བླ་མ་རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ།།
ཕྱག་འཚལ་སྐྱབས་མཆི་བདག་ཅག་སྒོ་གསུམ་གྱིས།།
བྱ་བ་གང་བརྩམ་ཡིད་ལ་སྨོན་པ་ལྟར།།
ལྷུན་གྱིས་འགྲུབ་པའི་རླུང་རྟའི་དངོས་གྲུབ་སྩོལ།།
祝自己心想事成

བརྗེད་དུ་མེད་པའི་མི

------ ཨ་ལགས་ཆོབ་ཚེ།
དྲན་པའི་ལོ་ཟླ་གཉེར་མའི་རྐང་ལམ་དུ།།
​སུ་ཡི་མིག་ལ་རྒས་རྟགས་སྟོན་པ་ནི།།
རྣམ་དག་ནང་གི་ཁ་དོག་འགྱུར་མེད་ལས།།
སྒྱུ་མའི་མེ་ཏོག་སྐྱེས་སུ་འབུལ་བ་མིན།།

ཁྱེད་རང་གློ་བུར་གཤེགས་པའི་ཞོགས་པ་ནས།།
ཉི་འོད་ལས་ཡང་གྲང་རླུང་ལྡན་པ་དང་།།
ཕ་མ་ཡིན་ཡང་རྒྱུས་མེད་སོང་བ་སོགས།།
དུས་བཞི་དགུན་དུ་བྱུང་བའི་གཏམ་རྒྱུད་རིང་།།

ཨ་ཡས་ཟེར་ནས་ལོ་ངོ་ཉེར་ལྔར་འབོད།།
ཨ་མྱེ་ཟེར་ནས་ལོ་ངོ་བཅུ་བཞིར་འབོད།།
འབོད་པའི་སྐད་སང་གཉོམ་པོ་ཆུ་ལ་སྐུར།།
ཆུ་མིག་ཅ་ཅོའི་ངུ་སྐད་སྙིང་ལ་ཟུག།

དོ་ནུབ་ཟླ་འོད་གྲིབ་མས་མ་སྒྲིབ་ཅིང་།།
ཁྱི་ལྡོམ་ཟུག་སྐད་མཐོ་རུ་མ་སོང་མོད།།
ཡུན་རིང་སོང་བའི་སྙིང་ཁྲག་དྲོན་མོ་ཞིག།
ཁ་ནས་མི་སྐྱུགས་གཟེར་རྒོད་བཟོད་མ་བྱུང་།།

འདི་ཕྱི་གནམ་ས་གྱེས་པའི་གདུང་བའི་གཏམ།།
སུ་ལ་གསང་དུ་ཡོད་པ་གཅིག་མཚུངས་ཀྱང་།།
ང་ལ་ཕྱི་ནང་མེད་པས་དམར་རྗེན་དུ།།
ཁྲོམ་ལ་སྟོང་འབོད་ཤོར་བ་དགོངས་དག་ཞུ།།

བོད་རྒྱལ་ལོ་༢༡༥༡-༡-༡༩ཉིན་ཁང་རྙིང་དུ།


འཛམ་གླིང་གི་གནས་ཚུལ་མི་ཤེས་པས་བྱིས་པ་ཚོ་འུར་སྐད་མཐོ་བ་རེད།

མཁས་དབང་ཚུལ་ཁྲིམས་བློ་གྲོས།
ཟིན་བྲིས་པ། མཐུ་སྟོབས་དབང་རྒྱལ་དང་ཆོས་རྗེ།

སྒོམ་རྒྱག་དགོས་པའི་གནད་དོན་གྱི་རྩ་བ་དེ་གང་རེད་ཅེ་ན། སྤྱི་ཚོགས་ཀྱི་ཐོག་ནས་དཔལ་འབྱོར་ཁོ་ན་ལ་བསམ་བློ་བཏང་བཞག་པའི་རྒྱུ་མཚན་གྱིས་མི་རྣམས་ཀྱི་སེམས་ལ་སྡུག་བསྔལ་ཆེན་པོ་ཡོང་བ་དང་། སེམས་སྟོང་པར་གྱུར་ནས་མི་མང་པོ་ཞིག་གིས་མི་ཚེ་ཡི་སྙིང་དོན་ཅི་ཞིག་ཡིན་ཧ་མི་གོ། ཅི་ཞིག་བྱེད་དགོས་མི་ཤེས་པར་མཐའ་མཇུག་ལ་ཉལ་ཐ་འཐེན། འཁྲུལ་སྣང་འདྲ་མིན་སྐྱེ་བྱེད་ཀྱི་དུག་ཟེར་དགོས་ན་འདྲ་སྨན་ཟེར་དགོས་ན་འདྲ་གང་ལྟར་དེ་འདྲ་འཐུང་། སྒོར་མོ་ཅུང་ཙམ་ཡོད་པ་དེས་ཅི་ལས་འདི་ལས་མེད་ནས་ཤོ་རྒྱན་འདྲ་མིན་མང་པོ་སྐུག།མདོར་ན་སྤྱི་ཚོགས་དེ་དེ་འདྲའི་རྙོག་གྲ་ཅན་ཞིག་ཏུ་འགྱུར་འགྲོ་དུས་མི་རྣམས་ཀྱིས་སྒོམ་རྒྱག་རྒྱུ་དྲན་ཡོང་བ་རེད།

དེ་ལ་སྤྱི་ཚོགས་ཀྱི་ཐོག་ནས་འགྱུར་བ་གཏོང་དགོས་རེད་མ་གཏོགས་སྒོམ་རེ་བརྒྱབ་ནས་བསྡད་ན་བཟི་སྨན་འཐུངས་བ་དང་འདྲ་འདྲ་རེད་ཟེར་ནས་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་ཀི། དེ་བདེན་པ་རེད། སྤྱི་ཚོགས་ཀྱི་ཐོག་ནས་འགྱུར་བ་གཏོང་མ་ཐུབ་ན་སྒོམ་ཇི་ཙམ་བརྒྱབ་ཀྱང་དོན་གྱི་ཐོག་ནས་སེམས་ཀྱི་སྡུག་བསྔལ་དང་། སྤྱི་ཚོགས་ཀྱི་རྙོག་གྲ་ཐམས་ཅད་ཇེ་བས་ཇེ་མང་དུ་འགྲོ་ཡི་རེད། དེ་ཡིན་དུས་ནུབ་ཕྱོགས་ཀྱིས་མ་འོངས་པ་ལ་ནང་ཆོས་ཀྱི་ནང་ནས་སྒོམ་དང་མཉམ་དུ་ལྟ་བ་དང་། སྤྱོད་པ་འགའ་ཤས་ག་ལེར་ལེན་ས་ཡོད་ཀི། དེ་བླངས་སོང་ན་ཁོ་རང་ཚོའི་སྤྱི་ཚོགས་དེ་ཡག་པོ་ཡོང་ས་ཡོད་འདུག། །དེས་ན་ལས་རྒྱུ་འབྲས་ཁས་ལེན་མཁན་ཞིག་ཡིན་ན་འདྲ། མི་ལེན་མཁན་ཞིག་ཡིན་ན་འདྲ། ནང་པའི་ཆོས་འདི་ཚེ་ཕྱི་མ་མ་ཟད་ཚེ་འདི་ལའང་ཕན་ཐོགས་ཅན་ཞིག་ཡིན་པ་དེའི་ཐོག་ནས་ཤེས་ཀྱི་རེད།

ཅང་མི་ཤེས་མཁན་ཚོས་ཆོས་ཟེར་བ་དེ་སྤྱི་ཚོགས་ཡར་རྒྱས་མི་འགྲོ་སྤྱད་ཅིག་རེད་ཟེར་ནས་ལུང་མང་པོ་ཞིག་དྲངས་ཁུལ་བྱས་པ་རེད། མ་འོངས་པ་ལ་ཟེར་མི་ཤེས་མོད། འོན་ཀྱང་། ལོ་བཅོ་ལྔ་ཉི་ཤུའི་ནང་ལ་ནུབ་ཕྱོགས་ཟེར་བ་དེ་སྔོན་ཐོན་རེད། དེས་ཀྱང་ཁ་ཚུར་འཁོར་ནས་སྒོམ་ཉམས་ལེན་བྱེད་རྒྱུ་དང་། བྱམས་སྙིང་རྗེ་བསྒོམ་རྒྱུ་དེ་ཚོར་རིན་ཐང་ཡོད་པ་ཧ་གོ་སྟེ་ཆོས་ཀྱི་ནང་ནས་ཕར་བླངས་པ་རེད། རེད་དེ། ཅང་མི་གོ་མཁན་ཚོས་ཆོས་ཟེར་བ་འདི་དགོས་གལ་ཅན་ཞིག་དང་། ཡར་རྒྱས་འགྲོ་བྱེད་ཅིག་ག་ལ་ཡིན་ཏེ། སྡུག་པོ་ཞིག་ཏུ་འདྲུད་བྱེད་ཅིག་ཡིན་སྣང་སྐྱེས་ནས་དེ་ལྟར་ཟེར་གྱིན་ཡོད་པ་རེད། དེ་ཚོས་འཛམ་བུ་གླིང་གི་ལོ་རྒྱུས་དང་གནས་ཚུལ་མ་གོ་དུས་ཐུགས་ཁག་ཡོད་མ་རེད།

དངོས་གཙོ་དང་རིག་གནས་གསར་བརྗེ་མ་གཏོགས་ཅི་ཡང་མ་གོ་བའི་དགེ་རྒན་ཚོས་དེ་ལྟར་ཟེར་འདུག་དུས་དེ་དག་གི་ཁར་བརྒྱུགས་ཏེ་སློབ་མ་ཚོས་ཀྱང་ཡིན་སྣང་སྐྱེས་ནས་ཟེར་འོང་བ་རེད། དེ་ལ་སྤྲོ་རྩ་བ་ཉིད་ནས་ལང་ཉན་མ་རེད། མ་འོངས་པར་དུས་ཚོད་ཅུང་ཙམ་དགོས་རེད་མ་གཏོགས་ཁོང་ཚོས་ག་ལེར་གོ་ཡོང་གི་རེད། སུ་ཞིག་ཡིན་ཡང་ཡར་རྒྱས་འགྲོ་ཡི་རེད། དེ་འོག་ན་བཤད་འདུག །ང་ཚོ་ཚང་མས་དེ་དག་ཧ་གོ་དགོས་རྒྱུ་ཞིག་རེད།

འགྲན་རྩོད་མང་པོ་ཞིག་ཡོད་སྟབས་སེམས་ཀྱི་ཟུག་རྔུ་དང་སྡུག་བསྔལ་མང་པོ་བྱུང་ཞིང་། དེ་བྱུང་དུས་གོང་དུ་བཤད་པ་ལྟར་དེ་དག་སེལ་ཐབས་གཞན་མེད་པར་གོ་ནས་སྒོམ་རྒྱག་རྒྱུ་དེ་དྲན་བཞག་པ་རེད། རང་གཅིག་པུ་ཧ་ལས་པ་ཞིག་ཡིན། གཞན་ཚང་མ་སྡུག་པོ་ཞིག་རེད་ཟེར་ནས་གཞན་ལ་སྐྱོན་བརྗོད་བསྡད་དུས་མགོན་སྐྱབས་ལྷ་སྲུང་རྣམས་ཀྱི་ནུས་པ་ཟད་ནས་སྲུང་མི་ཐུབ་པར་འགྱུར་འགྲོ་ཡི་རེད་ཅེས་གསུངས་པ་རེད།

དེ་ལ་སོགས་པའི་རྒྱུ་རྐྱེན་གྱིས། །
རང་གི་ཕུན་ཚོགས་འཇོམས་པ་ཡི། །
མི་གཙང་རྫིང་བུར་གནས་བཞིན་དུ། །
ལྷ་བརྒྱ་ཀླུ་སྟོང་བོས་ན་ཡང་།།
དྲུང་དུ་འདུ་བ་ཤིན་ཏུ་དཀའ། །
ཞེས་གསུངས་ཏེ།

དེ་ལ་སོགས་པའི་རྒྱུ་རྐྱེན་གྱིས་རང་གི་ཕུན་ཚོགས་གཞོམ་པར་འགྱུར་ཞེས་གསུངས་པ་རེད། དེ་རིང་ཁ་རྩང་གི་སྤྱི་ཚོགས་དེ་རྙོག་གྲ་ཅན་སྡུག་པོ་ཞིག་ཏུ་འགྱུར་འགྲོ་ཡི་ཡོད་རེད། མ་འོངས་པར་ཅུང་ཙམ་ཡར་རྒྱས་འགྲོ་རྒྱུ་ཨེ་ཡོད་མི་ཤེས་མ་གཏོགས་ཧ་ལས་པ་དཀའ་མོར་འགྱུར་གྱི་ཡོད་རེད། ཕྱི་ནས་ཕར་བལྟས་ན་ཧ་ལས་པ་ཡར་རྒྱས་རེད། འོན་ཀྱང་ནང་ནས་རྙོག་གྲ་མང་པོ་བུད་དེ་དཀའ་མོར་འགྱུར་གྱིན་ཡོད་རེད་འཛམ་བུ་གླིང་འདིར་བདེ་འཇགས་ཀྱི་སྣང་བ་ཅུང་ཙམ་ཡང་མེད་པར་འགྱུར་གྱིན་ཡོད་པ་རེད། ང་ཚོས་དེ་འདྲ་ཞིག་ཅང་ཡིན་དོན་ཨེ་ཡོད་ཟེར་ན། སྤྱི་ཚོགས་ཀྱི་གནས་ཚུལ་མ་གོ་བའི་རྒྱུ་མཚན་གྱིས་རེད། དེ་གོ་འོང་དུས་མཐའ་མཇུག་ལ་ངོ་མ་སྙིང་པོ་ཅན་ཞིག་ཡོད་ན་ཆོས་རེད་མ་གཏོགས་དེ་ལས་གཞན་ཅི་ཡང་མི་འདུག་བསམ་རྒྱུའི་ངེས་པ་རྙེད་ཡོང་གི་རེད།

དེ་ཡན་ཆད་ལ་ཡར་རྒྱས་འགྲོ་རྒྱུ་མེད་ས། འདིའི་ནང་ལ་མེད་ན་བདེ་བ་ཅན་འདྲ་ལ་ཡོད་ན་མ་གཏོགས་ས་གོ་ལའི་ཐོག་ལ་འདི་ལས་ལྷག་མེད་པ་དེ་དག་ལ་ལྟ་འོང་དུས་རྙོག་གྲ་དག་དག་རེད། འོན་ཀྱང་ཕྱོགས་ཁ་ཤས་ནས་བཤད་ན་ཡག་པོ་ཡོད་རེད། ཆ་ཚང་སྡུག་པོ་དག་དག་རེད་ཟེར་ན་དེའི་མིང་ལ་སྐྱོ་སྣང་རིང་ལུགས་པ་ཟེར་གྱི་རེད། དེ་ཡང་འགྲེལ་བཤད་རྒྱག་ལུགས་ཕྱིན་ཅི་ལོག་པ་ཞིག་རེད། ཡིན་ཡང་རྙོག་གྲ་ཧ་ལས་པ་མང་པོ་རེད། དེ་ཡིན་དུས་མཐའ་མཇུག་ལ་རང་རང་གིས་ཆོས་བསྒྲུབས་ནས་སེམས་ཀྱི་ཐོག་ནས་ཡར་རྒྱས་རེ་འགྲོ་ཨེ་ཐུབ་བལྟས་ན་སྙིང་པོ་ངོ་མ་དེ་རེད་མ་གཏོགས་མི་འདུག་བསམ་རྒྱུའི་ངེས་པ་རྙེད་ཡོང་གི་རེད།

སྤྱི་ཚོགས་ཀྱི་གཏིང་ཟབ་མོ་ཞིག་མ་གོ་ན་དེ་འདྲ་བསམ་ཡོང་གི་རེད་མ་གཏོགས་གཏིང་ངོ་མ་གོ་ན་དེ་འདྲ་རེད། མི་སྐྱ་ཕོ་མོ་ཚོས་ལ་ཁའི་རི་དྭགས་དང་། ལུང་ཁོག་གི་སྒོ་ཟོག་བསད་པ་ལ་སོགས་པའི་མི་དགེ་བ་མང་པོ་བསྒྲུབས་ནས་ལྷ་འབོད་ཀླུ་འབོད་མང་པོ་ཞིག་བྱེད་ཁུལ་བྱེད་ཀྱི་རེད། འོན་ཀྱང་། མི་གཙང་གི་རྫིང་བུར་གནས་བཞིན་དུ་ལྷ་ཚོ་འདིར་ཚུར་ཤོག་ཅེས་འབོད་པ་དང་མཚུངས་པས་དྲུང་དུ་འདུ་ཡི་མ་རེད་ཅེས་གསུངས་པ་རེད།


发布     👍 0 举报 写留言 🖊   
✋热门推荐
  • #让宝贝回家[超话]# 约1990年8月在陕西省西安市某医院出生当天被送养到山东省菏泽市单县的赵晴寻亲622007(血型A,现高167cm,自然卷,一个头旋,无
  • #瑞文标准智力测试# —— 在这至关重要的三年里,家长和孩子在这个阶段要共同努力,那家长如何做才能成为一名优秀的高中生家长呢?#瑞文标准智力测试# —— 在这至
  • 今年年初,坊间就有传闻称,陈巍在北京奔驰的5年任期已满,参照其前任陈宏良及前前任蔡速平的职业路线,陈巍今年或进入北汽集团,或在北京股份内部得到提拔。”此次卸任的
  • 年轻人“躺平”的原因是努不努力,结果都一样!他会在某个时间节点上遗憾留下来的是欧文,而不是一个腿筋更加健康的哈登吗?
  • 主演靳东说:“我与这部剧的主创团队期待通过一个个充满温情的故事,能够与观众共同成长,并肩奋进,努力成长为‘中国精神’的承载者和传播者、‘时代精神’的创造者和普及
  • 可现在你得不到的好像也没有办法好好释怀,不管是转发书评,对线读者,又或是豆瓣的五星好评,以及设置的权限词…或许我看到的方面也有局限,也有不对之处,难过不解了整整
  • #落实“六稳”“六保”典型案例# | ​​新疆伊宁打好“湿地保卫战” 5年恢复重建湿地超千亩一只白鹭飞快地从河面掠过,几只野鸭悠闲地在水上嬉戏,不远处几位大妈
  • 很多一见钟情、几个优秀男人同时喜欢女一号的剧 情,她的脸摆这儿,就相对更有说服力。 而是身为观众,可惜她有这样一张脸,却没有清晰 的职业规划,也没有清晰的自我
  • 适合全家老少一起看[哈哈][哈哈][哈哈]期待肖战的《玉骨遥》《梦中的那片海》肖战平安喜乐 肖战顺顺利利 肖战星途璀璨 肖战正能量艺人 肖战红红火火 [爱你]
  • 近两个月叫外卖的次数屈指可数,不是自己做就是尝试各种值得囤货的速食~烹烹袋又出新品了❤️之前吃过它家的意面,这次尝尝葱油拌面和肉燥油泼面!我本身就喜欢这口~没想
  • 这座沉浸式的街区商业据说是#双塔# 的plus版本,3000平方米的“海市山塘”呈现的是一座垂直街区,三个楼层加上露天顶楼引入了不同业态,将传统姑苏文化、山塘市
  • 今天下午一直哭一直哭要喘不过气了我犯了一个大错我觉得好对不起二狗我表弟一直是一个好吃懒做的人但是他以前对我真的真的很好小时候我干活他会来帮我然后家里人说我他也会
  • 当你用心品时,茶叶绽放出的美丽和茶香各不相同,愿每个爱茶的人,在纷繁的世相中不会迷失方向,可以端坐在磐石上,陶醉于茶香中。#茶道[超话]##品酒悟人生[超话]#
  • ”不得不说,老徐真是一个敢爱敢恨、敢作敢当、特立独行的才女,虽然人长得不是特别漂亮,也不是特别性感,看起来倒像是踏实过日子的女人,喜欢她的男人也是多的很,王学兵
  • 3、好心境是自己创造的我们常常无法去改变别人的看法,能改变的恰恰只有我们自己。6、不要追逐世俗的荣誉终生寻找所谓别人认可的东西,会永远痛失自己的快乐和幸福。
  • 就拿曼托假体系列举例:你做的是曼托225cc的假体要5w,而别人做的是曼托250cc只需要2w,明明你做的假体更小,为什么更贵?乐山毒药是酒水盲盒,里面是梅酒,
  • 儿童节限定插队放图#阳光信用[超话]##阳光信用# #每日一善# 好好生活,用力去爱 即使遇到悲伤挫折也不要沮丧 这世界总有不期而遇的温暖 和生生不息的希望 永
  • 当初怪我多一点吧,我自私、冷漠、不肯后退一步来挽留你来承认错误、不肯先说一句话…… 今天你给我发消息,我编辑文字的时候,泪如雨下,你是我大学里唯一的遗憾,
  • また、第2話で杏花とお見合いした瀬川(シソンヌ)・じろう)が、「63…彼女で63人目です…」と話す姿や、スーツでビシッと決めた颯が「俺は何事も諦めが悪いからね…
  • 这个天气、我晕 我要开始放假回家/来例假的时候 你给我大太阳一滴雨都不下[可爱] 我回到学校要开始跑步减脂的时候 你给我连续十天都有雨[可爱] 而且是早上不下雨