“ཆོས་ཕུང་སྤྲིན་གྱི་ལུས་ཕྲའི་ཕང་བ་ནས། །
རྒྱལ་བ་གཉིས་པའི་བསྟན་པ་འབྲུག་གི་སྒྲ། །
བཟང་པོའི་བསྐལ་པ་དབྱར་དུས་ཇི་སྲིད་དུ། །
མི་འགྱུར་རྡོ་རྗེའི་དཔལ་དུ་འགྲུབ་གྱུར་ཅིག །”
ཟ་ཧོར་གྱི་བཙུན་པ་༧ ངག་དབང་བློ་བཟང་རྒྱ་མཚོས།

འདི་ནས་བརྩིས་པའི་མི་ལོ་བཞི་བརྒྱ་ལྔ་བཅུའི་མཚམས་སུ་སྐུ་འཁྲུངས་བའི་ཇོ་ནང་པ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་རྩོམ«བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་མ་བཅོས་ལྷུག་པའི་རྟོགས་བརྗོད།»ཞེས་པ་རུ། “ ངེད་ལ་ཆུང་ངུའི་དུས་ནས་ཡུལ་སྤྱོད་ཉིད་ཀྱིས་ཉ་ཕག་སྒོང་གསུམ་དང་སྲོག་ཆགས་སྣ་ཚོགས་པའི་ཤ་ཟོས་པས་དེ་ལྟ་བུའི་ཟས་གྲིབ་ཀྱིས་བསྒྲིབས་པ་ཡིན་ནམ། རིག་པའི་འཇུག་སྒོ་འདི་ལ་དཔག་ན།

…… ཟས་ཀྱིས་སྒྲིབ་རྒྱུ་རང་ཅི་ཡོད་ཤར་བ་སྙམ་མོད། ལར་ནི་རྟེན་འབྲེལ་མཐའ་ཡས་པས་དེ་འདྲ་ཨང་སྲིད་པ་འདུག ”ཅེས་དང་།

གཞན་ཡང་སྔོན་དཔང་ལོ་ཆེན་པོ་སྐུ་ཆུང་ངུའི་དུས་ལུག་གི་འོ་མས་གསོས་པས་རྣམ་དཔྱོད་ཀྱི་ཕྱེད་འགྲིབས་པའི་གཏམ་རྒྱུད་ཀྱང་ཡོད།

ཉེ་རབས་དབང་རྩའི་ཚན་རིག་པ་དག་གི་ལྟ་དགོངས་དང་དཔྱདའབྲས་སོགས་ལས་བྱུང་བ་ལྟར་ན།

ཤ་དང་སྒོང་བ་འོ་མ་གསུམ་ནི་དགག་བྱའི་བཟའ་བཏུང་དུ་བགྲང་འདུག་པ་དང་དེས་མིའི་ལུས་ལ་བསྐྱེད་པའི་གནོད་པ་ནི་གོང་དུ་བཀོད་པ་བཞིན་རང་རེའི་མེས་པོ་གོང་མ་རྣམས་ཀྱིས་མི་ལོ་བཞི་བརྒྱ་ལྔ་བརྒྱའི་གོང་ནས་མྱོང་བ་དང་དཔྱད་པས་ཕུ་ཐག་བཅད་ཟིན་པ་དག་དང་གཅིག་ཏུ་སོང་འདུག་པ་མཐོང་དུས།

བློ་གྲོས་དང་ཤེས་བྱའི་རྩལ་ལ་ཐོགས་པ་མེད་པའི་མེས་པོ་དག་གི་རྣམ་དཔྱོད་དང་འཇོན་ཐང་ལ་ང་རྒྱལ་སྐྱེ་འོང་བ་ཞིག་མ་རེད་དམ།



འགོས་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་དུ།

ལོ་ཙཱ་བ་ཉིད་ཆུང་ངུའི་དུས་ནས་ཤ་མི་བཞེས་པའི་དམ་བཅའ་བཞག་ཅིང་།

སྐུ་ཚེ་གང་བོར་ཤ་མ་བཞེས་ཞེས་གསུངས་འདུག

རྣམ་དཔྱོད་ནི་ཕུལ་དུ་བྱུང་བས།

པཎ་ཆེན་ནགས་རིན་གྱིས་ཀྱང་བོད་ན་འགོས་ལོ་ལྟ་བུའི་ཤེས་རབ་ཅན་ཞིག་མ་མཐོང་གསུངས།

དེར་དཔགས་པས་ཀྱང་རྩི་ཤིང་དང་འབྲུ་རིགས་ཀྱི་བཟའ་བཏུང་ནི་ཆེས་རང་བྱུང་དང་གནོད་མེད་དུ་བསྟན་པ་ངང་གིས་གྲུབ་བོ་སྙམ།



____ རེ་ཀིས།

_______གྲུབ་བརྒྱའི་གཙུག་རྒྱན་མིད་ལ་བཞད་པ་རྡོ་རྗེ་མཁྱེན།


ཨོཾ་ཨཱཿ

གུ་རུ་ཧ་ས་བཛྲ་ཧཱུྃ།
གངས་དང་སྨུག་པས་བཟུང་བའི་རི་སུལ་དུ། །
འཇིགས་མེད་བག་ཡངས་རྒྱུ་ཞིང་འཚོ་བ་ཡི། །
སྲབ་མེད་སེང་ཆེན་མཁའ་ལ་མཆོང་འདྲ་བ། །
འཛམ་གླིང་གྲུབ་པའི་འཁོར་བསྒྱུར་མིད་ལ་རྗེ། །

འཕགས་པའི་ཡུལ་ནས་པཎ་ཆེན་ནཱ་རོ་པས། །
གངས་ལ་ཉི་མ་ཤར་འདྲའི་སྐྱེས་བུ་ཞེས། །
གསུང་གིས་བསྔགས་ཏེ་དབུ་ལྕོག་དུད་པའི་ཡུལ། །
གངས་ཅན་གྲུབ་བརྒྱའི་གཙུག་རྒྱན་མིད་ལ་རྗེ། །

བློ་ལས་འདས་པའི་དཀའ་སྤྱད་སྙིང་རུས་དང་། །
མོས་གུས་ཟབ་མོས་དབེན་པའི་རི་སུལ་ནས། །
སྐུ་ཚེ་ཧྲིལ་པོ་སྒོམ་སྒྲུབ་གནད་ལ་གཞོལ། །
སྒྲུབ་བརྒྱུད་བསྟན་པའི་རྒྱན་གཅིག་མིད་ལ་རྗེ། །

ཆོས་བརྒྱད་འགོང་བོ་རྡོག་པའི་འོག་ཏུ་བརྫིས། །
ལྟོ་གོས་གཏམ་གསུམ་ཆུ་དང་རླུང་ལ་བསྐུར། །
སྐུ་ཚེ་ཧྲིལ་པོ་དབེན་པར་སྒྲུབ་ལ་གཞོལ། །
རྣམ་དག་ཆོས་པའི་གཙུག་རྒྱན་མིད་ལ་མཆོག །

རྗེ་བཙུན་མར་པ་གཏན་གྱི་སྐྱབས་སུ་བཟུང་། །
བཀའ་བཞིན་སྒྲུབ་པའི་མཆོད་པས་རྒྱུན་དུ་མཆོད། །
བྱིན་རླབས་སྟོབས་ཀྱིས་བསྟན་འགྲོའི་དོན་ཆེན་གྲུབ། །
རྣལ་འབྱོར་དབང་ཕྱུག་ཁྱེད་ཉིད་རྗེས་སུ་དྲན། །

གཅིག་པུ་རི་ལ་སྒོམ་པའི་སྒོམ་བསྲན་ཅན། །
སྣང་སྲིད་དཔེ་རུ་ཤར་བའི་རྣལ་འབྱོར་བ། །
རྟོགས་པས་རང་རྒྱུད་གྲོལ་བའི་རས་པ་ཁྱོད། །
ནམ་ཡང་ཡིད་ཀྱི་གཏིང་ནས་དྲན་ཞིང་གུས། །

ཞེས་རྗེ་མིད་ལ་བཞད་པའི་རྡོ་རྗེའི་འདས་མཆོད་ཉིན་སྒོམ་སྡེ་སྦྱིན་པས་དད་གུས་དང་བཅས་སྨྲས་པ་དགེའོ། །


发布     👍 0 举报 写留言 🖊   
✋热门推荐
  • 一线白酒业绩稳定性强,2020年三季度不存在明显高基数效应,因此,2021年第三季度业绩增长仍较为平稳,茅台、五粮液和泸州老窖净利润增速分别为15%/18%/2
  • 当母亲舍不得我远走他乡时,父亲对我说“只要对人类的进步有帮助,能走多远走多远,能飞多高飞多高”。两位老人抱头痛哭……时代发展潮流里的一粒尘埃,落在个人头上就是一
  • 大家只看到当下的、表层的1而部分人是看到未来长达三个月综合考虑各方面深层的123456永远不要内讧自家人甜果子作为当事人肯定比大家委屈千倍百倍甚至做好了要承担大
  • 常态化核酸检测是根据当地疫情防控需求决定的,并非要求所有城市均建立15分钟核酸“采样圈”主要是集中在输入风险较高的省会城市和人口千万级城市;也并非要求所有人群
  • 去年的冬天很长,低温和几年难得一见的骤雪横跨了大半个中国,成功地让我这个已经快将“雪”与冬天的联系给斩断的南方人,再一次忆起那些模糊了前提与后续,却又在雪晴
  • 从这些数字你就可以知道,当时法国这些国家的海军和英国海军的战斗力差了多少,战场上可以说完全是一边倒。但是,在艰苦的面对面的海战当中,荷兰海军那种各自为阵的、散漫
  • 本次大会上,华为云数字人“云笙”能力全面升级,变身“讲解员”为观众详细介绍华为云数字内容生产线MetaStudio全新发布的数字人服务,为客户提供全流程、场景化
  • 大部分品牌都是折后基础上再6-9折 这次我直奔我的目标MICHAEL KORS、Vivienne Westwood和Champion不得不说女孩子过年要买的东西
  • #金辉映[超话]# #宇宙美学金辉映# #金辉映0511生日快乐# 220511【】 生日贺图 Cr.Black__fabulous,imymenine
  • 小说独特答题模式1.分析人物形象:人物形象定位(性格、身份地位)+抓住修饰语逐一举例分析2.评价人物形象:人物形象定位(性格、身份地位)+塑造人物形象的意义3.
  • 所以,果郡王出事后,甄嬛才那么决绝的跟皇帝好,她回宫不仅是为了孩子,也是为了父母。所以,果郡王出事后,甄嬛才那么决绝的跟皇帝好,她回宫不仅是为了孩子,也是为了父
  • 【南阳市召开二季度经济运行调度会】#南阳[超话]# 5月22日,南阳市委书记朱是西在全市二季度经济运行调度会上强调,要强化目标导向、问题导向、结果导向,认真分析
  • 该公司董事长张海民说,在海南自由贸易港政策的推动下,海南将成为水产育种行业种质资源、高新科技、专业人才的聚集地。李书民表示,海南作为“天然温室”十分适宜开展水产
  • #以太坊eth##比特币超话#被称为“币圈茅台”的韩国人创办的露娜币(LUNA)上周市值下跌99.99%,给投资者带来巨大损失,保守估计仅韩国投资者就多达20万
  • 静安区人力资源和社会保障局积极开展集中行动,以线上平台为依托,多措并举,及时有效推进疫情防控状态下,应届高校毕业生就业服务工作……详情见:今天Enzo的黄疸值终
  • 工资的发放形式是“押三付一”也就是说涂女士和同事们2月份的工资要等到5月份才能到手。#春日升学特训营##填坑唐老师# 粉丝投稿:某“大V”硬抄唐老师的内容[允悲
  • 五、医疗医药:这条线已基本确认将启动一波挑战5月份高点的行情,大理药业2板,明天若3板将成为板块龙头,精华制药、盘龙药业等明天则关注绿盘低吸机会(若短期内大盘
  • 没等同学把火拿出来,大爷撒鸭子跑了……#笑话##幽默##内涵段子# 被我笑笑叫起来说去放孔明灯,跑去楼顶放孔明灯想好好和2016告个别,结果和师妹借个火 ,把两
  • 天刚开始是金黄色的我猛一抬头惊奇的发现之后从后面徐徐的展开了彩带~目睹了的出现从浅到深,深的时候完全可以数清楚几种颜色,这种感觉太奇妙了好久没有目睹过彩虹的出现
  • #喵星人[超话]##布偶猫[超话]##喵星人##猫##布偶猫找家[超话]##布偶猫舍[超话]##我爱布偶猫[超话]##大连布偶猫舍##宠物烘焙##宠物零食##猫