིང་ནང་ཆོས་སྒྲུབ།

གཡག་རྒོད།
སྐད་ཅིག་མའི་འཇིག་རྟེན་འདི་ནས།
འཛིན་པའི་དྲན་ངོགས་སུ་ཤོང་དཀའ་རུང་།
ཤོང་དགོས་པ་ཆོས་ཉིད་དེའི་མཐའ་རུ།
བོད་ཡིག་གི་སྒྲོན་མེ་ཞིག་བཏེག་དགོས་བྱུང་།
དེ་ནི་ཁྱོད་ཀྱི་ཞེ་དགུ་རྫོགས་པའི་ཉིན་མོ་རེད།
ཉིན་མོ་དེར།
བུ་ཆུང་བསྟན་འཛིན་དང་སྲུ་མོས།
ཉེ་ཁོར་གྱི་གྲོགས་པོ་དག་བསྡུས་ནས་དགུང་རྫོགས་སྒྲུབ་བཞིན་འདུག
གཉེན་ཉེ་ཚོས་ཀྱང་།
ཕ་ཡུལ་གངས་ཅན་ལྗོངས་ནས་དགུང་རྫོགས་སྒྲུབ་བཞིན་འདུག
རྩོམ་གྲོགས་དག་གིས།
རྩོམ་རིག་གིས་དགུང་རྫོགས་སྒྲུབ་བཞིན་འདུག

གཡག་རྒོད།
མཐའ་སར་འགྲིམས་པའི་གཡག་རྒོད།
རང་ཚུགས་མ་བོར་བའི་གཡག་རྒོད།
བོད་གཤིས་ཡོད་པའི་གཡག་རྒོད།

༢༠༢༤ ༢ ༢༧

ར་རྫ་འཇམ་དབྱངས་སྐྱིད་ཀྱིས། https://t.cn/A6YjlOCa

ལ་སྟོད་ཚེ་རིང་གིས། https://t.cn/A6YjlOC6

གསོན་པོས།

https://t.cn/A6YjlOCX#gebaxiT[超话]#


发布     👍 0 举报 写留言 🖊   
✋热门推荐
  • 转让:公募基金销售牌照基本信息1、公司名称: 北京2、注册时间: 10年内3、注册资金:2000万4、注册地区:北京 5、业务区域:全国 6、经营范围: 基金销
  • 4⃣️ 精细化缝制,针脚肉眼可见的整齐划一、精致平整,细节处都是大牌的品质感5⃣️ 四色可选,能满足各位仙女们不同喜好的穿衣风格!#咖啡店##咖啡##设计美学#
  • 最近的梦里都是她,还想着有没有重新一起同行的机会,不会了,就这样吧,推开门的时候就后悔没和她多说两句话,就这样吧,人啊 总会充满遗憾,向前看吧,期待几年后,我们
  • 还是小鬼王琳凯?还是o8?
  • 也看到了很多新来的商场,疫情后的变化[二哈]当初2020年1月离深的,一切都那么好,这次去,每天核酸,每天各种扫码,我心累~去了深圳~潮州~汕头~[太开心]去了
  • ”  推进电气化转型 加快新车投放  奥迪e-tron的推出成为了电气化转型的重要一步,并在2019年交出优异的成绩单,而对于未来产品规划,奥迪透露,企业今年将
  • #微相册投稿[超话]##视觉中国##街片收割机##摄影[超话]##安吉中国大竹海##佳能街头收割机# 《乡村的早》村子叫五鹤村位于山谷里两边的山上是满山遍野的竹
  • ᴹᵃʸ ʸᵒᵘ ᵇᵉ ʸᵒᵘʳ ʰᵉʳᵒ, ⁿᵒᵗ ᵃᶠʳᵃⁱᵈ ᵗᵒ ˡᵉᵃᵛᵉ, ⁿᵒᵗ ᵃᶠʳᵃⁱᵈ ᵗᵒ ᵇᵉ ᵃˡᵒⁿᵉ.愿你能成为自己的英雄,不惧离
  • 义绝,爱绝,情绝,焉能不决绝。然,世人不知其虽为王世子孙,却自出生之日起便随父在赵国为质,受尽冷落欺凌,死则引起两国征战,活则不如犬马。
  • 从2008上海欢迎您,到2016上海讨厌你,再到2017上海驱赶你,最后2018上海看不见你,短短几年翻天覆地的变化,政策时时在改变!从2008上海欢迎您,到2
  • 网友也是表示:“巽风:我哥是个恋爱脑”“这就跟你闺蜜出去两小时,回来就和你说:‘我要结婚了一样’”那按照天上一天,凡间一年的这样算,荣昊岂不是半个月左右就要下凡
  • 改变自己,从管理情绪开始不对家人发怒火,控制脾气  你有没有经历过这样的时刻:和朋友相处时,你会为了维持关系忍受矛盾,可回到家,父母的一句唠叨却让你大发雷霆;工
  • 可除了刚开始他说想见我到后来那么久没见面他都没再说想见我了,他说是因为工作需要忽略了,可是我却想到了什么,虽然我也想他,但是我克制了,我没说,因为我觉得他好像对
  • 到2025年,基本形成节约资源、保护环境的空间格局、产业结构、生产方式、生活方式,成为黄河流域生态保护示范标杆和高质量发展重要增长极……  从“大明湖时代”迈向
  • ​最近的事情让我想起来了伟哥课程里面的经典开篇话语:Less interests.More interest​少一些功利主义的追求多一些不为什么的坚持​停下来想
  • 致追”星“人今晚追更限定好物 请查收~#月升沧海# 081和33的独家双人剧照收藏画册,含VIP年卡月卡双福利,一起珍藏人间烟火下的每份超标糖分~[星星] 许
  • #支付宝又来集“福”了#从1月18日开始,打开支付宝扫一扫的“AR”扫描生活中任何地方的“福”字,或者参与蚂蚁森林都有机会得到福卡。微博上骗子还没有清理完,QQ
  • 倩碧最著名、最热卖的产品,由皮肤学专家研制的“滋润甘露”它是全世界卖得最快的乳液,平均第2秒钟就有一瓶被售出。他是把书法当作“余事”的, 没有多少以书法名世的念
  • #保个节#————■ 5'国际保险节+保险名家颁典■ 《为爱前行·重塑价值》■ 永达理保经湘菁团队·集体赴礼DAY 01 ◆即将颁奖◆——【保险名家】——出道半
  •   凝心聚力:新发展理念始终贯穿其中  一面是技术新的“比特”一面是能耗高的“瓦特”——如何破解数据中心在数据和能源之间的错配矛盾?来自中国进出口银行的戴世宏代