དགུན་ཟད་དཔྱིད་མགོའི་བར་ནས། །
ཁ་བས་མང་བོ་འུར་སོང་། །
ལུས་སེམས་གྲང་ཐེངས་མང་བས། །
ད་ནི་ཁྱོད་ལ་སུན་སོང་། །

ཁ་བའི་མཆེ་སྡེར་མངོན་མེད། །
ཉམས་ཆུང་སྲོག་ལ་འཐིམ་སོང་། །
ཁ་བ་ཉིན་འབབ་མཚན་འབབ། །
བཞུད་མཁན་རྡོག་སྣེ་བཀག་སོང་། །

ཁ་བ་འབབ་ཐེངས་མང་བས། །
ས་གཞིས་མ་ཐེག་ངུས་བྱུང་། །
ནམ་མཁའི་སྐར་མ་ཡིན་ཡང་། །
ཁོག་འདར་རྒྱག་དགོའ་བྱུང་འདུག །

རི་ལམ་རྟ་བས་མ་ཆོད། །
ལམ་ཆེན་འཕྲུལ་གྱིས་མ་ཆོད། །
འདི་ལྟར་འདུག་དགོས་བྱུང་ན། །
སུན་ནས་ཡོང་ས་མ་རེད། །



བོད་དུང་དེས།

ཀྱེཿདུས་གསུམ་སངས་རྒྱས་ཐམསཅད་ཀྱི།
ཕྲིན་ལས་རྒྱལ་ཡུམ་སྒྲོལ་མ་ཡི།
བྱིན་བརླབས་ཐུགས་རྗེའི་ནུས་སྟོབས་ཀྱིས།
ཕྱྭ་གཡང་ཐམས་ཅད་འདི་རུ་ཁུག
སྟེང་ཕྱོགས་ལྷ་ཡི་འཇིག་རྟེན་དང་།
འོག་ཕྱོགས་ཀླུ་དང་བར་གྱི་གཉན།
བསོད་ནམས་ལོངས་སྤྱོད་ཕྱྭ་གཡང་རྣམས།
རྗེ་བཙུན་སྒྲོལ་མའི་ཐུགས་རྗེས་ཁུག
བདག་གི་ཚེ་དཔལ་འབྱོར་བའི་ཚོགས།
ཟླ་བ་གོང་འཕེལ་ཇི་བཞིན་གྱུར།
འཕྲལ་ཡུན་ཕོངས་རྒུད་ཀུན་བྲལ་ནས།
བཀྲ་ཤིས་དགེ་ཞིང་དོན་འགྲུབ་ཤོག།


འདི་ནས་བརྩིས་པའི་མི་ལོ་བཞི་བརྒྱ་ལྔ་བཅུའི་མཚམས་སུ་སྐུ་འཁྲུངས་བའི་ཇོ་ནང་པ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་རྩོམ«བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་མ་བཅོས་ལྷུག་པའི་རྟོགས་བརྗོད།»ཞེས་པ་རུ། “ ངེད་ལ་ཆུང་ངུའི་དུས་ནས་ཡུལ་སྤྱོད་ཉིད་ཀྱིས་ཉ་ཕག་སྒོང་གསུམ་དང་སྲོག་ཆགས་སྣ་ཚོགས་པའི་ཤ་ཟོས་པས་དེ་ལྟ་བུའི་ཟས་གྲིབ་ཀྱིས་བསྒྲིབས་པ་ཡིན་ནམ། རིག་པའི་འཇུག་སྒོ་འདི་ལ་དཔག་ན།

…… ཟས་ཀྱིས་སྒྲིབ་རྒྱུ་རང་ཅི་ཡོད་ཤར་བ་སྙམ་མོད། ལར་ནི་རྟེན་འབྲེལ་མཐའ་ཡས་པས་དེ་འདྲ་ཨང་སྲིད་པ་འདུག ”ཅེས་དང་།

གཞན་ཡང་སྔོན་དཔང་ལོ་ཆེན་པོ་སྐུ་ཆུང་ངུའི་དུས་ལུག་གི་འོ་མས་གསོས་པས་རྣམ་དཔྱོད་ཀྱི་ཕྱེད་འགྲིབས་པའི་གཏམ་རྒྱུད་ཀྱང་ཡོད།

ཉེ་རབས་དབང་རྩའི་ཚན་རིག་པ་དག་གི་ལྟ་དགོངས་དང་དཔྱདའབྲས་སོགས་ལས་བྱུང་བ་ལྟར་ན།

ཤ་དང་སྒོང་བ་འོ་མ་གསུམ་ནི་དགག་བྱའི་བཟའ་བཏུང་དུ་བགྲང་འདུག་པ་དང་དེས་མིའི་ལུས་ལ་བསྐྱེད་པའི་གནོད་པ་ནི་གོང་དུ་བཀོད་པ་བཞིན་རང་རེའི་མེས་པོ་གོང་མ་རྣམས་ཀྱིས་མི་ལོ་བཞི་བརྒྱ་ལྔ་བརྒྱའི་གོང་ནས་མྱོང་བ་དང་དཔྱད་པས་ཕུ་ཐག་བཅད་ཟིན་པ་དག་དང་གཅིག་ཏུ་སོང་འདུག་པ་མཐོང་དུས།

བློ་གྲོས་དང་ཤེས་བྱའི་རྩལ་ལ་ཐོགས་པ་མེད་པའི་མེས་པོ་དག་གི་རྣམ་དཔྱོད་དང་འཇོན་ཐང་ལ་ང་རྒྱལ་སྐྱེ་འོང་བ་ཞིག་མ་རེད་དམ།



འགོས་ལོ་གཞོན་ནུ་དཔལ་གྱི་རྣམ་ཐར་དུ།

ལོ་ཙཱ་བ་ཉིད་ཆུང་ངུའི་དུས་ནས་ཤ་མི་བཞེས་པའི་དམ་བཅའ་བཞག་ཅིང་།

སྐུ་ཚེ་གང་བོར་ཤ་མ་བཞེས་ཞེས་གསུངས་འདུག

རྣམ་དཔྱོད་ནི་ཕུལ་དུ་བྱུང་བས།

པཎ་ཆེན་ནགས་རིན་གྱིས་ཀྱང་བོད་ན་འགོས་ལོ་ལྟ་བུའི་ཤེས་རབ་ཅན་ཞིག་མ་མཐོང་གསུངས།

དེར་དཔགས་པས་ཀྱང་རྩི་ཤིང་དང་འབྲུ་རིགས་ཀྱི་བཟའ་བཏུང་ནི་ཆེས་རང་བྱུང་དང་གནོད་མེད་དུ་བསྟན་པ་ངང་གིས་གྲུབ་བོ་སྙམ།



____ རེ་ཀིས།


发布     👍 0 举报 写留言 🖊   
✋热门推荐
  • 豆哥很用心的准备七夕的礼物,可能会比我还要细心,是有感动到,因为他的用心,因为他的温柔,没想过自己会被这样爱护。你要相信,这个世界运气是守恒的,你现在所受的苦最
  • 现将5名密切接触者在区的主要活动轨迹通告如下:据流行病学调查,密切接触者21的主要活动轨迹为:3月5日,10:40-13:00由西安火车站乘C184次列车(2车
  • 同时我的心也跟着坠下来了!就在刚才,我看转发里,那个人又出现了,不仅转了我的微博,还抱怨说:你烦死了能不能别老写小作文了?
  • 长乐区新型冠状病毒感染肺炎防控工作应急指挥部2022年3月22日#南京工作[超话]# 电销团队扩招,南京江北新区星火路附近,近地铁,公司环境好,高提成【工作内容
  • 连续“20CM”涨停板!公司股价三天大涨72.76%,顶级游资现身龙虎榜
  • 他们被质疑“整容脸”到底冤不冤,知道真相的我眼泪流下来…他们被质疑“整容脸”到底冤不冤,知道真相的我眼泪流下来…5,张新成张新成的长相确实太绝了,第一眼见到张新
  • 如果真的有一天,某个回不来的人消失了,某个离不开的人离开了,也没关系。时间真的很好,让痛的不再痛了,让放不下的放下了。
  • 不知道过了多久,终于结束了,她一直在和我说感谢,临走前,我不知道突然就蹦出来一句“希望你要快乐的生活”她突然笑了,凑近窗口,“让我看看你的工牌好吗”转后,很温柔
  • #碳中和##碳达峰##碳中和碳达峰##双碳目标##碳市场# 【欧盟碳边境税达成一致,碳市场将纳七行业】碳中和产业情报第15期(3月16日)采集碳中和产业最新情报
  • 不过是一群穿了白衣的孩子在我前面遮风挡雨,把安宁留给了我三月初的时候做了一场很轻盈的梦,梦中的一切套着岩井俊二 的朦胧模糊的浅粉色滤镜,我和妈妈在两边种满盛开
  • 新疆男篮这边算是亏大了,错失了周琦又放走了冯傲,这两位球员都是国内难得一遇的天才球员,冯傲更是只有15岁。最近几年国内也有不少土生土长的混血球员,像北京首钢的邱
  • 我不说万事胜意这种太官方的话,我愿你在这里好友永远相随身边,快乐依旧无际无天,然后获得自己想要的成绩,有更多展示自己的舞台,乐乐加油!#韩家乐[超话]#❤️#2
  • (素材均来自网络侵权删)#任嘉伦[超话]#[打call]#任嘉伦唱如一梦回周生如故# [打call]#任嘉伦周生辰破次元同框# [打call]#爱仕达品牌代言人
  • 但是如果输入大量O型血,同样可能发生严重的输血反应;另一方面,除了ABO血型之外,还有Rh血型等具有重要临床意义的红细胞血型系统,就像前面提到的,急诊室里备的并
  • 我现在都好生气,之前看恐怖片气的想抓鬼,看了这种邪jiao片,气得我想杀人[裂开]正义使者了属于是,如果能修仙,我应该是斩妖除魔那个部门的她这个老公,更无语,谈
  • 但莅阳更明白谢玉是一个什么样的人,日夜与豺狼相伴,即便随着时间的流逝,她对谢玉的恨意渐薄,但也不会对谢玉托付真心。这也说明了直到此时,莅阳对谢玉还是心怀恨意的。
  • #猜芯游戏#挽回的开端,首先要学会定下目标,不管你是变美还是想减肥,这些都需要有推动力,挽回他的心,让他对你另眼相看就是最大的推动力,如果没有一个目标,你的动力
  • 08陶白白说:双子座是一个极喜欢逃避的人陶白白说:双子座不需要被理解,而是需要被包容陶白白说:双子的专一,来自于满足感与幸福感所产生的自驱力陶白白说:“双子的专
  • 结账的小姐姐还跟我说她养了两个plants 其中有一个浇水太多就die了[喵喵] 所以我决定把小兰托付给Fq)✨回家的时候 Fq帮我热了可乐 嘻嘻嘻(虽然今天不
  • ·重庆华美:张国强张老师是华美的双眼皮招牌老师,双眼皮和隆鼻手素都是比较擅长的,做双眼皮的宽度比较自然,个人定制眼综合的银子一般在25000+。重庆医院老师攻略